ཅོ་ནེ་རྫོང་ནུབ་ཕྱོགས་ཀྱི་ཞིང་གྲོང་ཁག་གི་སྐད་གཉིས་སློབ་གྲྭའི་སྲོལ་རྒྱུན་རིག་གནས་རྒྱུན་འཛིན་དང་བྱང་ཚད་

བཀའ་ཐུབ་ཚེ་རིང་། ཧེ་རམ་པ།
2018-06-11

ཅོ་ནེ་རྫོང་ནུབ་ཕྱོགས་ཀྱི་ཞིང་གྲོང་ཁག་གི་སྐད་གཉིས་སློབ་གྲྭའི་སྲོལ་རྒྱུན་རིག་གནས་རྒྱུན་འཛིན་དང་བྱང་ཚད་སློབ་གསོའི་གྲུབ་འབྲས་འགྲེམ་སྟོན་བྱེད་སྒོ་བྲག་ཁུང་ལུང་སློབ་གྲྭ་ནས་སྤེལ།



དགེ་སློབ་སྤྲོ་འཛུམ་དཀར་པོས་མགྲོན་པོ་བསུས།།

སློབ་རའི་འགྱུར་ཁུག་སྙན་མོས་དགའ་སྟོན་བཤམས།།

བསིལ་འཇམ་དང་མེ་ཏོག་གི་དྲི་ཞིམ་ལ་འགྲོགས་ཤིང་རེ་བའི་ས་བོན་ཁུར་བའི་དབྱར་ཟླ་དྲུག་པའི་ཚེས་བཅུ་ནི། རྒྱལ་ཡོངས་སུ་དྲུག་གཅིག་བྱིས་པའི་དུས་ཆེན་མཇུག་རྫོགས་ནས་ཡུན་རིང་མ་འདས་པའི་ཉིན་ཞིག་དང་། མཐོ་རྒྱུགས་བྱ་བ་མཇུག་རྫོགས་པའི་ཉིན་ཡང་ཡིན། ཉིན་འདིར་ཀན་ལྷོ་ཁུལ་ཅོ་ནེ་རྫོང་སློབ་གསོ་ཅུས་དང་། བྲག་ཁུང་ལུང་ཞང་། བྲག་ཁུང་ལུང་སློབ་ཁུལ་གསུམ་གྱིས་གཙོ་སྒྲུབ་དང་། ཝ་དམར་ཞང་སློབ་ཁུལ། ཉིན་པ་སློབ་ཁུལ། མདོ་ཁོག་སློབ་ཁུལ་གསུམ་གྱིས་རོགས་སྒྲུབ་བྱས་པའི་ཅོ་ནེ་རྫོང་ནུབ་ཕྱོགས་ཀྱི་ཞང་གྲོང་ཁག་གི་སྐད་གཉིས་སློབ་གྲྭའི་སྲོལ་རྒྱུན་རིག་གནས་རྒྱུན་འཛིན་དང་བྱང་ཚད་སློབ་གསོའི་གྲུབ་འབྲས་འགྲེམ་སྟོན་མཛད་སྒོ་སྤྱི་ལོ་༢༠༡༨ལོའི་ཟླ་༦ཚེས་༡༠ཉིན་གྱི་ཞོགས་པ་ཆུ་ཚོད་དགུའི་སྟེང་བྲག་ཁུང་ལུང་ལོ་དགུའི་ལམ་ལུགས་ཀྱི་སློབ་གྲྭ་ནས་སྤེལ།

