སྤྱི་སྡོམ་མམ་འཆར་ཇུས་མཉམ་གནས། བགྲོ་གླེང་དང་སྨྱུག་རྩལ་མཉམ་འཛོམས།

རྟ་མགྲིན་མགོན་པོ། སྐལ་བཟང་དོན་གྲུབ།
2017-01-09

ཀན་ལྷོའི་བོད་ཀྱི་ཡིག་གཟུགས་མཁས་པ་མཐུན་ཚོགས་ཀྱི་ལས་འཛིན་གྲོས་ཚོགས་གཙོས་གྲོང་ཁྱེར་ནས་གཟབ་རྒྱས་ངང་བསྡུས་པ།


    ༢༠༡༧ལོའི་ཟླ་༡པའི་ཚེས་༨ཉིན།  ཀན་ལྷོའི་བོད་ཀྱི་ཡིག་མཁན་མཐུན་ཚོགས་ཀྱི་ལས་འཛིན་གྲོས་ཚོགས་ཐེངས་དང་པོ་ཀན་ལྷོའི་གཙོས་གྲོང་ནས་གཟབ་རྒྱས་ངང་འཚོགས།  གྲོས་ཚོགས་སུ་ཚོགས་གཙོ་སངས་རྒྱས་བཀྲ་ཤིས་ཀྱིས་༢༠༡༦ལོའི་བྱ་བར་ཕྱོགས་སྡོམ་བྱས་ཤིང་།༢༠༡༧ལོར་བསྒྲུབ་བྱར་བཟུང་བའི་ཚོགས་པའི་བྱེད་སྒོ་ཀུན་ལེགས་པར་བསྒྲགས་རྗེས། ཚོགས་པའི་མགོ་འདྲེན་དང་ཚོགས་མི་ལྷན་རྒྱས་ནས་ཁུལ་ཡོངས་ཀྱི་སློབ་གྲྭ་ཆུང་འབྲིང་གི་སློབ་མའི་བོད་ཀྱི་ཡིག་གཟུགས་འགྲན་སྡུར་དང་ཟབ་སྦྱོང་འཛིན་གྲྭ་སོགས་འབྱུང་འགྱུར་གྱི་བྱེད་སྒོ་མང་བོར་རང་ངོས་ཀྱི་བསམ་འཆར་དང་རེ་འདུན་ཅི་ཡོད་ལྷུག་པར་བརྗོད།

    ཚོགས་གཞུག་ནས་ཀྱང་ཐེངས་འདིའི་ཚོགས་ཞུགས་མི་སྣ་ཡོངས་ཐུ་བྷོད་ཟས་མཆོག་གླིང་དུ་གདན་དྲངས་ནས། ཟས་ཀྱི་ཞིམ་མངར་ལ་མྱོང་ཞོར་བྲིས་ཀྱི་འདེགས་འཇོགས་དང་ཉམས་འགྱུར་ལ་ཅི་དགར་རོལ་ཏེ་ཚོགས་འདུའི་མགོ་མཇུག་བར་གསུམ་གྱི་ཡན་ལག་གང་ཡོད་ཕུན་སུམ་ཚོགས་པར་མཛད་དོ། །

    2017年元月8日上午十点,甘肃省甘南藏族自治州藏文书法家协会常任理事会,2017年第一次理事会议在州府合作召开。参加这次会议的有州委宣传部、州文联、甘肃民族师范学院、州藏语委等单位的相关领导和著名学者以及协会顾问、主席、秘书长、副秘书长、常任理事等二十余人。

   首先协会主席桑杰扎西同志向理事会做2016年工作报告,副主席兼秘书长旦正贡保同志宣读了协会2017年工作计划(草案)。其次,全体与会人员从多角度、全方位的对工作报告和2017年工作计划展开了讨论,特别对甘南藏文书法艺术的远近目标,工作思路和推进措施,促进甘南文化大展、大繁荣,进一步为甘南旅游业发展注入新的正能量等问题展开了座谈,最后全体与会人员修定完善并通过了协会2017年工作计划。

   会议结束后,全体与会人员在吐蕃仓美食藏餐厅举行2017新年藏汉书笔会,前来参加笔会的文人墨客和书法爱好者,在享受藏餐美味的同时,挥毫泼墨,书写藏汉书法,或点或刷,水墨淋漓,气势磅礴,异彩纷呈,顷刻间吐蕃仓美食藏餐厅文化长廊变成藏汉书法的殿堂


