གཙོས་བོད་རིགས་སློབ་ཆུང་གི་མཐར་ཕྱིན་སློབ་མའི་ཡིག་རིས་བརྩམས་ཆོས་འགྲེམ་སྟོན།

ཚེ་རིང་རྣམ་རྒྱལ།
2026-05-27

བྲིས་ཀྱི་གཟུགས་སུ་སྤྲུལ་བའི་དར་གྱི་མདངས།། མ་ཡུམ་སློབ་གྲྭར་ཕུལ་བའི་ནོམ་གྱི་མཆོག།

གཙོས་བོད་རིགས་སློབ་ཆུང་གི་མཐར་ཕྱིན་སློབ་མའི་ཡིག་རིས་བརྩམས་ཆོས་འགྲེམ་སྟོན།


        དྲུག་གཅིག་བྱིས་པའི་དུས་ཆེན་གྱི་གོམ་སྒྲ་ཇེ་ཉེར་སོང་བ་དང་བསྟུན། རང་ཁུལ་གྱི་སློབ་གྲྭ་ཆུང་འབྲིང་ཁག་གིས་ན་ཆུང་བྱིས་པ་དང་འབྲེལ་བའི་བྱེད་སྒོ་རྣམ་པ་སྣ་ཚོགས་སྤེལ་གྱིན་མཆིས་ཏེ། ཟླ5པའི་ཚེས26ཉིན། གཙོས་གྲོང་ཁྱེར་བོད་རིགས་སློབ་ཆུང་གིས་བྲིས་ཀྱི་གཟུགས་སུ་སྤྲུལ་བའི་དར་གྱི་མདངས།། མ་ཡུམ་སློབ་གྲྭར་ཕུལ་བའི་ནོམ་གྱི་མཆོག་ཅེས་པའི་ཡིག་མཁན་ཆུང་ཆུང་གི་ཡིག་རིས་འགྲེམ་སྟོན་སྤེལ།


合作藏小学生1.jpg


       ཐེངས་འདིའི་འགྲེམ་སྟོན་དུ་ལོ་རིམ་དྲུག་པའི་སློབ་མ་བསམ་འགྲུབ་ཚེ་རིང་དང་། བསྟན་འཛིན་ཉི་སྒྲོན། བསྟན་འཛིན་བྱམས་ཆོས། བསོད་ནམས་གཡང་འཛོམས། བློ་བཟང་བཀྲ་ཤིས་བཅས་ཀྱི་ཡིག་གཟུགས་བརྩམས་ཆོས་འགྲེམ་སྟོན་བྱས། སློབ་གྲྭའི་འབྲེལ་ཡོད་མགོ་ཁྲིད་དང་རང་ཁུལ་གྱི་ཡིག་གཟུགས་མཐུན་ཚོགས། ཐང་ག་མཐུན་ཚོགས་ཀྱི་སྒྱུ་རྩལ་པ་དང་ཆེད་མཁས་པ་སོགས་བྱེད་སྒོར་ཞུགས་ཤིང་ཤིས་ཚིག་ཕུལ་བར་མ་ཟད། ཡིག་མཁན་ཆུང་ཆུང་རྣམས་ཀྱི་སྙིང་རུས་དང་གྲུབ་འབྲས་ལ་གདེང་འཇོག་མི་དམན་པ་བྱས།


