བོད་ཡིག་ཡིག་གཟུགས་ཀྱི་རྒྱུན་འཛིན་དང་དར་སྤེལ་གླེང་བ་ཁག་བཞི་བ།

2019-04-28

༄༅༎བོད་ཡིག་ཡིག་གཟུགས་ཀྱི་རྒྱུན་འཛིན་དང་དར་སྤེལ་གླེང་བ།

འཆད་ཁྲིད་མཁན། དོན་གྲུབ་ཚེ་རིང་།

《论藏文书法的传承和发展》

主讲人:东主才让






       དགེ་རྒན་ཆེན་མོ་དོན་གྲུབ་ཚེ་རིང་ལགས་ཀྱི་ངོ་སྤྲོད་མདོར་བསྡུས།   དོན་གྲུབ་ཚེ་རིང་།༡༩༦༨ལོར་མདོ་སྨད་གསེར་ཆེན་རྫོང་ནས་སྐྱེས་ཤིང་། ༡༩༩༠ལོར་ནུབ་བྱང་མི་རིགས་སློབ་གྲྭ་ཆེན་མོའི་བོད་སྐད་ཡིག་རིག་གནས་སློབ་གླིང་ནས་སློབ་མཐར་ཕྱིན་ཞིང་། ད་ལྟ་མཚོ་སྔོན་དགེ་འོས་སློབ་ཆེན་མི་རིགས་དགེ་ཐོན་སློབ་གླིང་གི་བོད་ཀྱི་རྩོམ་རིག་གི་དགེ་རྒན་ཆེན་མོ་དང་། མི་རིགས་དགེ་ཐོན་སློབ་གླིང་གི་རིག་དེབ་རྩོམ་སྒྲིག་ཁང་གི་ཀྲུའུ་རིན་གཞོན་པའི་འགན་བཞེས་བཞིན་ཡོད། ཁོང་གིས་མི་ལོ་༢༠རིང་ལ་དཔེ་ཁྲིད་ཀྱི་རྒྱུན་སྤེལ་ཞིང་། སློབ་ཁྲིད་ཀྱི་བསླབ་ཚན་གཙོ་བོ་ལ《བོད་ཀྱི་རྩོམ་རིག་ལོ་རྒྱུས》 《སྙན་ངག་མེ་ལོང་མ》 《རྩོམ་རིག་གཞུང་ལུགས》 《བོད་ཀྱི་དེང་རབས་རྩོམ་རིག》 《བོད་ཀྱི་ཡིག་གཟུགས》 སོགས་ཡོད། མིག་སྔར་《བོད་ཀྱི་རྩོམ་རིག་ལོ་རྒྱུས》《རྨོག་རུའི་ལོ་རྒྱུས་མདོར་བསྡུས 》 《སློབ་ཆེན་བོད་ཡིག》སོགས་བརྩམས་ཆོས་ལྔ་ལྷག་དཔེ་སྐྲུན་བྱས་ཡོད་ཅིང་། རིག་གཞུང་དཔྱད་རྩོམ་༢༠ལྷག་དང་། རྩོམ་རིག་བརྩམས་ཆོས་༢༠༠ལྷག་དུས་དེབ་སྟེང་དུ་སྤེལ་ཡོད། སྔ་རྗེས་སུ་“མཚོ་སྔོན་དགེ་ཐོན་སློབ་ཆེན་ན་གཞོན་དགེ་རྒན་གྱི་སློབ་ཁྲིད་བྱ་དགའ་ཨང་དང་པོ”སོགས་ཀྱི་གཟེངས་རྟགས་མང་པོ་ཐོབ་ཡོད། ༡༩༩༤ལོར་ཁོང་གིས་བོད་ཀྱི་ཡིག་མཁན་ཆེན་མོ་ཅོག་གྲ་ངག་དབང་བསྟན་འཛིན་ལགས་དགེ་རྒན་དུ་བསྟེན་ནས་བོད་ཀྱི་སྲོལ་རྒྱུན་གྱི་ཡིག་གཟུགས་ལ་སློབ་སྦྱོང་ཟབ་མོ་བྱས་ཤིང་། ༡༩༩༥ལོ་ནས་བཟུང་《བོད་ཀྱི་ཡིག་གཟུགས》ཀྱི་སློབ་ཁྲིད་སྤེལ་ཞིང་། སྔ་རྗེས་སུ་རྣམ་པ་མང་པོའི་ལམ་ནས་མི༢༣༠༠ལྷག་ལ་ཡིག་གཟུགས་ཀྱི་སློབ་ཁྲིད་བྱས་ཤིང་ཡིག་མཁན་སྐྱེད་སྲིང་བྱས། ད་ལྟ་ཀྲུང་གོའི་གྲངས་ཉུང་མི་རིགས་རྩོམ་པ་པོའི་མཐུན་ཚོགས་དང་མཚོ་སྔོན་ཞིང་ཆེན་གྱི་རྩོམ་པ་པོའི་མཐུན་ཚོགས། མཚོ་སྔོན་ཞིང་ཆེན་ཡིག་གཟུགས་པའི་མཐུན་ཚོགས། མཚོ་སྔོན་ཞིང་ཆེན་བོད་ཀྱི་ཡིག་གཟུགས་རྒྱུན་འཛིན་དང་དར་སྤེལ་ཞིབ་འཇུག་ཚོགས་པའི་ལས་འཛིན་མགོ་གཙོ་བཅས་ཀྱི་འགན་བཞེས་ཡོད།


རྩོམ་སྒྲིག་པ།   ཤ་བོ་རིན་ཆེན།

འཕྲུལ་བཟོ།    ཆོས་སྐྱོང་།   

རྩོམ་སྒྲིག་འགན་ཁུར་བ། ཤ་བོ་རིན་ཆེན



阅读 255
分享
写下你的评论吧