ཐེངས་འདིའི་མཛད་སྒོར་ཀན་ལྷོ་ཁུལ་མི་དམངས་སྲིད་གཞུང་གིས་ཅོ་ནེ་རྫོང་མངགས་བཅོལ་སློབ་གསོའི་ལྟ་སྐུལ་བ་ཡང་གོ་རེའུ་དང་། ཀན་ལྷོ་ཁུལ་བོད་ཀྱི་ཡིག་མཁན་མཐུན་ཚོགས་ཀྱི་ཚོགས་གཙོ་སངས་རྒྱས་བཀྲ་ཤིས། ཅོ་ནེ་རྫོང་སྲིད་གྲོས་ཀྲུའུ་ཞི་གཞོན་པ་ལྷ་མོ་བཀྲ་ཤིས། ཀྲུང་གུང་ཅོ་ནེ་རྫོང་ཨུའི་དྲིལ་བསྒྲགས་པུའུ་ཀྲང་གཞོན་པ་ཀྲའོ་ཡོན་ཞིན། ཅོ་ནེ་རྫོང་སློབ་གསོ་ཅུས་ཀྱི་ཉིན་ཞེ་ཀྲུང་། བྲག་ཁུང་ལུང་གྲོང་བརྡལ་གྱི་ཏང་ཨུ་ཧྲའུ་ཅི་བཀའ་ཐུབ། མདོ་ཁོག་ཞིང་ཏང་ཨུ་ཧྲུའུ་ཅི་ནམ་མཁའ། ཉིན་པ་ཞིང་ཏང་ཨུ་ཧྲུའུ་ཅི་ཡང་ཞིན་ཕེན། ཝ་དམར་ཞིང་ཏང་ཨུ་ཧྲུའུ་ཅི་ཡང་ཞའོ་ཅུན། བྲག་ཁུང་ལུང་གྲོང་བརྡལ་མི་དམངས་སྲིད་གཞུང་གི་མགོ་གཙོ་ཡང་ཅོན། ཝ་དམར་ཞིང་མི་དམངས་སྲིད་གཞུང་གི་ཞང་ཀྲང་སྨན་བླ་སྐྱབས་སོགས་དང་། བྲག་ཁུང་ལུང་གྲོང་བརྡལ་གྱི་ལས་ཁུང་སོ་སོའི་མགོ་ཁྲིད་དང་། ཞང་གྲོང་བཞིའི་སློབ་གྲྭའི་མགོ་ཁྲིད་དང་སློབ་མའི་ཁྱིམ་བདག    ས་གནས་མང་ཚོགས་བཅས་མི་གྲངས་སྟོང་ཕྲག་གཅིག་དང་ལྔ་བརྒྱ་ཙམ་བྱ་འགུལ་ལ་ཞུགས།



20180610 (9).jpg




མཛད་སྒོའི་སྟེང་བྲག་ཁུང་ལུང་སློབ་ཁུལ་གྱི་ཏང་གཙོ་བཀྲ་ཤིས་ཚེ་བརྟན་གྱིས་མདོ་འཛིན་དང་། སློབ་གཙོ་བཀའ་ཐུབ་ཚེ་རིང་གིས་མཛད་སྒོར་ཤིས་ཚིག་ཕུལ། ཀན་ལྷོ་ཁུལ་ཡིན་མཁན་མཐུན་ཚོགས་ཀྱིས་སློབ་གྲྭར་ཡིག་གཟུགས་ཀྱི་ལེགས་སྐྱེས་ཕུལ་ལ། རིམ་པ་སོ་སོའི་མགོ་ཁྲིད་ཀྱིས་གསུང་བཤད་གལ་ཆེན་གནང་ནས་སློབ་གྲྭ་ཁག་གི་ལོ་ངོ་དུ་མའི་དཀའ་སྤྱད་འབད་བརྩོན་གྱི་སློབ་སྒྲུབ་སྙིང་སྟོབ་དང་དགེ་སློབ་གཉིས་ཀྱི་སློབ་གསོའི་གྲུབ་འབྲས་ལ་སྤྱི་སྡོམ་བྱས།


