ལི་ཐང་བཀའ་བསྟན་གྱི་པར།

དཔའ་རིས་སངས་རྒྱས།
2017-07-20

       ལི་ཐང་པར་ནི།སྤྱི་ལོ་དུས་རབས་བཅུ་བདུན་པའི་སྟོད་ཀྱི་ཆར།འཇང་ས་ཐམ་རྒྱལ་བོས་བདག་རྐྱེན་སྦྱར་བར་བརྟེན།ཀརྨ་ཆོས་དབྱིངས་རྡོ་རྗེས་དབུ་འཛིན་མཛད།ཚལ་བའི་བཀའ་འགྱུར་ཕྱི་མོར་བགྱིས་ཏེ།དཔར་མ་དང་བྲིས་མ་གཞན་དག་དང་གོ་བསྡུར་ཞིང་ཞུ་དག་མཛད་ནས།ད་ལྟའི་ཡུན་ནན་ཞིང་ཆེན་དུ་གཏོགས་པའི་འབྲོང་སྡེའམ་འཇང་ས་ཐམ་བྱ་བར་བཞེངས།པོ་ཏི་བརྒྱ་དང་བརྒྱད་ཡོད།བཀའ་འགྱུར་མཚལ་དཔར་མ་ཆ་ཚང་ཞིག་འཇང་ས་ཐམ་རྒྱལ་བོ་བསོད་ནམས་རབ་བརྟན་གྱིས་ལྷ་སའི་གཙུག་ལག་ཁང་དུ་ཕུལ་བ་ད་ལྟའང་ཡོད་སྐད།ཤིང་པར་དེ་བཞེངས་ཐོག་ཟིང་འཁྲུག་འོང་བར་དོགས་ནས་ལི་ཐང་དགོན་ཆེན་དུ་དྲངས་པས།ལི་ཐང་པར་དུ་གྲགས་སོ།ཤིང་པར་འདི་རྣམས་སྤྱི་ལོ༡༩༠༨པར།དུས་འཁྲུག་གིས་རྐྱེན་པས་འཇིག་སོང་ངོ་།།


阅读 705
分享
写下你的评论吧