རྟ་མགྲིན་མགོན་པའི་ཡིག་གཟུགས་བརྩམས་ཆོས་འགྲེམ་སྟོན་དང་ལན་ཝར་གློག་རྡུལ་ཡིག་མཛོད་འགྲེམ་སྤེལ་མཛད་སྒོ་ཀན་ས

རི་བོ་ཉི་ཟླ། འདོན་སྤྲོད་པ་ཁུལ་རིག་རྩལ་མཉམ་འབྲེལ་..
2018-04-28




          གཙོ་འཛིན་ཞིས་ཅིན་ཕེང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་རིག་པའི་གཞུང་ལུགས་དང་ཏང་གི་ཚོགས་ཆེན་བཅུ་དགུ་བའི་དགོངས་དོན་སློབ་སྦྱོང་དང་ལག་ལེན་བྱེད་ཆེད། བོད་ཀྱི་ཡིག་གཟུགས་ཉིན་མོ་ཐེངས་གཉིས་པ་སླེབས་ལ་ཉེ་བའི་ཉིན་དེ། སྤྱི་ལོ་༢༠༡༨ལོའི་ཟླ༤ཚེས་༢༦ཉིན་ཀྱི་ཞོགས་པ་ཆུ་ཚོད་བཅུའི་སྟེང་།

ཀན་ལྷོ་ཁུལ་རྩོམ་རིག་སྒྱུ་རྩལ་མཉམ་འབྲེལ་ལྷན་ཚོགས་དང་། ཀན་ལྷོ་ཁུལ་རིག་གནས་ཁང་། ཀན་སུའུ་མི་རིགས་དགེ་འོས་སློབ་ཆེན་མཛེས་རྩལ་སྡེ་ཁག   ཀན་སུའུ་མི་རིགས་དགེ་འོས་སློབ་ཆེན་དཔེ་མཛོད་ཁང་། ཀླུ་ཆུ་རྫོང་རིག་གནས་ཁང་སོགས་ཀྱིས་མཉམ་སྒྲུབ་མཛད་པའི་སྐུ་ཞབས་རྟ་མགྲིན་མགོན་པོའི་ཡིག་གཟུགས་སྒྱུ་རྩལ་བརྩམས་ཆོས་དང་ལན་ཝར་གློག་རྡུལ་ཡིག་མཛོད་ཐོག་མའི་འགྲེམ་སྤེལ་མཛད་སྒོ་དེ་ཀན་སུའི་མི་རིགས་དགེ་འོས་སློབ་ཆེན་དཔེ་མཛོད་ཐོག་ཁང་ནས་གཟབ་རྒྱས་ངང་ཚོགས།




           ཁུལ་རིག་རྩལ་མཉམ་འབྲེལ་ལྷན་ཚོགས་ཀྱི་ཏང་གཙོ། ཀྲུའུ་ཞི། སྐད་གྲགས་ཆེ་བའི་རི་མོ་སྒྱུ་རྩལ་བ་ཝང་ཡོན་ཅུའུ། ཀན་ལྷོ་ཁུལ་བོད་ཀྱི་སྐད་ཡིག་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་སྐལ་ཏེ། མིང་དུ་གྲགས་པའི་བོད་རིག་པ་སྨྲ་བ། ཀན་སུའུ་མི་རིགས་དགེ་འོས་སློབ་ཆེན་གྱི་སློབ་དཔོན་ཆེན་མོ་སྒོམ་པ་བཀྲ་ཤིས། ལན་ཀྲུའུ་སློབ་གྲྭ་ཆེན་མོའི་སློབ་དཔོན་ཆེན་མོ་བ་ངག་དབང་རྒྱ་མཚོ་སོགས་ཆེད་མཁས་སམ་སློབ་དཔོན་༣༠ལྷག་དང་། སྤྱི་ཚོགས་ཀྱི་ལས་རིགས་སོ་སོའི་ཡིག་གཟུགས་སྒྱུ་རྩལ་བ། སློབ་གྲྭ་ཁག་གི་སློབ་མ་༣༠༠ལྷག་མཛད་སྒོར་ཞུགས།