20180610 (10).jpg


མཛད་སྒོ་མཇུག་རྫོགས་རྗེས་སྐུ་མགྲོན་དང་ས་གནས་མང་ཚོགས་ཀྱིས་ཀན་ལྷོ་ཁུལ་ཡིག་གཟུགས་མཐུན་ཚོགས་དང་ཅོ་ནེ་རྫོང་ཡིག་གཟུགས་མཐུན་ཚོགས་ཀྱི་བརྩམས་ཆོས་འགྲེམ་སྟོན་དང་། ཅོ་ནེ་རྫོང་ནུབ་ཕྱོགས་ཀྱི་ཞང་གྲོང་ཁག་གི་སྐད་གཉིས་སློབ་གྲྭའི་སྲོལ་རྒྱུན་རིག་གནས་རྒྱུན་འཛིན་དང་བྱང་ཚད་སློབ་གསོའི་གྲུབ་འབྲས་ཏེ། རིག་རྩལ་འཁྲབ་སྟོན་དང་། སློབ་མའི་ཡིག་གཟུགས། ལག་བཟོ་སོགས་ལ་གཟིགས་སྐོར་གནང་བ་དང་། མཚར་སྡུག་རྣམ་པར་བཀྲ་བའི་སློབ་མའི་ཡིག་གཟུགས་དང་ནང་དོན་ཕུན་སུམ་ཚོགས་པའི་སློབ་མའི་ལག་བཟོ་རེ་རེར་གསར་སློབ་བྲིས་པ་ཆུང་ཆུང་དག་གིས་ཡིག་གཟུགས་སྒྱུ་རྩལ་ལ་བཅངས་པའི་དགའ་ཞེན་དང་ལག་བཟོ་སློབ་བུའི་བློ་རིག་དང་གསར་གཏོད་ཀྱི་སྙིང་སྟོབས་འདུས་ཡོད།


20180610 (11).jpg


ཐེངས་འདིའི་ཀན་ལྷོ་ཁུལ་ཡིག་མཁན་མཐུན་ཚོགས་དང་ཅོ་ནེ་རྫོང་ཡིག་མཁན་མཐུན་ཚོགས་འཚོ་བ་དངོས་ལ་ཟབ་ཞུགས་བྱས་ནས་རིག་གནས་སྒྱུ་རྩལ་གཞི་རིམ་དུ་སྐྱེལ་བའི་བྱ་འགུལ་ཁྲོད་བྲིས་པ་ཚོས་སྣག་ལམ་གྱི་འགྱུར་ཁུག་གར་དུ་བསྒྱུར་ཅིང་ཕན་ཚུན་སློབ་སྦྱོང་དང་མཉམ་མྱོང་བརྗེས་རེས། རྒྱ་བོད་ཡིག་གཟུགས་ཀྱི་རང་ཚུགས་ངོམས་ཤིང་། སྒྱུ་རྩལ་གྱི་རང་མདངས་མ་ཡལ་པའི་བརྩམས་ཆོས་དག་མགོ་ཁྲིད་དང་དགེ་སློབ། ས་གནས་མང་ཚོགས་ཀྱི་དགོས་མཁོ་དང་རེ་འདུན་ལྟར་བྲིས་གནང་མཛད།


20180610 (7).jpg



རིག་རྩལ་འཁྲབ་སྟོན་གྱི་སྒོ་མོ་དེ་བྲག་ཁུང་ལུང་སློབ་གྲྭའི་གཟི་བྱིན་མནོས་པའི་དྲག་རྩལ་འཁྲབ་སྟོན་དང་མཉམ་དུ་སྐུ་མགྲོན་རྣམ་པའི་མིག་གི་དགའ་སྟོན་དུ་ཕུལ་ལ།  སྲོལ་རྒྱུན་དང་དམངས་སྲོལ་གྱི་ཁྱད་ཆོས་ལྡན་ལ་རྣམ་པར་སྙན་པའི་རོལ་དབྱངས་ཀྱི་འགྱུར་ཁྲོད་ཏང་གི་མི་རིགས་སློབ་གསོའི་སྲིད་ཇུས་ཀྱི་འོད་ཟེར་ལས་འཚར་ལོངས་བྱུང་བའི་དགའ་སྣང་དང་སྤྲོ་སྐྱིད་འདུས་ཤིང་། ཅོ་ནེ་རྫོང་གི་སྐད་གཉིས་སློབ་གསོས་ཏང་གི་ཚོགས་ཆེན་བཅུ་དགུ་བའི་དཔྱིད་དཔལ་ལ་རོལ་བཞིན་སྔར་ལས་ལྷག་པའི་དཀའ་སྤྱད་འབད་བརྩོན་དང་གྲུབ་འབྲས་གསར་བ་ལེན་པའི་ཆོད་སེམས་སྟེགས་པའི་བསྟོད་གླུ་མཚོན་ཡོད།

