ཡིག་གཟུགས་དུས་ཆེན་གྱི་བགྲོ་གླེང་དང་འབྲེལ་བའི་བསམ་ཚུལ།
པདྨ་གསེར་སྨྱུག་རྟགས་མའི་ཡིག་གཟུགས་འགྲན་བསྡུར་གྱི་བགྲོ་གླེང་ཚོགས་འདུའི་སྟེང་གི་གསུངས་བཤད།
སྣེའུ་ཚེ་རིང་དོན་གྲུབ། ཕོ། ༡༩༥༠ལོར་ལྷ་སར་སྐྱེས། བོད་རང་སྐྱོང་ལྗོངས་རྩོམ་སྒྱུར་ཅུད་རྩོམ་སྒྱུར་ཁྲུའི་ཁྲུའུ་ཀྲང་ལས་ཟུར།ཞུས་ཆེན་ལོ་ཙཱ་བ། བསླབ་རྒན་ལོ་ཆེན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཕོགས་སྣོན་བདག་རྐྱེན་ཐོབ་པ། བོད་རྙིང་པའི་སྐབས་སྒེར་གྱི་སློབ་གྲྭར་བོད་ཡིག་སྦྱངས། ༡༩༤༩ལོར་ལྷ་ས་སློབ་འབྲིང་ཐོན་ནས་གཞོན་ནུ་ཤེས་ཡོན་ཅན་གྱི་གྲས་སུ་ཞིང་ཁུལ་དུ་བསྐྱོད། ༡༩༧༡ལོར་ལས་བགོས་བྱུང་ནས་སྔ་རྗེས་སུ་ལྷ་ས་ཆུ་གློག་ཅུད་དང་བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་།བོད་རང་སྐྱོང་ལྗོངས་རྩོམ་སྒྱུར་ཅུད་སོགས་ལ་ལས་ཀ་བྱས།རྒན་ཡོན་མ་ཞུས་བར་གཙོ་བོ་བོད་ཡིག་རྩོམ་སྒྲིག་དང་རྒྱ་བོད་ལོ་ཙཱའི་ལས་སུ་གཞོལ། དེའི་རིང་མཚན་ཞག་སྟོང་གི་གཏམ་རྒྱུད་དང་རྒྱ་བོད་ལོ་ཙཱའི་རྣམ་བཤད་ནོར་བུ་དབྱིག་གི་རྡར་རྡོ་སོགས་བསྒྱུར་རྩོམ་དང་རང་རྩོམ་དཔེ་དེབ་བཅུ་གྲངས་པར་སྐྲུན་བྱས་ནས་དུས་སྐབས་སོ་སོར་བྱ་དགའ་བདག་རྐྱེན་ཡང་ལན་མང་ཐོབ། ༡༩༨༩ལོར་སྐབས་དང་པོའི་བོད་ཡིག་ཡིག་གཟུགས་འགྲན་བསྡུར་ཆེ་མོའི་ནང་འཁྱུག་ཡིག་ཨང་དང་པོ་དང་འབྲུ་ཚ་ཨང་གསུམ་པའི་གཟིགས་བཟོས་བདག་རྐྱེན་ཐོབ། དེ་རྗེས་འཁྱུག་ཡིག་དང་འཁྱུག་མ་ཚུགས། འབྲུ་ཚ་སོགས་ཀྱི་འབྲི་གཟུགས་ཡིག་དཔེ་ཁག་གསུམ་པར་སྐྲུན་འགྲེམས་སྤེལ་བྱས་པས་ད་བར་པར་ཐེངས་བཅུ་གྲངས་དཔར། ༢༠༡༡ལོར་རྒན་ཡོལ་ཞུས་རྗེས་མུ་མཐུད་ཡིག་སྒྱུར་དང་ལོ་ཙཱའི་ཤེས་བྱ་སློབ་ཁྲིད། ཐ་སྙད་བཀས་བཅད་ཀྱི་ལས་དོན། བོད་ཡིག་འབྲི་གཟུགས་སློབ་ཁྲིད་སོགས་ཀྱི་བྱ་བ་སྒྲུབ་མུས་སུ་མཆིས།
ཚེ་རིང་དོན་གྲུབ་ནས།
༢༠༢༦ ལོའི་ཟླ་༤པའི་ཚེས་༢༠ ཉིན།
སྤྱི་ཁྱབ་ལྟ་སྐུལ་བ།རྟ་མགྲིན་མགོན་པོ།
རྩོམ་སྒྲིག་པ།དཔལ་མགོན་ཚེ་རིང་།
ཞུ་དག་པ། བཀྲ་ཤིས་དོན་གྲུབ།
སྒྲིག་སྦྱོར་བ།རྟ་མགྲིན་འཚོ།