མི་སེམས་དྲོད་ཀྱིས་ཁེངས་ན་དགུན་ལ་གྲང་ངར་མི་འདུག
སྤྱི་ཟླ1པའི་ཚེས20ནས21ཉིན་ལ། ཁུལ་རིག་གནས་རྒྱང་བསྒྲགས་གསར་འགྱུར་ཅུས་དང་ཁུལ་རྩོམ་རིག་སྒྱུ་རྩལ་མཉམ་འབྲེལ་ལྷན་ཚོགས་ཀྱིས་གཙོ་སྒྲུབ་བྱས་ཤིང་། ཁུལ་རིག་གནས་ཁང་དང་ཁུལ་བོད་ཀྱི་ཡིག་མཁན་མཐུན་ཚོགས་ཀྱིས་སྒྲུབ་འགན་ཁུར་བའི"ལོ་སར་བསུ་མའི་རྟེན་འབྲེལ་གྱི་ཤིས་ཚིག་ཕུལ་བ"ཞེས་པའི་བྱེད་སྒོ་ཞིག་ཀན་སུའུ་ཞིང་ཆེན་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱི་རིག་དངོས་བཤམས་སྟོན་ཁང་གི་མདུན་དུ་སྤེལ།
ཐེངས་འདིའི་བྱ་འགུལ་ལ་ཁུལ་རིག་གནས་རྒྱང་བསྒྲགས་གསར་འགྱུར་ཅུས་ཀྱི་ཅུས་ཀྲང་ཀྲོའོ་ལིན་ཧོང་དང་། ཁུལ་རྩོམ་རིག་སྒྱུ་རྩལ་མཉམ་འབྲེལ་ལྷན་ཚོགས་ཀྱི་ཀྲོའུ་ཞི་ཝང་ཡོན་ཅོའུ། ཁུལ་རིག་གནས་ཁང་གི་མགོ་ཁྲིད་རྟ་མགྲིན་སྐྱབས། ཁུལ་ཡིག་གཟུགས་མཐུན་ཚོགས་ཀྱི་ཀྲུའུ་ཞི་ཞའ་ཧྲི་ལོན། ཁུལ་བོད་ཀྱི་ཡིག་མཁན་མཐུན་ཚོགས་ཀྱི་ཀྲུའུ་ཞི་སངས་རྒྱས་བཀྲ་ཤིས་དང་བཅས་པའི་མགོ་ཁྲིད་དང་། ཀན་ལྷོའི་ཡིག་མཁན་ཆོས་འཁོར་བསྟན་འཛིན་རྒྱ་མཚོ། གཙོས་ཤེས་རབ་རྒྱ་མཚོ། ཁ་གྱ་འཇིགས་མེད་སོགས་ལས་འཛིན་མི་སྣ་༢༠ལྷག་ཡུལ་དངོས་སུ་ཕེབས།
མཛད་སྒོའི་སྟེང་ཁུལ་བོད་ཀྱི་ཡིག་མཁན་མཐུན་ཚོགས་ཀྱི་ཀྲུའུ་ཞུ་སངས་རྒྱས་བཀྲ་ཤིས་ལགས་ཀྱིས་བྱ་འགུལ་ལ་ཤིས་བརྗོད་ཕུལ་ཤིང་། ཀྲོའོ་ལིན་ཧོང་དང་ཝང་ཡོན་ཅོའུ་སོགས་མགོ་ཁྲིད་རྣམ་པས་མང་ཚོགས་ལ་ལོ་སར་ཤིས་ཚིག་བྲིས་པའི་ཡིག་གཟུགས་ཀྱི་ལེགས་སྐྱེས་ཕུལ།
ཐེངས་འདིའི་བྱ་འགུལ་གྱི་ཉིན་གཉིས་རིང་ལ་སྡོམ་པས་བཀྲ་ཤིས་བདེ་ལེགས་སོགས་ཀྱིས་མཚོན་པའི་ཤིས་ཚིག་དང་ཡིག་གཟུགས་བརྩམས་ཆོས1500ལྷག་བླུ་ཡོན་མེད་པར་མང་ཚོགས་ལ་བྱིན་པ་དང་། བོད་ཀྱི་ཡིག་གཟུགས་ཐད་ཀྱི་རྒྱུན་ཤེས་སྣ་ཚོགས་ཅི་ཐུབ་ཀྱིས་མང་ཚོགས་ལ་ངོ་སྤྲོད་བྱས་ནས་རྒྱ་ཆེའི་མང་ཚོགས་ལ་ངེས་ཤེས་སམ་བག་ཆགས་ཟབ་མོ་ཞིག་བཞག་ཡོད་པ་མ་ཟད། ཀན་ལྷོ་ཁུལ་གྱི་མང་ཚོགས་ཀྱི་རིག་གནས་འཚོ་བར་ནང་དོན་གསར་བ་བསྣན་ཡོད་པས་རྒྱ་ཆེའི་མང་ཚོགས་ཀྱི་དགའ་བསུ་ཆེན་པོ་ཐོབ་ཡོད་པ་རེད།
