༄༅།།ཨ་ཕའི་དུས་ཆེན་ལ་རྟེན་འབྲེལ་ཞུ་བའི་བརྗོད་དོན་ཡིག་གཟུགས་གསར་བརྩོམ་བརྡ་ཡིག

2015-06-10

         ཟླ6ཚེས་21ནི་ཨ་ཕའི་དུས་ཆེན་ཡིན་མོད།   ཁྱོད་ཀྱིས་ཨ་ཕའི་དུས་ཆེན་ཀྱི་སྐབས་སུ་ཨ་ཕར་དྲོད་ཁོལ་སྦྱིན་པའི་སྙིང་གཏམ་ག་ཙམ་བཤད་མྱོང་།  ་་་་་་  ་་་་་་་

        ཨ་ཕ་ཅེས་པའི་ཐ་སྙད་འདི་ཅི་འདྲའི་བརྗིད་ཆགས་ཀྱི་འབོད་མིང་ཞིག    ཅི་འདྲའི་རྒྱུས་མངའ་ལྡན་པའི་མིང་ཚིག་ཞིག     ཡིན་ནའང་།  གནའ་ནས་དེང་གང་གི་དུས་སུ།  མི་རྣམས་ཀྱིས་ཨ་ཕའི་བཀའ་དྲིན་བརྗོད་ཅིང་།  ཨ་ཕར་བསྟོད་བསྔགས་བྱེད་པའི་གཏམ་བརྗོད་དང་བརྩམས་ཆོས་བྲིས་པ་ཨ་མར་བྲིས་པའི་བརྩམས་ཆོས་དང་བསྡུར་ཐབས་དབེན།   ཡིན་ནའང་བསྟོད་བསྔགས་དང་གཏམ་གླེང་མེད་པ་ནི་ཨ་ཕའི་བཀའ་དྲིན་ཆུང་དུ་སོང་བ་ག་ལ་ཡིན།    ཨ་ཕའི་བཀའ་དྲིན་རི་རབ་ལས་ཀྱང་བརྟན་བརླིང་ཡིན་ལ།  ཨ་ཕའི་བཀའ་དྲིན་ནམ་མཁའ་ལས་ཀྱང་མུ་མཐའ་དབེན།

           དེ་བས་ཐེངས་འདིར་བོད་ཀྱི་ཡིག་གཟུགས་དྲ་བས་སྤེལ་བའི་ཡིག་གཟུགས་བརྗོད་དོན་བྱ་འགུལ་གྱི་བརྗོད་གཞི་ཨ་ཕའི་དུས་ཆེན་ཡིན་པས།  དྲ་གྲོགས་དང་ཡིག་གཟུགས་ལ་དགའ་མཁན་ཚང་མས་དེ་ཕྱོགས་ཀྱི་ཡིག་གཟུགས་བརྩམས་ཆོས་སྤུས་ལེགས་གང་མང་གསར་རྩོམ་གནང་ནས་རང་གི་ཡིག་གཟུགས་འབྲི་རྩལ་མཐོར་འདེགས་གཏོང་པ་དང་། ང་ཚོའི་ཐུན་མོང་གི་ཡིག་གཟུགས་འཚོ་བའི་རོ་བཅུད་མ་ཤོར་བ་སོགས་ཀྱི་སླད་དུ་ཆོལ་གསུམ་བོད་པའི་ཡིག་གཟུགས་པ་ཚང་མའི་ཐུགས་ལ་འཇགས་པར་འཚལ།

               ཟླ6ཚེས་20ཉིན་ཀྱི་ཕྱི་དྲོ་ཆུ་ཚོད6དང་ཕྱེད་ནས་བརྩམས་ཆོས་བསྡུ་མཚམས་འཇོག་རྒྱུ།


阅读834
分享
写下您的评论吧