         ཀན་སུའུ་མི་རིགས་དགེ་འོས་སློབ་ཆེན་མཛེས་རིས་སྡེ་ཁག་གི་ཏང་གཙོའམ། ཀན་ལྷོ་ཁུལ་བོད་ཀྱི་ཡིག་གཟུགས་མཐུན་ཚོགས་ཀྱི་ཀྲུའུ་ཞི། བོད་ཀྱི་ཡིག་གཟུགས་པ་ཆེན་མོ་སངས་རྒྱས་བཀྲ་ཤིས་ཀྱིས་མཛད་སྒོར་ཤིས་ཚིག་ཕུལ། བོད་ཀྱི་རིག་གཞུང་སྨྲ་བ་རྒན་ཟམ་ཚ་ཚེ་རིང་དོན་གྲུབ་གྱིས་གཏམ་བཤད་གནང་བ་མ་ཟད། ཚོགས་ཞུགས་སྐུ་མགྲོན་རྣམ་པའི་དགའ་བསུའི་དབྱངས་རྟ་དང་འགྲོགས་ཏེ་ཀན་སུ་མི་རིགས་དགེ་འོས་སློབ་ཆེན་གྱི་སློབ་དཔོན་སྒོམ་པ་བཀྲ་ཤིས་ཀྱིས་ལན་ཝར་ཡིག་མཛོད་རྒྱལ་སྤྱིའི་མུ་འབྲེལ་དྲ་བའི་སྟེང་དུ་འགྲེམ་སྤེལ་བྱས།




        ཐེངས་འདིར་འགྲེམ་སྤེལ་བྱས་པའི་ལན་ཝར་གློག་རྡུལ་ཡིག་མཛོད་ནི་བོད་ཀྱི་ཡིག་གཟུགས་ཉིན་མོའི་ལེགས་སྐྱེས་རྩ་ཆེན་ཞིག་ཡིན་པ་མ་ཟད།བོད་ཡུལ་དུ་ད་སྔ་ལན་ཝར་གློག་རྡུལ་ཡིག་མཛོད་མེད་པའི་སྟོང་ཆ་ཁ་བསྐོངས་བྱས་ཤིང་།དུས་རབས་ཉེར་གཅིག་པའི་ལན་ཝར་ཨང་སྒྲིག་ཅན་གྱི་ལས་གཞི་དང་བོད་ཡིག་ཆ་འཕྲིན་ཅན་ལ་སྒོ་མོ་གསར་བ་ཞིག་ཕྱེས་ཟིན་པ་རེད།




         མཛད་སྒོ་མཇུག་རྫོགས་རྗེས། སྐུ་མགྲོན་རྣམ་པས་མཉམ་དུ་རྟ་མགྲིན་མགོན་པོའི་ཡིག་གཟུགས་བརྩམས་ཆོས་བཤམ་སྟོན་ལ་རོལ་མྱོང་བྱས། རྒྱུས་ལོན་བྱས་པ་ལྟར་ན།ཐེངས་འདིའི་འགྲེམ་སྟོན་དུ་བོད་ཀྱི་ཡིག་གཟུགས་མཁས་དབང་། དྲུང་ཡིག་སྨོན་ལམ་རྒྱ་མཚོ་མཆོག་གི་དབུ་ཅན་ཕྱག་རྒྱུན་གྱིས་བྲིས་པའི་སྤྲིན་གྱི་ཕོ་ཉ་དང་རྒྱལ་བ་ཚངས་དབྱངས་རྒྱ་མཚོའི་མགུར་གླུའི་ཤོག་རིང་བརྩམས་ཆོས་གཙོ་བྱས་པའི་ཡིག་གཟུགས་རྣམ་གྲངས་ཉི་ཤུ་ལྷག་ལ་བརྩམས་ཆོས་བརྒྱ་དང་བཅུ་འགྲེམ་སྟོན་དུ་བཤམས་ཡོད།