合作藏小学生2.jpg


           སློབ་ཆུང་གི་ལོ་ངོ་དྲུག་གི་རིང་། ཡིག་མཁན་ཆུང་ཆུང་རྣམས་ཀྱིས་བསླབ་ཚན་སློབ་སྦྱོང་བྱས་པའི་ཞོར་ལ། རང་ཉིད་ཀྱི་མོས་པ་ལྟར་བོད་ཀྱི་ཡིག་གཟུགས་སྒྱུ་རྩལ་འབད་འབུངས་ལྷོད་མེད་ཀྱིས་དོན་དུ་གཉེར་ཏེ། སུག་རིང་དང་སུག་ཐུང་། འབྲུ་ཚ། འཁྱུག་བྲིས། དབུ་ཅན། ཧོར་ཡིག་སོགས་ཡིག་གཟུགས་དུ་མ་ལ་བྱང་ཆ་ལྡན་པར་སྦྱངས་ཏེ། མི་ལོ་སྟོང་ཕྲག་ལ་བརྒྱུད་པའི་རིག་གནས་ཀྱི་བརྡ་རྟགས་འདི་ཉིད་དུས་རབས་གསར་པའི་སློབ་རའི་ཁྲོད་དུ་གསོན་ཤུགས་དང་གཟི་མདངས་རྒྱས་པར་བྱས།


合作藏小学生7.jpg      合作藏小学生8.jpg


合作藏小学生10.jpg      合作藏小学生9.jpg


        རྒྱུས་ལོན་བྱས་པ་ལྟར་ན། ཉེ་བའི་ལོ་དུ་མའི་རིང་། གཙོས་བོད་རིགས་སློབ་ཆུང་གིས་སློབ་གསོ་སྤུས་ཚད་མཐོ་བའི་སྒོ་ནས་འཕེལ་རྒྱས་གཏོང་བར་ནུས་ཤུགས་ཆེན་པོ་བཏོན་ཞིང་། སློབ་རའི་ཁོར་ཡུག་དང་སློབ་གསོའི་སྒྲིག་ཆས། དགེ་རྒན་གྱི་དཔུང་སྡེ་སོགས་ཕྱོགས་ཡོངས་ནས་སྤུས་ཚད་མཐོར་འདེགས་བཏང་སྟེ། ཕྱོགས་ལྔའི་སློབ་གསོ་ཅིག་ཅར་དུ་སྐྱོང་བར་དོ་སྣང་བླ་ལྷག་བྱས། སློབ་མའི་དགའ་ཕྱོགས་གསོ་སྐྱོང་བྱ་བར་མཐུན་རྐྱེན་གང་ལེགས་བསྐྲུན་ཏེ། ཚན་རིག་དགའ་མོས་ཚོགས་པ་དང་ཡིག་གཟུགས་དགའ་མོས་ཚོགས་པ་སོགས་དགའ་ཕྱོགས་ཚོགས་པ་སུམ་ཅུ་ལྷག་བཙུགས། ཐེངས་འདིར་བརྩམས་ཆོས་འགྲེམ་སྟོན་བྱས་པའི་ཡིག་མཁན་ཆུང་ཆུང་རྣམས་ཀྱིས་ཕུལ་དུ་བྱུང་བའི་པིར་རྩལ་གྱིས་སློབ་གྲྭ་ལ་དྲིན་ལན་འཇལ་བའི་ཚུལ་འདི་ཡང་སློབ་གྲྭ་གང་དེས་བྱང་ཚད་སློབ་གསོ་དང་མཛེས་དཔྱོད་སློབ་གསོ་སྐུལ་འདེད་བཏང་བའི་གཡུར་ཟའི་འབྲས་བུ་ཡིན།