ཕྱི་དྲོའི་དུས་སུ་ལུས་རྩལ་རོལ་དབྱངས་ཀྱི་འགྱུར་ཁུག་དང་འགྲོགས་ནས་ཐེངས་འདིའི་གྲུབ་འབྲས་འགྲེམ་སྟོན་གྱི་ལུས་རྩལ་བྱ་འགུལ་ལ་རོལ་བ་དང་། ལུས་རྩལ་བ་རེ་རེའི་མཐུན་སྒྲིལ་དང་རྒྱལ་ཁའི་འགྲན་རྩོད་ཀྱི་བར་ནས་ཨོ་གླིང་ལུས་རྩལ་འགྲན་ཚོགས་ཀྱི་སྙིང་སྟོབས་ཀྱང་མཐོང་ཐུབ།


20180610 (1).jpg



ཐེངས་འདིའི་བྱང་ཚད་སློབ་གསོའི་གྲུབ་འབྲས་འགྲེམ་སྟོན་ནི་བྲག་ཁུང་ལུང་སློབ་གྲྭ་སོགས་ཀྱིས་མཉམ་སྒྲུབ་བྱས་པའི་འགྲན་ཚོགས་ཆེན་པོ་ཞིག་ཡིན་ལ། ཅོ་ནེ་རྫོང་གི་སྐད་གཉིས་སློབ་གསོའི་གྲུབ་འབྲས་ཞིབ་བཤེར་ཐེངས་ཤིག་ཀྱང་ཡིན། ལྷག་པར་དུ་ངེད་སློབ་ཁུལ་ཀྱི་དགེ་སློབ་ཚང་མའི་གསོན་ཉམས་དང་། མཚར་ཉམས། མཐུན་སྒྲིལ་གྱི་ཉམས་འགྱུར། མདུན་སྐྱོད་ཀྱི་སྤོབས་པ་དང་སྙིང་སྟོབས་དངོས་བྲིས་སམ།  སྤུན་ཟླ་སློབ་གྲྭའི་བར་གྱི་འབྲེལ་འདྲིས་དང་སློབ་སྦྱོང་། མདུན་སྐྱོད་དང་གོང་འཕེལ་གྱི་གར་སྟེགས་ཤིག་ཀྱང་ཡིན་ནོ།།


20180610 (2).jpg



卓尼县西部乡镇双语类学校首届弘扬传统文化

艺术展演暨学校素质教育成果展在扎古录九年制学校举办


   “师生含笑迎嘉宾,校园飞歌庆盛会”在这群花吐艳、激情飞扬、播种希望、充满幸福的六月,由卓尼县教育局、扎古录镇人民政府、扎古录学区主办,完冒学区、尼巴学区、刀告学区协办的卓尼县西部双语类学校首届弘扬传统文化艺术展演暨学校素质教育成果展示活动于2018年6月10日上午9点在卓尼县扎古录九年制学校拉开帷幕。



20180610 (3).jpg


   莅临本次活动开幕式的有甘南州驻卓尼县人民政府督学杨国瑞、卓尼县政协副主席拉毛扎西、中共卓尼县委宣传部副部长赵永新、卓尼县教育局长宁学忠、扎古录镇党委书记尕旦、刀告乡党委书记娜木嘎、尼巴乡党委书记杨兴平、完冒乡党委书记杨俏君、扎古录镇人民政府镇长杨军、完冒乡人民政府乡长曼拉加、卓尼县交警大队队长卓玛才让、达扎寺活佛尼日仓、甘南州藏文书法家协会主席桑杰扎西、扎古录镇各机关站所领导和各兄弟学校领导及社会各界知名人士等。


