ཡིག་གཟུགས་དཔེ་རྙིང་འདི་དག་ནི་དུས་རབས་བཅུ་གཅིག་པའི་ནང་དུ་བྲིས་པའི་ཝརྟུའི་བྲིས་དཔེ་འཁྲུལ་མེད་ཅིག་ཡིན་དེ། འདི་ནི་ལྷོ་བྲག་དཀྱིལ་སྡེ་ཤོག་ནས་རྔོག་པའི་གདན་ས་ཉམས་ཆག་སྐབས་ནང་རྟེན་ཕལ་ཆེར་གྲྭ་ནང་དུ་འཐོར་བའི་ནང་ནས། ཕྱིས་སུ་རྒྱ་དཔེ་འདི་སྨིན་གླིང་རྡོར་འཛིན་རིན་པོའི་ཆེས་འབྲུག་གྲོང་སར་རྒྱལ་པོ་ལ་ཕུལ་བ་གཏེར་སྟོན་ཟིལ་གནོན་ནམ་མཁའ་རྡོ་རྗེའི་ཕྱག་ཏུ་སོན་པ། ཀྱཻ་རྡོར་བརྟག་གཉིས་རྩ་བ་སྟོད་ཆ་ནི་རྗེ་ནཱ་རོ་པའི་ཕྱག་བྲིས་འཁྲུལ་མེད་དང་། སྨད་ཆ་ནི་རྗེ་མར་པ་ལོ་ཙཱའི་ཕྱག་བྲིས་འཁྲུལ་མེད་རྔོག་པའི་རྟེན་སྐལ་དུ་གནང་བ་སོགས་ཀྱི་ལོ་རྒྱུས་གཏན་ཚིགས་ཁུངས་བཙུན་ཡིད་ཆེས་ཅན་དུ་འདུག་པ་དང་བཅས་ཤིན་ཏུ་བྱིན་རླབས་ཅན་ཡིན་པས་མོས་པ་ཡོད་མཁན་ཚོས་ཉར་ཚགས་གནོངས་རོགས་ཞུ། ཞེས་དབྱངས་གོ་ཆས་དྲྭ་ཐོག་ནས་མཁོ་སྤྲོད་ཞུས།