གྲོས་ཚོགས་ཀྱི་ཡུལ་དངོས་གནས་ཚུལ།

理事会会场


ཀན་ལྷོའི་བོད་ཀྱི་ཡིག་མཁན་མཐུན་ཚོགས་ཀྱི་2017ལོའི་ལས་འཛིན་གྲོས་ཚོགས་ཐེངས་དང་པོའི་ཡུལ་དངོས།

甘南州藏文书法家协会2017年第一次理事会议现场


མཐུན་ཚོགས་ཀྱི་ཀྲུའུ་ཞི་སངས་རྒྱས་བཀྲ་ཤིས་ལགས་ཀྱི་2016ལོའི་བྱ་བར་སྤྱི་སྡོམ་དང་2017ལོའི་བྱ་བའི་བཀོད་སྒྲིག་གནང་པ།

协会主席桑杰扎西同志向理事会做2016年工作报告,安排部署2017年工作


ཀན་སུའུ་མི་རིགས་སློབ་ཆེན་རྒྱ་བོད་སྐད་གཉིས་སློབ་གླིང་གི་གླིང་གཙོའམ་སློབ་དཔོན་ཆེན་མོ། བོད་རིག་པའི་ཆེད་མཁས་པ་རྒན་དགོན་པ་བཀྲ་ཤིས་ལགས་ནས་གསུང་བཤད་གནང་བཞིན་པ།

甘肃民院藏汉双语学院院长、教授、藏学著名专家贡巴扎西先生在座谈中发表意见


ཀན་སུའུ་མི་རིགས་སློབ་ཆེན་གྱི་སློབ་དཔོན་ཆེན་མོ། བོད་ཀྱི་སྙན་ངག་པ་གྲགས་ཅན་རྒན་ལྷ་རྒྱལ་ཚེ་རིང་ལགས་ཀྱིས་གསུང་བཤད་གནང་བཞིན་པ།

甘肃民院教授、藏族著名作家、诗人拉加才让先生在座谈中交流




མཐུན་ཚོགས་ཀྱི་ཀྲུའུ་ཞུ་གཞོན་པའམ་ཟླ་ཟེར་དུས་དེབ་གཙོ་སྒྲིག་པ་རྒན་ཕྱག་རྡོར་ཚེ་རིང་ལགས་ནས་བསམ་ཚུལ་བགྲོ་གླེང་གནང་བ།

协会副主席、《达赛尔》主编希多才让同志发表意见



མཐུན་ཚོགས་ཀྱི་ཀྲུའུ་ཞུ་གཞོན་པའམ་དྲུང་ཡིག་རྟ་མགྲིན་མགོན་པོས་མཐུན་ཚོགས་ཀྱི་2017ལོའི་བྱ་བའི་འཆར་ཟིན་སྙན་སྒྲོན་ཞུ་བ།

协会副主席兼秘书长旦正贡保同志宣读协会2017年工作计划(草案)


མཐུན་ཚོགས་ཀྱི་དྲུང་ཡིག་གཞོན་པ། གཙོས་དགོན་པའི་རྒན་ཤེས་རབ་རྒྱ་མཚོ་ལགས་ནས་བགྲོ་གླེང་གཏམ་བཤད་གནང་པ།

协会副秘书长、合作寺院学者西热加措在座谈中发表意见


མཐུན་ཚོགས་ཀྱི་དྲུང་ཡིག་གཞོན་པ། ཁུལ་ཨུའི་དྲིལ་བསྒྲགས་པུའུ་ཡི་ཞེད་རིན་ཧྲིན་ལགས་ནས་མཐུན་ཚོགས་ཀྱི་འཕེལ་རྒྱས་གླེང་བ།

