ཁོར་ཡུག་གི་མུན་པ་སྒྲོན་མེ་ཡིས་གསལ་ཅིང་།།
ནང་སེམས་ཀྱི་མུན་པ་དཔེ་ཆ་ཡིས་དྭངས་ཆོག།
ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ་འཁོར༧༠དང་།བཅོས་བསྒྱུར་སྒོ་འབྱེད་བྱས་ནས་ལོ་འཁོར༤༠། མཚོ་ཉིན་ལྟེ་བའི་སློབ་ཆུང་བཙུགས་ནས་ལོ་འཁོར་༦༠ལོན་པ་བཅས་ལ་རྟེན་འབྲེལ་ཞུ་བ་དང་།ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་བསམ་བློ་གསར་བའི་དགོངས་དོན་ལག་ལེན་དང་།ཞི་ཅིན་ཕིང་གི་རྒྱལ་ཡོངས་ཀྱི་སློབ་གསོའི་ཚོགས་ཆེན་དང་བསམ་བློའི་ཆབ་སྲིད་ཀྱི་བྱ་བའི་ཚོགས་འདིའི་དགོངས་དོན་ལ་ནན་ཏན་གྱིས་སློབ་སྦྱོང་དང་ལག་ལེན་དོན་འཁྱོལ་ཡོང་བའི་སླད་དུའམ།
རང་རེའི་སློབ་གྲྭའི་དགེ་སློབ་ཡོངས་སྔར་ལས་ལྷག་པར་དཔེ་ཀློག་ལ་དགའ་བ་དང་།དཔེ་ཀློག་གི་གོམས་གཤིས་བཟང་བོ་མུ་མཐུད་དུ་རྒྱུད་འཛིན་བྱེད་པའི་སེམས་ཤུགས་མི་ཉམས་ཤིང་།དམིགས་ཡུལ་དང་ཁ་ཕྱོགས་ཡོད་པའི་སྒོ་ནས་དཔེ་ཀློག་གི་ལས་ལ་འཇུག་པའི་ཆེད་དང་།
སློབ་གྲོགས་རྣམ་པར་ཆུང་དུས་ནས་བཟུང་བོད་རང་གི་ཡིག་གཟུགས་སྒྱུ་རྩལ་ལ་དུངས་པའི་བག་ཆགས་ཟབ་མོ་འཇོག་པ་དང་།དེ་ཡི་རིན་ཐང་ལ་ངེས་ཤེས་ཟབ་མོ་ཐོབ་པ།ད་དུང་ཡུལ་དུས་གང་དུའང་དཔེ་ཀློག་གི་ལས་ལ་འཇུག་པའི་གོམས་གཤིས་ཆགས་པའི་སླད་དུ། ༢༠༡༩ལོའི་ཟླ༤བའི་ཚེས༢༣ཉིན་ངེད་སློབ་གྲྭ་དང་སློབ་སྟོན་ཁང་གི་བྱ་བའི་བཀོད་སྒྲིག་ལྟར།འཛམ་གླིང་དཔེ་ཀློག་གི་ཉིན་མོ་དང་བོད་ཀྱི་ཡིག་གཟུགས་དུས་ཆེན་སྐབས་གསུམ་པའི་བསུ་བའི་བྱ་འགུལ་གཉིས་དུས་མཉམ་དུ་སྤེལ་བ་ཡིན།
ཐེངས་འདིའི་བྱ་འགུལ་ལ་སློབ་གྲྭའི་དགེ་སློབ་ཡོངས་ཞུགས་པ་དང་། ཐོག་མར་མདོ་འཛིན་པ་བཀྲ་ཤིས་དོན་གྲུབ་དང་ཏང་གཙོ་མགོན་པོ་སྐྱབས་གཉིས་ཀྱིས་དགེ་སློབ་ཚང་མར་དཔེ་ཀློག་གི་གལ་ཆེའི་རང་བཞིན་དང་བོད་རང་གི་ཡིག་གཟུགས་དུས་ཆེན་གྱི་བྱུང་བ་བཅས་གསལ་བཤད་བྱས་པ་རེད།
དེར་མཐུད་ནས་དགེ་སློབ་ཡོངས་ཀྱིས་མཉམ་དུ་ཆུ་ཚོད་ཕྱེད་ཀ་ཡས་མས་སུ་དཔེ་ཀློག་བྱས་པ་དང་། དེ་ནས་དགེ་སློབ་ཚང་མས་རང་རེའི་སློབ་གྲྭའི་ཡིག་གཟུགས་དགེ་རྒན་རྣམ་པ་དང་ཡིག་གཟུགས་དགའ་ཕྱོགས་ཚོ་ཆུང་གི་སློབ་མ་ཚོས་བྲིས་པའི་ཡིག་གཟུགས་བརྩམས་ཆོས་ལ་མྱོང་རོལ་བྱས།
ཐེངས་འདིའི་འཛམ་གླིང་དཔེ་ཀློག་གི་ཉིན་མོ་དང་བོད་ཀྱི་ཡིག་གཟུགས་དུས་ཆེན་གཉིས་ཀྱི་བྱ་འགུལ་སྤེལ་བ་བརྒྱུད།དགེ་སློབ་ཚང་མས་དཔེ་ཀློག་དང་ཡིག་གཟུགས་ནི་མིའི་འཚོ་བའི་གྲུབ་ཆ་གལ་ཆེན་ཞིག་དང་།མིའི་རིགས་ཀྱི་དཔལ་ཡོན་འཕེལ་བའི་གཞི་རྩ་ཡིན་པ། ད་དུང་དཔེ་ཀློག་ནི་རང་ཉིད་ཀྱི་མི་ཚེའི་རིན་ཐང་མངོན་འགྱུར་ཡོང་ཆེད་དང་།ནང་སེམས་ཀྱི་འཇིག་རྟེན་ཕུན་སུམ་ཇེ་ཚོགས་སུ་གཏོང་བའམ། ཡང་ན་མི་ཚེ་དོན་སྙིང་དང་ལྡན་པ་ཞིག་ཏུ་བསྒྱུར་བའི་ཆེད་དུ་ཡང་ཡིན་པ་བཅས་ཀྱི་ཐད་ངོས་ཟིན་འཐོབ་ཡོད་པར་སྙམ་མོ།།
让阅读成为习惯
让墨香充满校园
为庆祝中华人民共和国成立70周年和改革开放40周年,建校60周年,认真贯彻落实习近平总书记在全国教育大会和思想政治会议上的讲话精神。为了让学生从小养成良好的学习习惯,从年幼开始打牢、打深文化基础,扩展知识面,进一步促进学生多读书、读好书,营造良好的学校读书氛围。于2019年4月23日我校举行了“世界读书日”活动暨“第三届藏文书法日”活动。
首先,由学校政教主任扎西东智介绍了读书日的由来,读书的意义等,再由学校党支部书记暨学校书法社团指导老师贡保加对藏文书法日和我校书法社团活动进行详细介绍,紧接着学校全体师生合影留念并在世界读书日横幅上签字,以表坚持阅读的信念;随后,组织学生排成藏文的“阅读”两字进行读书活动。读书活动结束后,学生以班级为单位,对老师及学生的优秀书法进行欣赏。
本次活动,不但让学生明白了阅读的意义,更重要的目的是希望学生爱上阅读,让阅读成为习惯;而书法展示,不仅让学生欣赏了我校师生的优秀书法作品,更是让学生向他们学习,传承书法艺术,写好字,读好书,从而提高自己的艺术素养。