གསེར་བྲིས་འབྲི་ལུགས་ཀྱི་གནའ་བོའི་ཡབ་མེས་གོང་མའི་ཕྱག་ལེན་ནི་སྲོལ་རྒྱུན་གྱི་བྲིས་རྩལ་ཧ་ལས་པ་ཞིག་ཡིན་ལ། ཕྱི་རབས་བོད་མིས་རྒྱུན་འཛིན་དར་སྤེལ་གཏོང་དགོས་པའི་ཤེས་རིག་ཞིག་དང་ལག་རྩལ་ཡ་མཚན་ཞིག་ཡིན་ནའང་། གསར་སློབ་རྣམས་ལ་མཚོན་ན། གསེར་བྲིས་འབྲི་རྒྱུན་ནི་དེ་འདྲའི་ལས་སླ་བོ་ཞིག་མ་ཡིན་ལ། གསེར་བྲིས་ཡག་པོ་ཞིག་འབྲི་བར་ཆ་རྐྱེན་ཧ་ཅང་མང་པོ་ཞིག་འཛོམས་དགོས་པ་མ་ཟད། གསེར་འདུར་ལུགས་དང་སྨྱུ་གུ་བཟོ་བ། ཤོག་བུ་བཟོ་བ་སོགས་ཤེས་བྱ་མང་པོ་མང་པོ་ཞིག་དང་བར་མེད་དུ་འབྲེལ་ཡོད། དེ་བས་ཡུལ་ཤུལ་གྱི་ཡིག་མཁན་རྒན་འདན་མ་བཀྲ་དགའ་ལགས་ཀྱིས་མཁས་དབང་སྔ་མའི་གསུང་རྒྱུན་དང་གསེར་ཆུའི་རང་ངོས་ཀྱི་ཁྱད་ཆོས། དུས་ཡུན་རིང་པོའི་ལག་ལེན་ལས་ཐོབ་པའི་ཉམས་མྱོང་སོགས་གཞི་གཅིག་ཏུ་བསྡུས་ནས་གསེར་བྲིས་ཆེད་སྤྱོད་སྨྱུ་གུ་ཞིག་གསར་བཟོ་བྱས་ཡོད་པ་གཤམ་ལྟར།