合作藏小学生3.jpg


合作藏小学生4.jpg


合作藏小学生5.jpg


合作藏小学生6.jpg


合作藏小学生12.jpg


合作藏小学生13.jpg


合作藏小学生14.jpg


合作藏小学生16.jpg


合作藏小学生17.jpg


合作藏小学生15.jpg


合作藏小学生22.jpg


合作藏小学生24.jpg


合作藏小学生25.jpg


合作藏小学生27.jpg


合作藏小学生28.jpg


合作藏小学生26.jpg


合作藏小学生29.jpg


         ཐེངས་འདིའི་བྱེད་སྒོ་ནི།   ཡིག་མཁན་ཆུང་ཆུང་རྣམས་ཀྱིས་ཚབ་བྱས་པའི་སློབ་མ་རྣམས་ཀྱིས་རང་ཉིད་ཀྱི་དགའ་ཕྱོགས་དོན་དུ་གཉེར་བའི་གྲུབ་འབྲས་ཀུན་གྱི་མཐོང་ཆོས་སུ་མངོན་པའི་གར་སྟེགས་ཤིག་དང་།   གཙོས་བོད་རིགས་སློབ་ཆུང་དང་བཅས་པའི་རང་ཁུལ་གྱི་སློབ་གྲྭ་ཆུང་འབྲིང་གིས་སློབ་མའི་ཕྱོགས་བསྡུས་བྱང་ཚད་ལ་མཐོང་ཆེན་བྱས་པའི་དན་རྟགས་ཤིག་ཡིན་པར་མ་ཟད།   རང་ཁུལ་གྱི་སྒྱུ་རྩལ་སློབ་གསོའི་གྲུབ་འབྲས་ཐད་ཀྱི་ཞིབ་བཤེར་ཐེངས་གཅིག་ཀྱང་ཡིན་ལ།   ཀན་ལྷོ་ཁུལ་གྱིས་ཕྱོགས་ཡོངས་ནས་ལོ་ལྔའི་འཆར་གཞི་བཅོ་ལྔ་པའི་སློབ་གསོའི་འཆར་འགོད་ལག་ཏུ་བསྟར་པ་དང་།    ཀུན་སྤྱོད་འཛིན་པ་དང་མི་གཞི་སྐྱོང་བའི་རྩ་བའི་ལས་འགན་གཏིང་ཇེ་ཟབ་ཏུ་བཏང་བའི་ལག་ལེན་ཞིག་ཀྱང་ཡིན།   ཕྱོགས་བསྡུས་བྱང་ཚད་སློབ་གསོ་དང་དགའ་ཕྱོགས་གསོ་སྐྱོང་རྩིས་མཐོང་བྱས་པའི་སློབ་གསོའི་རྣམ་འགྱུར་དེ།   དབྱངས་གསལ་སོ་བཞིའི་རི་མོའི་གསེང་དུ་མངོན་པར་གསལ་ཞིང་།   དགེ་སློབ་བར་གྱི་རྒྱུན་འཛིན་ཁྲོད་དུ་གསོན་ཤུགས་རྒྱས་པས།   ཡིག་རིས་འགྲེམ་སྟོན་གྱིས་མཚོན་པའི་བོད་ཀྱི་ཡིག་གཟུགས་སྒྱུ་རྩལ་ཀྱི་སློབ་ཁྲིད་དང་གསོ་སྐྱོང་འདི་རིགས་ནི་ཀྲུང་ཧྭ་མི་རིགས་ཀྱི་ཕུལ་དུ་བྱུང་བའི་སྲོལ་རྒྱུན་རིག་གནས་སློབ་རའི་ཁྲོད་ནས་གསར་གཏོད་རང་བཞིན་གྱིས་རྒྱུན་འཛིན་བྱེད་སྟངས་ཤིག་ཡིན་ལ། པིར་རྩེ་ལ་བརྟེན་ནས་མི་རིགས་རིག་གནས་འཛིན་སྐྱོང་དང་སློབ་མའི་རིག་གནས་ཀྱི་གདེང་ཚོད་མཐོ་རུ་འདེགས་པའི་ལམ་བུ་ཞིག་ཡིན།


合作藏小学生11.jpg



合作藏小学生18.jpg


合作藏小学生20.jpg


合作藏小学生21.jpg



合作藏小学生23.jpg


合作藏小学生19.jpg






གསར་འགོད་པ། ཚེ་རིང་རྣམ་རྒྱལ།
ཚེ་རིང་དོན་གྲུབ། ཡུམ་ཚེ་རིང་།
བཀྲ་ཤིས་སྐྱིད།(དངོས་སྦྱོང་།)



阅读131
分享
写下您的评论吧