སྟོན་པ་གཤེན་རབ།

མི་གསལ།  编辑:ཧེ་རམ་པ།
2017-06-25

       གཤེན་རབ་མི་བོ་ཆེའམ་སྟོན་པ་གཤེན་རབ་མཆོག   ཕྱི་ལོའི་དུས་རབས་མ་ཚུགས་གོང་གི་ལོ་དྲུག་བརྒྱ་ཡས་མས་སུ་ཡབ་རྒྱལ་བོ་ཐོང་དཀར་དང་། ཡུམ་རྒྱལ་བཞད་མ་གཉིས་ཀྱི་སྲས་སུ་སྟག་གཟིག་འོལ་མོ་ལུང་རིང་དེངས་སྐབས་བལ་པོའི་མངའ་ཁོང་འོམ་ལཱ་ཞེས་པ་སྟོད་མངའ་རིས་སྤུ་ཧྲེང་གི་ས་འབྲེལ་དུ་སྐུ་འཁྲུངས།   ཞང་ཞུང་སྨར་ཆེན་དང་སྨར་ཆུང་སོགས་ཡིག་རིགས་དྲུག་ཅུ་ནང་གསར་བཏོད་ཀྱི་མཛད་པ་སོགས་ངོ་མཚར་བའི་འཕྲུལ་གྱིས་གསོན་པོ་རྣམས་ཀྱི་ལྷ་སྒོ་ཕྱེས་པ་དང་། གཤིན་པོ་རྣམས་ཀྱི་དུར་སྒོ་བཅད་པ།འགྲོ་བ་རྣམས་ལ་ཕྱི་རྒྱུད་བོན་གྱི་གཞུང་ལུགས་ཚང་མ་ཐེག་པ་རིམ་དགུའམ། བོན་སྒོ་བཞི་བ།མཛོད་སོགས་སུ་བསྡུས་ནས་བོན་གྱི་འཁོར་ལོ་རྒྱ་ཆེན་པོ་བསྐོར་ནས་དགུང་ལོ་གྱ་གཉིས་སྟེང་སྐུ་གཤེགས་པར་གྲགས།

阅读1346
分享
写下您的评论吧