20180610 (4).jpg


   开幕式由扎古录学区党支部书记扎西次旦同志主持,扎古录学区校长尕东才让同志致开幕词,尕东才让校长在致词中向莅临本次活动的各级领导和光临演出现场的各位来宾以及各位兄弟学校的师生们表示衷心的感谢,向来我校进行文化下乡交流活动的甘南州藏书法协会和卓尼县书法协会成员以及关心下一代成长、学校发展的社会各界人士和辛勤培育祖国花朵的全体老师、家长朋友们表示感谢,感谢他们做出的无私奉献与辛勤努力,同时尕东才让校长用概括、精炼的语言介绍了学校近年来的发展历程、办学特色和取得的成就以及对未来的展望。接着,甘南州派驻卓尼县人民政府督学杨国瑞同志宣读了甘南州人民政府教育督导委员办公室发来的贺词,他说,去年以来6所学校以强烈的责任担当,全力打造出具有民族地区特色的义务教育标准化学校,确保了提前两年实现义务教育发展基本均衡县的目标,今年6所学校联合举办活动在卓尼乃至甘南州实属首创,这是推动义务教育均衡发展的可喜成果,希望6所学校以此次展演活动为新的起点,加强交流合作,以强带弱,强强联合,建立区域教育协同发展机制,实现区域优质资源共享,创造新的辉煌。紧接着,卓尼县教育局局长宁学忠同志作了重要讲话。他指出,近几年来我县尼巴、刀告、完冒、扎古录四所双语类学校与时俱进,不断转变教育理念,规范办学行为,全面推进素质教育,全力打造优质教育品牌,走在了我县农牧村双语类学校的前列。这次展示活动既是展示双语类学校素质教育成果的盛会,又是弘扬民族文化与素质教育为一体的展演,它为广大少年儿童学生搭建一个展示自我能力,提高自身素质的平台,培养学生的创新精神和实践能力,提高学生综合素质能力,使广大青年学生在学校得到健康的成长,其意义深长悠远。


20180610 (5).jpg


   接下来,来宾及光临会场的群众们参观州藏书协和卓尼县书协书法展示及卓尼县西部双语类学校书画、手工制作作品。一幅幅优美的书法及绘画作品和一件件精美的手工制作,充分展示了他们的智慧与才艺。此次州藏书法协会和卓尼书法协会进行的文化下乡活动中,书法家们现场泼墨挥毫,争相寻求墨宝的人络绎不绝,体现出了藏汉文字的魅力与卓尼西部藏汉双语教育的模式。


20180610 (6).jpg


文艺汇演活动在扎古录九年制学校激情四射的武术表演中拉开了帷幕,一首首优美的旋律,一曲曲热情四溢的舞蹈,将活动推向了高潮,同时也体现了莘莘学子在党的教育政策雨露下茁壮成长的幸福和快乐,也充分表达了卓尼县西部双语类学校全体师生在沐浴党的十九大春风,发奋图强、再创佳绩的决心与信心,表达了对伟大祖国的美好祝福。


20180611


   下午,伴随着《运动员进行曲》,卓尼县西部双语类学校运动会正式开始,全体运动员在“团结、拼搏、友好、竞争”的氛围中发扬奥运精神,顽强拼搏,充分发挥自己的实力和优势,力争取得最好成绩。

20180611


   本届素质教育成果展示是我校及其他兄弟学校的一次盛会,也是卓尼县西部双语类学校素质教育成果的一次大检阅,更是我学区全体师生朝气蓬勃、团结奋进、良好精神风貌的一次大展示。同时也是各兄弟学校之间相互交流,相互学习,共同提高的大平台。




20180611




20180611


20180611



20180611



20180611



20180611


20180611

阅读28237
分享
写下您的评论吧