ཨ་འགྲིག་ཆ་འགྲིག མ་འགྲིག་རང་འགྲིག
བོད་ཀྱི་གཉེན་སྒྲིག་ལུགས་སྲོལ་དུས་རབས་གསར་བར་སྐྱོད་པའི་སྐབས་དང་བསྟུན་གསར་དུ་བྱུང་བའི་གཉེན་སྒྲིག་མཚོན་རྟགས་རི་མོ་ངོ་སྤྲོད།
གསར་གཏོད་མཁན། ཕུར་བུ་ཚེ་རིང་།
ཉེ་ལམ་སྐད་འཕྲིན་དྲ་ལམ་ན་བརྒྱུད་སྐུར་བྱེད་བའི་པའི་ཚུར་ལེན་མཛའ་མཐུན་རིང་མོ་ཞེས་པའི་པར་ཞིག་བརྒྱུད་སྐུར་བྱེད་བཞིན་པ་ཆེད་དུ་རྩོམ་པ་པོར་འབྲེལ་གཏུག་བྱས་ནས་པར་རིས་ཀྱི་མཚོན་དོན་དང་ཁོང་རྩོམ་པ་པོའི་གནས་ཚུལ་ངོ་སྤྲོད་བཅས་བཀོད་ཡོད་པ་གཤམ་ལྟར།
གོང་གསལ་རི་མོ་གསར་གཏོད་པ་ཕུར་བུ་ཚེ་རིང་མཚམས་སྦྱོར་མདོར་བསྡུས།
སྐྱེས་མིང་ཕུར་བུ་ཚེ་རིང་། 1974 ལོར་ཕ་ཡུལ་ལུང་བཟང་རུ་སྐྱེས། པན་ཆེན་སྐུ་འཕྲེང་དགུ་བའི་གཟིམས་ཆུང་བདག་གཉེར་བ་དགེ་རྒན་བཤད་སྒྲུབ་ཡར་འཕེལ་གྱི་ལུང་བསྟན་བཞིན་ཆོས་བཙུན་པ་བྱས། ཆོས་མིང་འཇམ་དབྱངས་ཡོན་ཏན་ཟེར། དགའ་ཕྱོགས་སྒྱུ་རྩལ་རི་མོ་སོགས། ད་ལྟ་འགག་ལ་དགའ་ལྡན་ཕུན་ཚོགས་བཤད་སྒྲུབ་དར་རྒྱས་གླིང་ནས་སློབ་གཉེར་བྱེད་བཞིན་མཁན་མིང་ཙམ་དང་། ཕ་མའི་བཀའ་དྲིན་རྗེས་དྲན་ཚོགས་པའི་འགན་འཛིན་སོགས་གང་ནུས་སྤྱི་ཚོགས་ཡར་སྐུལ་དང་དགེ་ལས་གང་ཤེས་རེ་བསྒྲུབ་བཞིན་པའོ།།