协会副秘书长、州青年书法协会主席、州委宣传部文秘办主任薛仁生在谈协会发展问题


       མཐུན་ཚོགས་ཀྱི་དྲུང་ཡིག་གཞོན་པ། ཁུལ་སྲིད་གྲོས་ཡིག་བསྒྱུར་ཁང་གི་ཁའོ་ཀྲང་སྐལ་བཟང་དོན་གྲུབ་ལགས་ཀྱིས་ཡིག་གཟུགས་མཐུན་ཚོགས་ཀྱི་བྱ་བའི་གྲུབ་འབྲས་དང་2017ལོའི་སྐབས་དང་པོའི་ལས་འཛིན་གྲོས་ཚོགས། ཡིག་གཟུགས་དཔྱད་གླེང་བྱ་འགུལ། ལོ་སར་སྔོན་གྱི་ཡིག་གཟུགས་བྱ་བ་འགའི་ཐད་ཀྱི་འཆར་གཞི་གསལ་བཤད་གནང་པ།

      协会副秘书长、州政协翻译科科长尕藏东智(第二排右一)汇报2017年第一次理事会议、笔会、春节前后有关书法主题活动的策划与准备情况


ཚོགས་ཞུགས་ཀྲུའུ་ཞི་གཞོན་པ་ཚེ་དཔག་སྐྱབས་དང་ཆེད་མཁས་པ་ལྷ་རྒྱལ་ཚེ་རིང་སོགས་ཀྱིས་བྱ་བའི་སྙན་ཞུ་ལ་ཞིབ་བཤེར་གནང་པ།

协会副主席、甘南中职学校筹建处副主任才虎加、顾问拉加才让等参会人员在审阅工作报告


ཡིག་གཟུགས་དཔྱད་བརྗོད་དང་ཡུལ་དངོས་གསར་རྩོམ་གནས་ཚུལ།

笔会现场剪影



མཐུན་ཚོགས་ཀྱི་དྲུང་ཡིག་གཞོན་པ་རྒན་ཆོས་འཁོར་བསྟན་འཛིན་ལགས་ཀྱིས་ལཉྫའི་ལམ་ནས་འཇམ་དབྱངས་ཀྱི་གཟུངས་ཨ་ར་པ་ཙ་འབྲི་བཞིན་པ།

协会副秘书青科旦增加措创作智慧佛文殊菩萨咒语,以表甘南藏文书法工作蒸蒸日上、兴旺发达




ཀན་སུའུ་ནང་བསྟན་སློབ་གླིང་གི་ཡིག་གཟུགས་དགེ་རྒན་ནམ་མཐུན་ཚོགས་ཀྱི་ཚོགས་མི་ཁ་གྱ་འཇིགས་མེད་ལགས་ནས་

འཁྱུག་བྲིས་ཀྱི་བཀྲ་ཤིས་བདེ་ལེགས་ཀྱི་བརྩམས་ཆོས་ལ་ཐམ་ཀ་སྐྱོན་བཞིན་པ།

甘肃省佛学院老师书协事理卡加久美创作丘体《吉祥如意》



ཡིག་གཟུགས་པ་བན་དེ་ཚེ་རིང་གིས་ཐུ་བྷོད་ཚང་བོད་ཟས་གསོལ་ཁང་ལ་བྲིས་པའི་སྒོ་བྱང་།

青年书法家完代才让为吐蕃仓美食藏餐厅书写牌匾



ཚོགས་ཞུགས་ཆེད་མཁས་དང་ཡིག་མཁན་རྣམས་གྱིས་ཡིག་གཟུགས་དཔྱད་གླེང་མཛད་པ།

参会学者、书法家在评鉴书法作品



ཚོགས་གཙོ་ལགས་ནས་ཡིག་གཟུགས་དཔྱད་གླེང་མཛད་པ།

参会学者、书法家在评鉴书法作品


རྒན་སྒོམ་པ་བཀྲ་ཤིས་ལགས་ཀྱི་བོད་ཀྱི་སྲོལ་རྒྱུན་རིག་གནས་དང་དེང་རབས་ཡིག་གཟུགས་བར་གྱི་

