བློ་བཟང་པད་མ།

ཆུ་སྐྱེས་གཞོན་ནུ།
2017-06-07

      བློ་བཟང་པད་མའམ་པད་མསྨྱུག་མིང་ལ་ཆུ་སྐྱེས་གཞོན་ནུ་རུ་འབོད་པའི་བྲིས་མ་ནི་༡༩༨༡ལོར་ལྷོ་ཁ་འཕྱོངས་རྒྱས་སུ་ལྟེ་ཁྲག་འཕོས། རང་ལོ་༧ནས་སློབ་གྲྭར་བསྐྱོད་ཅིང་༡༩༩༩ལོར་དམག་ཞབས་བྱས། ༢༠༠༢ལོར་དངོས་སུ་ལས་ཀར་བཞུགས་པ་དང་སློབ་འབྲིང་དུས་ནས་བོད་སྐད་ཡིག་ལ་སློབ་སྦྱོང་བྱེད་རྒྱུར་དགའ་བ་དང་སློབ་གྲྭའི་ཡིག་གཟུགས་བྱེད་སྒོ་དང་རྩོམ་ཡིག་འགྲན་བསྡུར་སོགས་བྱེད་སྒོར་བཞུགས་མྱོང་ལ་རྩོམ་ཡིག་ཁག་གཉིས་ཙམ་ལྷོ་ཁའི་ཚགས་པར་ཐོག་ཏུ་འཁོད་ཡོད།    ལོ་འགའི་ནང་ཡིག་གཟུགས་ལ་རང་སྦྱོང་བྱས་ལ།  སྤྱི་ལོ་༢༠༡༦ལོའི་ཟླ་བ་བཞི་པར་ལྗོངས་དཔེ་མཛོད་ཁང་དང་ལྷོ་ཁ་ཨེ་པ་ཚང་རིག་གནས་ཁྱབ་སྤེལ་ཚད་ཡོད་ཀུང་སིས་མཉམ་གཉེར་བྱས་པའི་སྐབས་དང་པོའི་ལྷོ་ཁའི་དར་མའི་གཞུང་བྲིས་ཡིག་གཟུགས་འཛིན་གྲྭར་བཞུགས་ནས་ལྷོ་ཁའི་ཡིག་མཁན་ཆེན་མོ་འཇུ་ཡེ་ཤེས་ཚུལ་ཁྲིམས་ལགས་ཀྱི་ྐུ་མདུན་ནས་གཞུང་བྲིས་ཡིག་གཟུགས་ལ་སྦྱང་བ་བྱས།

        སྤྱི་ལོ་༢༠༡༥ལོར་ལྷོ་ཁ་སྣེ་གདོང་ཆུས་ཀྱི་དགོན་སྡེར་བཅའ་སྡོད་ལས་དོན་ཚོ་ཆུང་གི་ཡིག་གཟུགས་འགྲན་བསྡུར་ནང་བྱ་དགའ་རིམ་པ་གཉིས་པ་ཐོབ་པ་དང་༢༠༡༦ལོར་ལྷོ་ཁ་སྣེ་གདོང་ཆུས་ཀྱི་རྒྱལ་ཁབ་དབུ་བརྙེས་པའི་བྱེད་སྒོའི་ནང་ཡིག་གཟུགས་ཀྱི་བྱ་དགའ་རིམ་པ་དང་པོ་ཐོབ། ༢༠༡༧ལོར་བོད་ལྗོངས་རྩོམ་རིག་སྒྱུ་རྩལ་ལྷན་ཚོགས་དང་ལྗོངས་ཚངས་དབྱངས་རྒྱ་མཚོའི་རིག་གནས་མཐུན་ཚོགས་ཀྱིས་མཉམ་གཉེར་བྱས་པའི་སྐབས་དང་པོའི་བོད་ལྗོངས་ཚངས་དབྱངས་རྒྱ་མཚོའི་རིག་གནས་དུས་ཆེན་གྱི་ཡིག་གཟུགས་འགྲན་བསྡུར་ནང་བྱ་དགའ་རིམ་པ་གཉིས་པ་ཐོབ། ༢༠༡༧ལོར་ལྗོངས་དཔེ་མཛོད་ཁང་དང་ལྷོ་ཁའི་ཨེ་པ་ཚང་རིག་གནས་ཁྱབ་སྤེལ་ཚད་ཡོད་ཀུང་སིས་མཉམ་གཉེར་བྱས་པའི་དར་མའི་ཡིག་གཟུགས་འཛིན་གྲྭའི་ཕུལ་བྱུང་སློབ་མར་འདེམས་ཐོན་བྱུང་པ་བཅས་ཡིག་གཟུགས་རིག་གནས་ལ་མུ་མཐུད་འབད་པ་བྱེད་ཅིང་མཆིས།

དང་པོ། ཁོ་མོའི་ཡིག་གཟུགས་བརྩམས་ཆོས་སྐོར།















































































གཉིས་པ། ཡིག་གཟུགས་ཐད་ནས་ཐོབ་པའི་བྱ་དགའ།













གསུམ་པ། ཁོ་མོ་ཡིག་གཟུགས་བྱེད་སྒོ་སྣ་ཚོགས་ལ་ཞུགས་བཞིན་པ།



བྱ་བའི་བར་གསེང་ནས་ཡིག་གཟུགས་ལ་སློབ་སྦྱོང་བྱེད་བཞིན་པ།


ས་གནས་ཀྱི་ཡིག་གཟུགས་བྱེད་སྒོའི་ཁྲོད་དུ་ཞུགས་པའི་པའི་ཁོ་མོ།



བོད་ལྗོངས་ཚངས་དབྱངས་རྒྱ་མཚོའི་རིག་གནས་དུས་ཆེན་སྐབས་བྱ་དགའ་ལེན་བཞིན་པ།



སློབ་མ་རྣམས་ལ་ཡིག་གཟུགས་སློབ་ཁྲིད་གནང་བཞིན་པ།

阅读 1887
分享
写下你的评论吧