མ་ངེ་གྲོང་རྡལ་ལྟེ་བའི་སློབ་ཆུང་གིས་རྫོང་མཛེས་རྩལ་དང་ཡིག་མཁན་མཐུན་ཚོགས་དང་མཉམ་འབྲེལ་ཐོག་ཡིག་གཟུགས་ཉིན་མོའི་བརྗོད་དོན་བྱེད་སྒོ་སྤེལ།

ཀླུ་ཆུའི་སྨྱན་སྦྱོར།
2026-04-30

མ་ངེ་གྲོང་རྡལ་ལྟེ་བའི་སློབ་ཆུང་གིས་རྫོང་མཛེས་རྩལ་དང་ཡིག་མཁན་མཐུན་ཚོགས་དང་མཉམ་འབྲེལ་ཐོག་ཡིག་གཟུགས་ཉིན་མོའི་བརྗོད་དོན་བྱེད་སྒོ་སྤེལ།



ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་དར་སྤེལ་གཏོང་བ་དང་། སློབ་གྲྭའི་རིག་གནས་འཚོ་བ་ཕུན་སུམ་ཚོགས་སུ་གཏོང་བ། སློབ་མའི་ཡིག་གཟུགས་འབྲི་བའི་སྤྲོ་སྣང་དང་སྒྱུ་རྩལ་བྱང་ཚད་གསོ་སྐྱོང་བཅས་བྱ་ཆེད། ཟླ་4ཚེས་30ཉིན། མ་ངེ་གྲོང་རྡལ་ལྟེ་བའི་སློབ་ཆུང་གིས་རྫོང་མཛེས་རྩལ་དང་ཡིག་མཁན་མཐུན་ཚོགས་དང་མཉམ་དུ་བོད་ཀྱི་ཡིག་གཟུགས་ཉིན་མོའི་བརྗོད་དོན་གཙོ་བོའི་བྱེད་སྒོ་སྤེལ་ནས་སློབ་གྲྭ་ཡོངས་ཀྱི་དགེ་སློབ་དང་ཁྱིམ་བདག་ལ་ཡིག་གཟུགས་དགའ་སྟོན་བཤམས།


图片


རྫོང་མཛེས་རྩལ་དང་ཡིག་མཁན་མཐུན་ཚོགས་ཀྱི་ཡིག་གཟུགས་དགེ་རྒན་སློབ་གྲྭར་ཡོང་ནས་ཡུལ་དངོས་སུ་ཡིག་གཟུགས་གསར་རྩོམ་གྱི་ལག་རྩལ་འགྲེམས་སྟོན་བྱས་པ་དང་། དགེ་རྒན་ཚོས་བོད་ཡིག་གི་ཡིག་འབྲིའི་ཚད་གཞི་དང་། སྨྱུ་གུ་འཛིན་སྟངས། སྨྱུག་ཁ་སྐོར་སྟངས་ཀྱི་ཐབས་རྩལ་བཅས་འགྲེལ་བཤད་བརྒྱབ་པ་དང་། སློབ་མར་ཡིག་གཟུགས་འབྲི་རྒྱུར་མཛུབ་ཁྲིད་བྱས་ཤིང་། གཞི་རྩའི་སྨྱུག་རིམ་ནས་ནས་དཀར་ནག་གི་ཆ་ཚདསོགས་འགྲེལ་བཤད་ཞིབ་ཚགས་བརྒྱབ་པ་མ་ཟད་རེ་རེ་བཞིན་དཔེ་སྟོན་བྱས་ཏེ་སློབ་མ་ཚོར་བོད་ཡིག་ཡིག་གཟུགས་སྒྱུ་རྩལ་གྱི་ཐུན་མོང་མ་ཡིན་པའི་མཛེས་སྡུག་མྱོང་རོལ་བྱེད་པའི་སྣེ་ཁྲིད་བྱས།



图片



སློབ་མ་ཚོས་ནན་ཏན་ངང་ཉན་པ་དང་བློ་རྩེ་གཅིག་སྒྲིམ་གྱིས་འདྲ་བཤུས་བྱས་ཏེ་བོད་ཡིག་གི་མཛེས་སྡུག་དང་སྲོལ་རྒྱུན་རིག་གནས་རོལ་མྱོང་བྱས། དེ་དང་ཆབ་གཅིག་ད་དུང་ཡུལ་དངོས་ཀྱི་ཡིག་གཟུགས་བརྩམས་ཆོས་འགྲེམས་སྟོན་ལ་གཟིགས་སྐོར་གནང་།


图片



   ཐེངས་འདིའི་ཡིག་གཟུགས་ཉིན་མོའི་བྱེད་སྒོ་དེས་སློབ་མ་ཚོར་སྲོལ་རྒྱུན་ཡིག་གཟུགས་སྒྱུ་རྩལ་གྱི་ཉིང་བཅུད་ཉམས་སུ་མྱོང་ཐུབ་པ་མ་ཟད། སློབ་མའི་ཡིག་གཟུགས་འབྲི་སྦྱོང་གི་དགའ་ཕྱོགས་དང་གོམས་གཤིས་བཟང་པོ་གསོ་སྐྱོང་བྱས་ནས་སློབ་གྲྭའི་རིག་གནས་ཀྱི་རྨང་གཞི་གཏིང་ཟབ་ཏུ་བཏང་། གོམ་སྟབས་རྗེས་མར་ཀླུ་ཆུ་རྫོང་གིས་སློབ་གྲྭ་དང་ས་གནས་ཀྱི་རིག་གནས་མུ་མཐུད་མཉམ་སྡེབ་གཏིང་ཟབ་ཏུ་བཏང་ནས་རྒྱུན་རྣམ་ཅན་གྱི་སྲོལ་རྒྱུན་རིག་གནས་སློབ་གྲྭར་ཁྱབ་པའི་བྱེད་སྒོ་སྤེལ་ཏེ། ཡིག་གཟུགས་ལ་བརྟེན་ནས་མི་གསོ་སྐྱོང་དང་རིག་གནས་ལ་བརྟེན་ནས་སློབ་མ་ཁྱོན་ཡོངས་ནས་བདེ་ཐང་ངང་འཚར་ལོངས་ཡོང་བར་བརྩོན་ལེན་བྱ་རྒྱུ་རེད།



སྒྲིག་སྦྱོར་བ། སྐལ་བཟང་རྒྱ་མཚོ།

ཞུ་དག་པ། རྡོ་རྗེ་རིན་ཆེན།

རྩོམ་སྒྲིག་འགན་འཁུར་བ། དཔལ་མགོན་ཚེ་རིང་

阅读154
分享
写下您的评论吧