元月20日至21日,州文广新局、州文联主办,州文化馆、州藏文书法家协会承办的“迎新春送吉祥”活动在甘肃省甘南藏族自治州文博大厦前举行。
甘南州广新局局长赵凌宏、州文联主席王永久、州文化馆馆长旦正加、藏文书法协会主席桑吉扎西、州作书法协会主席夏世龙同志等领导和甘南藏文书法名家青科旦增、合作寺西饶加措、卡加久美等20几名理事参加了活动。
首先由协会主席桑吉扎西先生致辞,其次由赵凌宏、王永久等领导为群众赠送书法新年贺词,最后所有书法家分组为群众按需书写春联等新春吉祥条幅。
活动现场,一幅幅散发着清新墨香的喜庆春联展现在人们眼前,市民们一边欣赏书法创作,一边品评春联寓意,现场充满了欢乐喜庆的氛围。前来领取春联的市民络绎不绝,两天内1100多幅事先准备好的吉祥条幅和200余幅寓意吉祥、喜庆的春联被送出,现场书写了200条幅藏式吉祥词条和书法作品供大家索取,极大地丰富和活跃了甘南州春节前群众的文化生活。
བྱ་འགུལ་གྱི་གནས་ཚུལ་པར་རིས་མིག་གི་དགའ་སྟོན། 活动图片摘选
བྱ་འགུལ་གྱི་སྒོ་འབྱེད་མཛད་སྒོའི་ཡུལ་དངོས།
“迎新春送春联”活动开幕式现场
བྱ་འགུལ་ཡུལ་དངོས། 活动现场
མང་ཚོགས་ལ་ཤིས་ཚིག་འབུལ་བཞིན་པ། 为群众赠送藏式“春联”
མགོ་ཁྲིད་རྣམ་པས་མང་ཚོགས་ལ་ཤིས་ཚིག་གནང་བཞིན་པའི་ཚུལ།
参加开幕式的相关领导为群众赠送“藏式春联”
བྱ་འགུལ་ཡུལ་དངོས།
活动现场剪影
ལག་ཟུང་མྱུར་དུ་སྲིང་ནས་ཤིས་ཚིག་ལེན་པ།
用喜悦迎接新春
ཡུལ་དངོས་ནས་མང་ཚོགས་ཀྱི་དགོས་མཁོ་ལྟར་ཤིས་ཚིག་གསར་རྩོམ་བྱེད་པའི་སྐོར།
根据群众要求,在活动现场按需书写“春联”
གནམ་ལོ་གསར་བའི་བཀྲ་ཤིས་དཔྱིད་དུ་འཇོ།། དུས་བཞིའི་ངོ་མཚར་འགྱུར་བག་ཀླུང་དུ་བརྡོལ།།
一年好运随春到,四季彩云滚滚来!
ཁུལ་རིག་རྩལ་མཉམ་འབྲེལ་ལྷན་ཚོགས་ཀྱི་ཚོགས་གཙོ་ཝང་ཡོན་ཅུའུ།
州文联主席王永久在书写新春对联
ཡིག་མཁན་མཐུན་ཚོགས་ཀྱི་ཀྲུའུ་ཞི་སངས་རྒྱས་བཀྲ་ཤིས་ལགས་ནས་ཤིས་ཚིག་འབྲི་བཞིན་པ།
州藏文书法家协会主席桑吉扎西在书写新春贺词
ཡིན་མཁན་ཆོས་འཁོར་བསྟན་འཛིན་ལགས་ཀྱིས་ཤིས་ཚིག་འབྲི་བཞིན་པ།
书法名家青科旦增为群众书写新春贺词
ཁ་གྱ་འཇིགས་མེད་ཀྱིས་མང་ཚོགས་ཀྱི་དགོས་མཁོ་ལྟར་ཤིས་ཚིག་འབྲི་བཞིན་པ།
卡加久美为群众书写新春贺词
གཙོས་ཤེས་རབ་ཀྱིས་ལོ་སར་ཤིས་ཚིག་འབྲི་བཞིན་པ།
西饶加措在书写新春贺词
ཡིག་མཁན་ཐེ་བོ་རིན་ཆེན་གྱིས་ཤིས་ཚིག་འབྲི་བཞིན་པ།
迭部仁青为群众书写新春贺词
ཡིག་གཟུགས་དང་ཡིག་ཆས་ལ་རོལ་མྱོང་བྱེད་བཞིན་པའི་སྐོར།
欣赏文房用品及其书法技艺
བོད་ཀྱི་གཞས་པ་གྲགས་ཅན་གངས་ཅན་པ་དང་ཚེ་རིང་དབང་སྡུད་གཉིས་ཡིག་གཟུགས་འཚོ་བར་ཟབ་ཞུགས་བྱེད་བཞིན་པ།
藏族著名歌手岗坚巴卓玛加和才让旺德在欣赏书法作品
ཡིག་གཟུགས་ཀྱི་བསླུ་བྲིད་དེ་གང་ན་ཡོད།
书法魅力在这里,在这里?在这里!