          འགྲེམ་སྟོན་དུ་ཕེབས་པའི་སྐུ་མགྲོན་ཚོས་བཤད་རྒྱུར། ཐེངས་འདིའི་ཡིག་གཟུགས་འགྲེམ་སྟོན་དང་ལན་ཝར་གློག་རྡུལ་ཡིག་མཛོད་རིན་མེད་འབུལ་སྦྱིན་ལ་དོན་སྙིང་ཆེ་ཞིང་། རིན་ཐང་མཐོ་བ། ནང་དོན་ལྡན་པ། མི་སེམས་ལ་སྐུལ་ལྕགས་ཐུབ་པར་མ་ཟད།གཟིགས་མོ་བར་མཚོན་ན་རོལ་མྱོང་རིན་ཐང་དང་བེད་སྤྱོད་ཀྱི་རིན་ཐང་། ཉར་ཚགས་ཀྱི་རིན་ཐང་སོགས་ལྡན་ཡོད་པས་ཀན་ལྷོའི་ཡིག་གཟུགས་སྒྱུ་རྩལ་གྱི་མཉམ་ཞིབ་ཐེངས་གཅིག་ཡིན་ཞེས་བཤད་ཆོག




འགྲེམ་སྟོན་གྱི་སྐབས་སུ་བོད་ཀྱི་ཡིག་མཁན་རྣམ་པས་ཡིག་རྩལ་ངོམ་བཞིན་པ།













འགྲེམ་སྟོན་ལ་ཕེབས་པའི་ཆེད་མཁས་རྣམ་པས་བརྩམས་ཆོས་རོལ་མྱོང་བྱ་བཞིན་པ།


















旦正贡保先生书法作品展暨兰扎瓦德字库发布仪式在甘肃民族师范大学隆重举行

  为深入学习贯彻习近平新时代中国特色社会主义理论和党的十九大精神,2018426日上午,在第二个藏文书法日来临之际,由甘南藏族自治州文艺界联合会、州文化馆、甘肃民族师范大学美术系、甘肃民族师范大学图书、碌曲县文化馆等单位联合主办的旦正贡保先生书法作品展暨兰扎瓦德字库发布仪式在甘肃民族师范大学图书馆隆重举行。

      甘南州文联党组书记、主席、著名画家王云久;甘南州藏语委主任尕尔代、著名藏学家、甘肃民院教授贡巴扎西等30余名专家、教授、以及社会各界书画艺术家、学生等共计300余人参加了发布仪式。

    甘肃民院美术系书记、甘南州藏文书协主席、藏族著名书法家桑吉扎西先生致辞!藏族著名学者双岔才让东知先生作了讲话!随后,在现场来宾的热烈掌声中,贡巴扎西先生操作确认,向互联网同步发布了兰扎瓦德字库1.05版本,为第二个藏文书法日献上了最珍贵的礼品,也弥补了过去藏区没有兰扎瓦德计算机字库的空白,为 21世纪兰扎瓦德体数字化建设与藏文化信息化发展开启了新的篇章。

    仪式结束后,前来参加的各位嘉宾及广大参观者共同参观欣赏了书法作品。 此次展出的作品主要以藏族著名书法家,著名学者毛兰木大师的乌金体为主体,以《云使》、《仓央嘉措情歌》长卷作品为代表作,共计 20余种不同字体的110幅作品展出。

  前来参观的嘉宾们纷纷表示,此次为期两天的书法展览及兰扎瓦德字库向公众免费发布意义深刻、价值极高,内容丰富,振奋人心,具有很强的观赏性和感染力,有很好的艺术价值,收藏价值,可以说 是甘南州藏文书法艺术的一次大检阅。


阅读12782
分享
写下您的评论吧