བོད་ཀྱི་ཡིག་གཟུགས་དྲ་བའི་དྲ་ཐོག་ཡིག་གཟུགས་སློབ་རའི་བརྙན་ཐུང་ཚང་མ་ཁ་པར་གྱི་ལམ་ནས་བལྟ་ཐུབ་པའི་རྣམ་པར་བསྒྱུར་བའི་བརྡ་ཡིག
བོད་ཀྱི་ཡིག་གཟུགས་དྲ་བའི་བརྙན་ལམ་ཡིག་གཟུགས་སློབ་རའི་ནང་བཀོད་པའི་ཡིག་གཟུགས་དཔེ་ཁྲིད་བརྙན་ཐུང་སྐོར་ལ་རྒན་མགོན་པོ་ཚེ་བརྟན་གྱི་ཨ་ལགས་ཚེ་ཏན་ཞབས་དྲུང་གི་ཕྱག་རྒྱུན་དང་། ལྷ་སའི་རྒན་བསྟན་འཛིན་ལགས་ཀྱི་ཤིང་སྨྱུག་བཟོ་སྟངས། རྒན་ཆོས་འཁོར་བསྟན་འཛིན་རྒྱ་མཚོའི་ལཉྫ་ཝརྟུའི་ཕྱི་མོ་སོགས་གློག་ཀླད་དྲ་ཚིགས་ཀྱི་སྟེང་ནས་བལྟ་ཐུབ་པ་ལས་ཁ་པར་ནས་བལྟ་མི་ཐུབ་པའི་གནས་ཚུལ་དངོས་ལ། ཡིག་གཟུགས་གསར་སློབ་དང་དགའ་ཞེན་པ་མི་ཉུང་བ་ཞིག་གིས་ཡུལ་དུས་ཀྱི་དབང་གིས་རྒན་རྣམ་པའི་སྐུ་མདུན་ནས་དངོས་སུ་ཁྲིད་རྒྱུན་ལེན་པའི་གོ་སྐབས་མི་འབྱུང་བས། གློག་ཀླད་མ་ཟད་ཁ་པར་གྱི་སྟེང་ནས་ལྟ་ཐུབ་པ་བྱུང་ཚེ་ག་ས་གང་དུ་བལྟས་ཆོག་པའི་བཟང་ཆ་ཡོད་པས་ཁ་པར་ནས་ལྟ་རྒྱུའི་སྐལ་བཟང་ལ་རེ་སྨོན་བྱ་བཞིན་ཡོད་སྟབས། ངེད་དྲ་ཚིགས་ལས་གཉེར་ཁང་གིས་ཆེད་དུ་གནད་དོན་འདི་ལ་དམིགས་ནས་ཁ་པར་པར་གཞིར་བསྒྱུར་ཡོད་སྟབས་རྣམ་པ་ཚོས་དགོས་མཁོ་ལྟར་གཟིགས་པར་དགའ་བསུ་ཞུ།
ཆེད་དོན་རྒན་ཆོས་འཁོར་བསྟན་འཛིན་རྒྱ་མཚོ་ལགས་ཀྱི་ལཉྫ་ཝརྟུ་སློབ་ཚན་ཧ་ཅང་རིང་བས་དུས་ལྟར་མུ་འགོད་བྱ་མ་ཐུབ་མོད། ད་ལོ་ནས་བཟུང་ཚང་མ་དྲ་འགོད་བྱ་རྒྱུ་དང་། རྒན་པད་དཀར་འབངས་ལགས་ཀྱི་འབྲུ་ཚའི་ཁྲིད་གཞི་གཉིས་པ་ཡང་དྲ་ཐོག་ཏུ་བཀོད་ཡོད།
རི་མོ་འདིར་སྤར་བྱིས་མནན་ན་དེར་འགྲོའོ།།
རྩོམ་སྒྲིག་པ། རྟ་མགྲིན་མགོན་པོས།