འབྲེལ་བ་གླེང་བཞིན་པ།

贡巴扎西教授从藏族传统文化和书法技艺的结合点和创新中注意的个别问题



ཡུལ་དངོས་བརྩམས་ཆོས་དང་མཉམ་པར་རྒྱག་བཞིན་པ།

笔会现场作者与书友合影留念



གཙོས་དགོན་པའི་རྒན་ཤེས་རབ་རྒྱ་མཚོ་ལགས་ནས་ཡིག་གྲོགས་ལ་ལེགས་སྐྱེས་འབྲི་བཞིན་པ།

合作寺院书法家泽·西饶加措为书友题词留念



གནའ་བོའི་ཡིག་གཟུགས་རྩ་ཆེན་ལཉྫའི་བྲིས་གཟུགས་ལ་རོལ་མྱོང་བྱེད་པ།

欣赏古梵文兰札体书法创作



རྒྱ་བོད་ཡིག་གཟུགས་སྒྱུ་རྩལ་གྱི་བྲིས་རྩལ་བརྗེ་རེས།

现场交流藏汉书法技艺



འཁྱུག་ཡིག་པ་རྒན་འབུམ་ཁོ་ལགས་ཀྱི་ཡིག་གཟུགས་ལ་རོལ་མྱོང་བྱེད་བཞིན་པ།

甘南藏医最高学府本考老师丘千体鉴赏



ན་གཞོན་ཡིག་གཟུགས་པ་སྐལ་བཟང་དོན་གྲུབ་གྱིས་ཡིག་གྲོགས་ལ་ལེགས་སྐྱེས་འབྲི་བཞིན་པ།

青年书法家尕藏东智为书友题词创作





ན་གཞོན་ཡིག་གཟུགས་པ་བན་དེ་ཚེ་རིང་གིས་དབུ་ཅན་ཡིག་གཟུགས་བརྩམས་ཆོས་གསར་རྩོམ་བྱེད་བཞིན་པ།

青年书法家完代才让挥笔创作




བྲིས་པ་གཙོས་ཤེས་རབ་རྒྱ་མཚོས་གངས་ལྗོངས་ཨ་ནུ་ཡིག་ཆས་ཀུང་སི་ལ་ཤིས་ཚིག་འབྲི་བཞིན་པ།

青年书法家泽·西饶加措为雪域阿鲁藏文具公司书写牌匾


ན་གཞོན་བྲིས་པ་བསོད་ནམས་ཚེ་རིང་ལགས་ནས་སྨོན་ལམ་ཡིག་རྒྱུན་གྱི་ཕྱག་བྲིས་སྤེལ་བཞིན་པ།

青年书法家索南才让在创作毛兰体书法作品



རྒན་ཆོས་འཁོར་བསྟན་འཛིན་ལགས་ནས་གྲོགས་ཚེ་དཔག་སྐྱབས་ལ་ལཉྫའི་ཕྱག་བྲིས་ཕུལ་པ།

青科旦增先生为书友人才虎加书写文殊菩萨心咒




ཐུ་བྷོད་ཚང་བོད་ཟས་གསོལ་མཆོག་གླིང་གི་སྤྱི་གཉེར་ཡིག་གཟུགས་ཀྱི་དགའ་སྟོན་ལ་རོལ་བ།

吐蕃仓美食藏餐厅老总在书法笔会上



ན་གཞོན་བྲིས་པ་མཁའ་འགྲོ་འབུམ་གྱིས་སྒྱུ་རྩལ་གྱི་སྨྱུག་ཁ་སྒྱུར་བཞིན་པ།

青年书法家看召本聚精会神地创作




ན་གཞོན་ཡིག་གཟུགས་པ་བན་དེ་ཚེ་རིང་གིས་འབྲུ་ཚའི་ཡིག་གཟུགས་བརྩམས་ཆོས་གསར་རྩོམ་བྱེད་བཞིན་པ།

青年书法家完代才让挥笔创作珠匝体作品



ན་གཞོན་ཡིག་གཟུགས་པ་རྟ་མགྲིན་མགོན་པོས་ཐུ་བྷོད་ཚང་ལ་ཤིས་ཚིག་འབྲི་བཞིན་པ།

青年书法家旦正贡保为吐蕃仓美食藏餐厅书写贺词



ཡིག་གྲོགས་རྣམ་པའི་སེམས་ན་ཉེར་བའི་གསེར་གྱི་སྨྱུ་གུ།

书友心中有一枝金竹笔



ཡུལ་དངོས་བརྩམས་ཆོས་ཟུར་གཅིག

现场作品一角



ཡུལ་དངོས་བརྩམས་ཆོས་ཁག་ཅིག

现场作品一角

阅读975
分享
写下您的评论吧