ཀན་ལྷོའི་བྲིས་པ་ཨ་འཁོར་ཚེ་བྷ་ལགས་ཀྱིས་ཡིག་གཟུགས་དུས་ཆེན་ལ་ཕུལ་བའི་ཡིག་གཟུགས་མཆོད་པ།

ཚེ་དཔག་སྐྱབས།
2026-04-29

ཐེངས་གསུམ་པའི་པད་མ་གསེར་སྨྱུག་རྟགས་མའི་ཡིག་གཟུགས་འགྲན་བསྡུར་སྐབས་རྫོགས་རིམ་ཡིག་མཁན་གྱི་མཚན་སྙན་ཐོབ་པའི་ཀན་ལྷོའི་ཡིག་མཁན་གྲགས་ཅན་ཨ་འཁོར་ཚེ་བྷ།


བོད་ཀྱི་ཡིག་གཟུགས་དུས་ཆེན་ལ་ཕུལ་བའི་ཡིག་གཟུགས་ཀྱི་མཆོད་པ།


微信图片_20190426145513.jpg



mmexport1777544198095.jpg



1777544405195_69aa0780-53b3-465d-9e19-0d66b1188443.jpg




        ཨ་འཁོར་ཚེ་བྷ།དངོས་མིང་ལ་ཚེ་དཔག་སྐྱབས་ཟེར། ༡༩༧༢ལོར་མདོ་སྨད་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་ཅོ་ནེ་རྫོང་ཨ་འཁོར་དགོན་ཆགས་སྡེ་བ་རུ་ལྟེ་ཁྲག་འཕོས།༡༩༨༩ལོར་ཀན་ལྷོ་བོད་རིགས་འབྲིང་རིམ་ཆེད་གཉེར་སློབ་གྲྭར་འགྲིམ་པའི་སྐལ་བ་བཟང་པོ་ཐོབ།   དེ་ནས་ཨ་ཁུ་སྨོན་ལམ་ཚང་གི་དངོས་སློབ་རྒན་རྟ་མགྲིན་ཚེ་རིང་གྱི་བརྩེ་བའི་མཛུབ་སྟོན་བརྒྱུད་ནས་ལོ་ངོ་བཞིའི་རིང་ལ་སྨོན་ལམ་ཡིག་རྒྱུན་སློབ་སྦྱོང་ལ་བགས་ཆགས་ཟབ་མོ་བགོས་པ་དང་།རྒན་རྡོ་བྷ།རྒན་སངས་རྒྱས་བཀྲ་ཤིས།རྒན་པད་དཀར་འབངས་སོགས་ཀྱི་འདུན་ནས་ཡིག་རིགས་གང་མང་སྦྱོང་།ཉེ་བའི་ལོ་འགའི་རིང་།བོད་ཀྱི་ཡིག་གཟུགས་འགྲན་སྡུར་ཁྲོད་བྱ་དགའ་གང་མང་ཐོབ་མྱོང་།༡༩༩༩ལོ་ནས་ད་བར་གྱི་བགྲང་བྱ་ཉི་ཤུ་ལྷག་གི་རིང་ལ་སྲིད་འཛིན་གྱི་བྱ་བ་གཉེར་ཞོར་དུ་དྲུང་ཡིག་ཆེན་མོ༧སྨོན་ལམ་རྒྱ་མཚོ་ཚང་གི་ཡིག་གཟུགས་བློ་གསལ་སྤྱི་ནོརདང་རྒན་བསྟན་འཛིན།རྒན་འགྱུར་མེད་ཚུལ་ཁྲིམས།རྒན་ཁ་སྤུ་ཅན་སོགས་ཀྱི་ཀ་དཔེ་གཞིར་བཟུང་ནས་བྲིས་གཟུགས་ཀྱི་ཆུ་ཚད་སྔར་བས་ཇེ་མཐོར་སོང་།ཉེ་བའི་ལོ་འགའི་རིང་ལ།ཡིག་གཟུགས་བརྩམས་ཆོས་སྔ་ཕྱིར་<སྦྲང་ཆར>དང<ཟླ་ཟེར>སོགས་བོད་ཀྱི་དུས་དེབ་དང་ཚགས་པར་སྟེང་དུ་བཀོད་པ་དང་།   ༢༠༡༩ལོར་པེ་ཅིན་དུ་ཚོགས་པའིཀན་ལྷོ་བོད་རིགས་རང་་སྐྱོང་ཁུལ་མི་རིགས་ཀྱི་ཚད་ལྡན་ཡིག་ཆ་དང་ཡིག་གཟུགས་བརྩམས་ཆོས་འགྲེམ་སྟོནསྟེང་དུ་ཁོ་བོའི་བརྩམས་ཆོས་གཉིས་འགྲེམ་སྟོན་ལ་ཞུགས་པ་མ་ཟད།    ད་དུང་རྒྱལ་ཁབ་མི་རིགས་དཔེ་མཛོད་ཁང་དུ་ཉར་ཚགས་བྱས་ཡོད།     

      ད་ལྟ་ཀན་ལྷོ་ཁུལ་བོད་ཀྱི་ཡིག་གཟུགས་མཐུན་ཚོགས་ཀྱི་ཀྲུའུ་ཞི་གཞོན་པ་དང་ཅོ་ནེ་རྫོང་བོད་ཀྱི་ཡིག་གཟུགས་མཐུན་ཚོགས་ཀྱི་ཀྲུའུ་ཞི།ཀན་ལྷོ་ཁུལ་སྲིད་གྲོས་ཡིག་རུས་གླིང་གི་གདན་ཞུའི་ཞིབ་འཇུག་དགེ་རྒན་ཡིན།


阿科才巴.jpg


阿科才巴1.jpg


阿科才巴2.jpg


阿科才巴3.jpg


阿科才巴4.jpg


阿科才巴5.jpg


阿科才巴6.jpg


阿科才巴7.jpg


阿科才巴8.jpg


阿科才巴9.jpg


阿科才巴10.jpg


阿科才巴11.jpg


阿科才巴12.jpg


阿科才巴13.jpg


阿科才巴14.jpg


阿科才巴15.jpg


阿科才巴16.jpg


阿科才巴17.jpg


阿科才巴18.jpg


阿科才巴19.jpg


阿科才巴20.jpg


阿科才巴21.jpg


阿科才巴22.jpg


阿科才巴23.jpg


阿科才巴24.jpg


阿科才巴25.jpg


阿科才巴26.jpg


阿科才巴27.jpg


阿科才巴28.jpg


阿科才巴29.jpg


阿科才巴30.jpg


阿科才巴31.jpg


阿科才巴32.jpg


阿科才巴34.jpg



阅读278
分享
写下您的评论吧