བོད་ཤོག་ལ་བསྟོད་པའི་སྙན་ངག

པན་ཅི་ཞིན། ལོ་ཙཱ་བ།གཙོས་ཤེས་རབ་རྒྱ་མཚོ།
2026-06-27

བོད་ཤོག་ལ་བསྟོད་པའི་སྙན་ངག


ལོ་ཙཱ་བ། གཙོས་ཤེས་རབ་རྒྱ་མཚོ།


       པན་ཅི་ཞིན་གྱིས་བརྩམས་པའི་《ཀྲུང་གོའི་ཤོག་བཟོའི་ལག་རྩལ་ལོ་རྒྱུས་》(རྒྱུན་གྱི་བསྡུས་མིང་དུ་《ཀྲུང་གོའི་ཤོག་བཟོའི་ལོ་རྒྱུས་》ཞེས་འབོད་)༡༩༧༩ལོའི་རིག་དངོས་དཔེ་སྐྲུན་ཁང་གི་པར་མའི་ཤོག་ངོས་༡༣༡པར། ཆིན་རྒྱལ་རབས་ཀྱི་གྲ་ལེ་ཞེས་པས་བྲིས་པའི་《བོད་ཤོག་ལ་བསྟོད་པའི་སྙན་ངག་》ཅེས་པ་ཆ་ཚང་བཀོད་ཡོད་ལ། དེ་ནི་དེབ་དེའི་ནང་བོད་ཤོག་ལ་ཆེད་དུ་བསྟོད་པའི་གནའ་རྩོམ་རྐྱང་པ་དེ་ཡིན།


དེའི་སྙན་ངག་ཆ་ཚང་ནི།


ཧྲུའུ་ཡི་ཤོག་བུ་ཡུས་ཀྲང་ལས་དམན་པས་། །

བཟོ་རྩལ་ལེགས་ཉེས་བསྔགས་པས་ཅི་ཞིག་བྱ། །

ཅང་ནན་ཡུལ་དུ་ཤོག་རྒྱུ་མང་ཞིང་འབེལ། །

བྱང་ཕྱོགས་རྒྱུད་དུ་ཐོན་སྐྱེད་ཉུང་ལ་དཀོན། །

སུ་ཡིས་ཐུབ་བསྟན་རྒྱས་པའི་བོད་ལྗོངས་སུ། །

ཁྱད་འཕགས་ཤོག་རྒྱུ་ངོ་མཚར་འབྱུང་བར་བསམས།།

རྡོ་གཞོང་ནང་དུ་ཤིང་ཤུན་ལྡེ་གུར་བརྡུངས། །

ཤོག་སྒྲོམ་བཀན་ལས་གསེར་གྱི་རླབས་རིས་འཕྱུར། །

དེར་ཐོན་ཤོག་བུ་དཀྱུས་སུ་འདོམ་གང་ལྡན། །

ཞེང་དུ་ཕལ་ཆེར་ཁྲུ་གཉིས་ཚད་དུ་མཆིས། །

ཤོག་རྒྱུ་སྲ་ལེགས་དར་སྐུད་འཇམ་པོ་འདྲ། །

ངོས་གཙང་རབ་དཀར་དུང་གི་མདངས་དང་ལྡན། །

སྲ་ལ་འཇམ་པས་སྣག་བཟང་འཛིན་པར་ཕན། །

དྲི་བྲལ་དྭངས་གསལ་རྡུལ་གྱིས་མ་གོས་འདི། །

ཚིགས་བཅད་འབྲི་ལ་ཤིན་ཏུ་འཚམས་པ་སྟེ། །

རི་མོ་བྲིས་ན་དེ་བས་འདོད་དགུར་འབྱུང་། །

བཅད་ཤིང་དྲས་ན་སྒེའུ་ཁུང་ཡོལ་བར་རུང་། །

མཐུན་པར་སྦྱར་ན་ཤོག་བུའི་གུར་ཡང་ནུས། །

ཀོ་ལིའི་ཤོག་བུར་འགྲན་པའི་ཟླར་ཆས་ཤིང་། །

ནུབ་ཕྱོགས་རྒྱ་སེར་ཤོག་བུས་དོ་མི་འཚལ། །


                   ༢༠༢༦-༦-༢༥

མ་ཡིག་བརྒྱུད་འགོད།


       潘吉星《中国造纸技术史稿》(即常简称《中国造纸史》)1979年文物出版社版第131页,全文引用清代查礼所作《藏纸诗》,是全书唯一专门赞美藏纸的古诗。

   

完整全诗摘录:

蜀纸逊豫章,工拙奚足尚。

江南楮多繁,北土产微旷。

孰意黄教方,特出新奇样。

臼捣柘皮浆,帘漾金精浪。

取材径丈长,约宽二尺放。

质坚宛茧练,色白施浏亮。

涩喜爱隃麋,明勿染尘障。

题句意固适,作画兴当畅。

裁之可糊窗,缀之堪为帐。

何异高丽楮,洋笺亦复让。


阅读201
分享
写下您的评论吧