ཡིག་གཟུགས་ལ་འཐིམ་པའི་བྲིས་པ།
忘记寒冷,全神贯注
ངོ་མ་ཡག་གི་ཡ།
真的很棒!
འདི་སུའི་རེད། ངོ་མ་ཅ་ནོམ་པོ་འདུག ཡིག་མཁན་ཞིག་ལ་མཚོན་ན་མེད་མི་རུང་པའི་ཡིག་ཆས་རེད།
这是谁的?多丰富!书法家必备的好工具。
བོད་ཡིག་ཡིག་གཟུགས་ངོ་མ་ཅིག་མཚར་གི འདི་འདྲའི་སྨྱུ་གུ་སྟབས་བདེ་ཞིག་གིས་སྒྱུ་རྩལ་གསོན་པོ་བཞེངས་གི
藏文书法好神奇呀!这么普通的一支笔能书写精彩墨迹
སྨྱུག་རྩལ་ལ་བྱང་ཡོད་པར་གཟིགས་དང་། དེའི་སྣག་ལམ། དེའི་སྨྱུག་འགྲོས། ངོ་ཡ་ཡག་གི་ཡ
瞧!这功夫。
ལོ་སར་ཤིས་ཚིག་བྱིན་པའི་གནས་ཚུལ་དངོས་བྲིས།
“迎新春送春联”活动现场
ཚང་མ་མ་བྲེལ་དང་། མི་རེ་རེར་ཤིས་ཚིག་རེ་ཐེམས་ངེས་ཡིན།
人虽多,都有份儿!
འདི་འབྲུ་ཚའི་ཡིག་གཟུགས་རེད།
阿姨这两份都是珠匝体
འོ་བརྒྱལ་རེད་དྲ། ང་ད་དུང་གཅིག་འབྲི་རོགས། དགོན་པ་ན་དགེ་གྲོགས་ཤིག་གིས་རེ་བ་ཞུ་བཞིན་ཡོད།
麻烦再写一幅,寺内还有一位学友让我为他带一幅!
ངས་ཀློག་མི་ཤེས་མོད་ང་བོད་ཡིག་ལ་ཧ་ཅང་དགའ། ཁྱེད་ཚོས་ཤིས་ཚིག་བྱིན་ན་ང་ཚོ་ངོ་མས་དགའ་སྤྲོ་སྐྱེ་བྱུང་།
我虽然不会念,但喜欢藏文书法,今年咱藏文书法协会出来送春联,真高兴!
དེ་རིང་ད་ངོ་མ་ཡིག་གཟུགས་མང་པོ་ལོན་ཐ་ཡ། ད་ལོའི་ལོ་སར་ནང་དོན་གསར་བ་སྣོན་ཐུབ་སོང་།
今天很高兴能免费领到这么多春联,我家大门一定会别具一格
རྣམ་པ་ཚོས་ང་ལ་ནང་དོན་ཡག་པོ་ཞིག་འབྲི་རོགས།
大家活儿为我想个好内容!
ཨ་ཁུ། འདི་ང་ལ་གནང་རོགས།
大叔! 这幅给我吧!
གཅིག་བལྟས་གཅིག་ལས་ལྷག་གི
一个比一个好看
ཡུལ་དངོས་ནས་བྲིས་ན་འགྲིག་གི་ང་ལ་འབྲི་ཤོག་གཅིག ངས་ཡག་པ་ཞིག་འབྲིར་འཇུག་རྒྱུ།
给我一张,我让书法家们再写一幅现场版佳作。
དེ་ད་ང་ལ་བྲིས་པ་ཡིན་ད་ནི།
哎!哪是写给我的,怎么被你拿去。
སང་ཉིན་ལ་གྲ་སྒྲིག་བྱེད་བཞིན་པའི་ཚུལ། 为明天做好准备