༼ཚངས་དབྱངས་རྒྱ་མཚོའི་མགུར་གླུ༽
བརྗོད་དོན་བྱས་པའི་ཡིག་གཟུགས་འགྲེམ་སྟོན་མཚོ་ལྷོ་མི་རིགས་མཐོ་རིམ་སློབ་འབྲིང་ནས་བྱས་པ།
ཟླ༡༠བའི་ཚེས༢༥ཉིན་གྱི་སྔ་དྲོར། མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་མི་རིགས་མཐོ་རིམ་སློབ་འབྲིང་དང་པོའི་དགེ་རྒན་ཀུན་བཟང་དོན་གྲུབ་བམ་བསེ་རུ་ནག་པོའི་༼ཚངས་དབྱངས་རྒྱ་མཚོའི་མགུར་གླུ༽བརྗོད་དོན་ཡིན་པའི་ཡིག་གཟུགས་འགྲེམ་སྟོན་དེ་མཚོ་ལྷོ་ཁུལ་དཔེ་མཛོད་ཁང་དུ་སྤེལ་བ་རེད།
ཐེངས་འདིའི་འགྲེམ་སྟོན་ལ་ཁུལ་རྩོམ་རིག་སྒྱུ་རྩལ་མཉམ་འབྲེལ་ལྷན་ཚོགས་ཀྱིས་གཙོ་སྒྲུབ་དང་། ཁུལ་ཡིག་གཟུགས་མཐུན་ཚོགས། ཁུལ་དཔེ་མཛོད་ཁང་། ཁུལ་མི་རིགས་མཐོ་རིམ་སློབ་འབྲིང་དང་པོ་བཅས་ཀྱིས་རོགས་སྒྲུབ་གནང་སྟེ་སྤེལ་བ་ཞིག་རེད། མཚོ་ལྷོ་ཁུལ་ཐོག་གི་བྲིས་པ་དང་སྤྱི་ཚོགས་ལས་རིགས་སོ་སོའི་ཡིག་གཟུགས་མོས་དད་ཅན། ཁུལ་མི་རིགས་མཐོ་རིམ་སློབ་འབྲིང་དང་པོ་དང་ཁུལ་ལས་རིགས་ལག་རྩལ་སློབ་གྲྭ གསེར་ཆེན་རྫོང་མི་རིགས་སློབ་འབྲིང་། གསེར་ཆེན་རྫོང་མི་རིགས་ཆ་ཚང་སློབ་ཆུང་དང་པོ་བཅས་ཀྱི་དགེ་སློབ་༧༠༠ལྷག་འགྲེམ་སྟོན་ལ་ཕེབས་ཡོད།
ཐེངས་འདིའི་ཡིག་གཟུགས་ལ་༼ཚངས་དབྱངས་རྒྱ་མཚོའི་མགུར་གླུ་༽ཆ་ཚང་དབུ་ཅན་གྱི་ལམ་ནས་བྲིས་ཐོག་གཞན་གཞུང་བྲིས་ཚུགས་ཆེན་དང་ཚུགས་ཆུང་། འབྲུ་ཚ་སོགས་བྲིས་གཟུགས་སྣ་ཚོགས་ཡོད་པ་མ་ཟད། རྒྱ་ཡིག་གི་ཡིག་གཟུགས་བརྩམས་ཆོས་ཁ་ཤས་ཀྱང་བཀྲམས་འདུག འགྲེམ་སྟོན་དུས་ཡུན་ཟླ་༡༠བའི་ཚེས་༢༥ ནས་ཚེས་༢༨བར་ཡིན།
ད་རེས་ཀྱི་འགྲེམ་སྟོན་འདི་ཡིག་གཟུགས་ཁོ་ནའི་ཆེད་དུ་ཡིག་གཟུགས་འགྲེམ་སྟོན་བྱས་པ་ཙམ་མ་ཡིན་པར། ཡིག་གཟུགས་ཀྱི་གཟུགས་ཉམས་ཀྱིས་༼ཚངས་མགུར༽ དྲིལ་བསྒྲགས་དང་༼ཚངས་མགུར༽གྱི་སྒྱུ་རྩལ་མཛེས་ཉམས་དྲིལ་བསྒྲགས། ཡིག་གཟུགས་སྒྱུ་རྩལ་མི་ཉམས་གོང་འཕེལ་དང་མཚུངས་སུ་བོད་མི་རིགས་ཀྱི་རིག་གནས་ཀྱི་ཉིང་བཅུད་དྲིལ་བསྒྲགས་བྱེད་པ་དེ་ཡིན།
10月25日至28日,在我馆举办了海南州第一民族高级中学书法教师更藏东主藏汉文书法展。
这次书法展共展出更藏东主以《仓央嘉措道歌》为主要内容的90多幅个人藏汉文书法作品。藏文书法作品分为乌金体、粗仁体、粗桶体、珠擦体等;汉文书法作品为篆、隶、草、行、楷体。其作品用不同的艺术手法和风格,迹化与尺寸之上,寄情于笔墨之中,既有对藏文书法传统手法的继承,又有现代藏文书法方面的创新,融民族特色、地方特色与时代特色为一体,主题反映民族团结,基调高雅,积极向上。一幅书法作品,好似一幅美丽的画卷,一幅书法作品好似一部交响乐,观展者通过其书法作品可感受到时代前进的步伐,聆听到时代发展的脉搏。给人以美的享受和美的教育,使许多观展者,驻足于作品之前,静悄悄地欣赏,流连忘返。
在更藏东主书法展展览期间,先后有州民族高中、共和县中学等多所学校的500多名师生和社会各界人士前来观看和欣赏。许多师生说,更藏东主的一些藏文草书体是我们首次所见,它开阔了我们的视野,增长了见识。
这次展览由海南州文联主办、海南州图书馆协办