ཨ་མདོ་རྫོང་མཚོ་དམར་ཡུལ་ཤོག་རྒྱ་འབུར་གྲོང་ཚོའི་ཡིག་གཟུགས་བྱེད་སྒོ།

ཤེས་མེད་འཁྱམ་པོ།
2026-05-20


ཨ་མདོ་རྫོང་མཚོ་དམར་ཡུལ་ཤོག་རྒྱ་འབུར་གྲོང་ཚོའི་ཡིག་གཟུགས་བྱེད་སྒོ།



         སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གསུངས་དོན།   སྟོབས་ལྡན་གྱི་རྒྱལ་ཁབ་ཞིག་དུ་གྱུར་དགོས་ན་ཐོག་མར་རིག་གནས་ཕུལ་དུ་བྱུང་བ་ཞིག་དགོས་པ་མ་ཟད་དེ་ལ་གཅེས་སྤྲས་ལེགས་པོ་ཞིག་གནང་དགོས་གསུངས་པ་ནང་བཞིན།   ཨ་མདོ་རྫོང་མཚོ་དམར་ཡུལ་ཤོག་རྒྱ་འབུར་གྲོང་ཚོས་༢༠༢༡ལོ་ནས་བཟུང་མགོ་བརྩམས་ཏེ་ཡིག་གཟུགས་གཙོ་བོར་བྱཔའི་རིག་གནས་ཀྱི་བྱེད་སྒོ་སྣ་ཚོགས་སྤེལ་ཡོད་པ་དང་། ད་དབར་དུ་ལོ་ངོ་དྲུག་གི་རིང་ལ་རྒྱུན་མ་ཆད་པར་འབྲོག་པ་མང་ཚོགས་ཀྱི་རིག་གནས་འཚོ་བ་ཕུན་སུམ་ཇེ་ཚོགས་སུ་བཏང་ཡོད།



安多县1.jpg



      སྐབས་དྲུག་པའི་རིག་གནས་གཙོ་སྒྲུབ་ཚོགས་ཆུང་གིས་༢༠༢༦ལོའི་སྤྱི་ཟླ༥ཚེས༡༧ཉིན་གྱི་ཞོགས་དྲོས་མཚམས་སུ་བོད་ཡིག་ཡིག་གཟུགས་ཀྱི་བྱེད་སྒོ་དངོས་སུ་འགོ་ཚུགས



安多县2.jpg



          བྱེད་སྒོའི་ཁྲོད་དུ་ཐོག་མར་གྲོང་ཚོའི་འཛིན་གཙོ་རྒན་པ་བཀྲ་ཟླས་འགོ་འཛུགས་མཛད་སྒོ་ཁྱབ་བསྒྲགས་གནང་པ་དང་ གཙོ་སྒྲུབ་ཚོགས་པའི་ཚོགས་གཙོ་རྡོར་ཆོས་ཀྱིས་རྒྱ་འབུར་གྲོང་ཚོའི་ཡིག་གཟུགས་འཛིན་སྐྱོང་སྤེལ་གསུམ་གྱི་བརྒྱུད་རིམ་དང་།   ཡིག་གཟུགས་སྒྱུ་རྩལ་གྱི་རིན་ཐང་། སྦྱོང་དགོས་པའི་དམིགས་ཡུལ་དང་སྦྱངས་བའི་ཕན་འབྲས་བཅས་ཀྱི་ཆ་ནས་གཏམ་གླེང་མཛད་པ་མ་ཟད། ཡིག་གཟུགས་སློབ་གཉེར་བ་ཞིག་ལ་ཚང་དགོས་པའི་ཆ་རྐྱེན་དང་ཡིག་གཟུགས་ཀྱི་བྲིས་རྒྱུན་སོ་སོའི་བྱུང་འཕེལ་ལོ་རྒྱུས་དང་དར་རྒྱས་སོང་བའི་གནས་ཚུལ་སོགས་རིག་གནས་ཁྱབ་སྤེལ་དང་བསམ་བློ་རྗེ་རེས་ཀྱི་ཚུལ་དུ་གཏམ་བཤད་མཛད།


安多县3.jpg


           སྨྱུག་ཐོགས་པ་རྣམས་ཀྱིས་ཡིག་གཟུགས་སྒྱུ་རྩལ་བསླབ་སྦྱང་གི་གནས་ཚུལ་ལམ། བྲིས་རྩལ་སྣ་ཚོགས་ཅི་རིགས་སུ་ངོམས་སྟེ་ཤོག་དཀར་དང་སྣག་ཚ་འཁྱུད་པའི་སྟངས་སྟབས་ཡུལ་མི་ཚོའི་མིག་གི་དགའ་སྟོན་དུ་བཤམས།


安多县4.jpg



          སྤྱིར་ཡིག་གཟུགས་འགྲན་རིམ་ཁྲོད་དུ་དཔྱད་འདེམས་དགེ་རྒན་རྣམས་ཀྱིས་རྒྱུ་འབྲས་དྲང་བདེན་གྱིས་དཔྱད་འདེམས་གནང་པ་མ་ཟད། ཕུལ་བྱུང་བརྩམས་ཆོས་སོ་སོའི་རྩོམ་པ་པོར་སྔོན་ཐོན་གྱི་གཟེངས་རྟགས་སྤྲད།


安多县5.jpg



安多县6.jpg



安多县7.jpg



安多县8.jpg



安多县9.jpg



安多县10.jpg



             ཐེངས་འདིའི་ཡིག་གཟུགས་བྱེད་སྒོའི་སྐབས་སུ་ཨ་མདོ་རྫོང་སློབ་གསོ་ཅུས་དང་མཚོ་དམར་ཤང་སྲིད་གཞུང་བཅས་འབྲེལ་ཡོད་རྩ་འཛུགས་ཀྱིས་གདེང་འཇོག་དང་ཐུགས་ཁུར་གནང་བ་མ་ཟད།   རིག་གནས་ལ་དགའ་ཞིང་གཞན་ཕན་ལྷག་བསམ་གྱིས་ཐུགས་རྒྱུད་ཕྱུགས་པའི་མི་བུ་རེ་འགའི་རྒྱབ་སྐྱོར་དང་།   དམིགས་གསལ་དུ་མཚོ་དམར་ཤང་དམངས་འཐུས་སོགས་ཀྱི་ཤུགས་ཆེན་རྒྱབ་སྐྱོར་འོག་རེ་འབྲས་དོན་ལ་སྨིན་པ་ཨེ་མ་ངོ་མཚར་ཆེ་ཅེས་ཀུན་གྱིས་བསྔགས་བརྗོད་ཀྱི་ཡུལ་དུ་གྱུར་རོ།།


安多县11.jpg




སྤྱི་ཁྱབ་ལྟ་སྐུལ་བ།རྟ་མགྲིན་མགོན་པོ།

རྩོམ་སྒྲིག་པ།དཔལ་མགོན་ཚེ་རིང་།

ཞུ་དག་པ། བཀྲ་ཤིས་དོན་གྲུབ།

སྒྲིག་སྦྱོར་བ།རྟ་མགྲིན་འཚོ།


阅读635
分享
写下您的评论吧