༢༠༢༦ལོའི་རྒྱལ་ཡོངས་བོད་ཀྱི་ཡིག་གཟུགས་དུས་ཆེན་བསུ་བ་དང་སྦྲགས་པའི་མཐར་ཕྱིན་སློབ་མའི་ཡིག་གཟུགས་འགྲེམ་སྟོན།
ལེའུ་དང་པོ།

བློ་བཟང་ཕུན་ཚོགས། རྨ་ཆུའི་དབལ་བཎ་ཚང་གི་འབྲོག་ཁྱིམ་དཀྱུས་མ་ཞིག་ཏུ་སྐྱེས། ༢༠༠༩ལོ་ནས་སློབ་ཆུང་འགྲིམས་མགོ་བརྩམས་ཤིང་། ༢༠༢༢ལོར་ཀན་སུའུ་མི་རིགས་དགེ་འོས་སློབ་གྲྭ་ཆེན་མོར་རྒྱུགས་འཕྲོད་ཅིང་། དྲུང་ཡིག་སྨོན་ལམ་རྒྱ་མཚོའི་དངོས་སློབ་དགེ་རྒན་སངས་རྒྱས་བཀྲ་ཤིས་ལགས་དང་ལས་སྐལ་གྱིས་ཕྲད་ནས་སྨོན་ལམ་ཡིག་གཟུགས་གཙོ་བྱས་ཨ་ཁུ་དཀོན་མཆོག་རྒྱ་མཚོ་ཚང་གི་ཡིག་གཟུགས། ལཉྫ་དང་ཝརྟུ་སོགས་བོད་ཀྱི་ཡིག་གཟུགས་དུ་མར་སྦྱངས་པ་བྱས། ༢༠༢༣ལོར་མགོ་ལོག་སྡེར་ནང་ས་བྲིས་རྒྱལ་ཁབ་རིམ་པའི་དངོས་མིན་ཤུལ་བཞག་རིག་གནས་རྒྱུད་འཛིན་པ་དགེ་རྒན་སེང་གེ་དར་རྒྱས་ལགས་ཀྱི་མདུན་ནས་སྡེར་ནང་ས་བྲིས་ཡིག་ཆེན་ལ་སྦྱངས་པ་བྱས། དེ་ལྟར་བོད་ཀྱི་ཡིག་གཟུགས་ལ་བརྩོན་པ་བྱེད་ཞོར་ཐེངས་འདིའི་ཡིག་གཟུགས་འགྲེམས་སྟོན་སྤེལ་བ་ཡིན། པདྨ་གསེར་སྨྱུག་རྟགས་མ་སྐབས་གཉིས་པའི་འགྲེམས་ཚུད་བྱ་དགའ། རྨ་ཆུ་རྫོང་ཆུང་འབྲིང་སློབ་མའི་ཡིག་གཟུགས་འགྲན་སྡུར་ཁྲོད་དབུ་མེད་ཀྱི་ཨང་དང་པོ། ཀན་སུའུ་མི་རིགས་སློབ་ཆེན་གྱི་ཡིག་གཟུགས་འགྲན་སྡུར་ཆེན་མོའི་ཁྲོད་བྱ་དགའ་ཨང་དང་པོ། ཀན་ལྷོ་ཁུལ་གྱི་ཡིག་གཟུགས་འགྲེམས་ཚུད་བྱ་དགའ་སོགས་གྲུབ་འབྲས་ཅུང་ཙམ་ཐོབ་མྱོང་། ད་དུང་ཡང་མུ་མཐུད་ཡིག་གཟུགས་རིག་གནས་འདི་དང་སྒྱུ་རྩལ་འདི་ལག་ལེན་བྱས་ནས་མི་ཚེ་དོན་ལྡན་དུ་གཏོང་བར་འབད་བརྩོན་བྱེད་རྒྱུ་ཡིན།
























ལེའུ་གཉིས་པ།

ཕ་ཡུལ། བོད་ལྗོངས་ནག་ཆུ། མིང། དབྱངས་ཅན་ལྷ་མོ། ཆེད་ལས།སྐྱེ་དངོས་རིག་པ་།
རང་ཉིད་ནི་༢༠༢༢ལོར་ཀན་སུའུ་མི་རིགས་དགེ་འོས་སློབ་གྲྭ་ཆེན་མོར་ལོན་དེ་ནས་སློབ་ཆེན་ལོ་རིམ་གཉིས་པ་ནས་འགོ་བརྩམས་ཏེ་ དྲུང་ཡིག་སྨོན་ལམ་རྒྱ་མཚོའི་དངོས་སློབ་དགེ་རྒན་སངས་རྒྱས་བཀྲ་ཤིས་ལགས་ཀྱི་འཛུབ་འཕྲིད་འོག་སྨོན་ལམ་ཡིག་གཟུགསགཙོ་བོར་བྱེད་ཏེ་ད་ལྟ་སྦྱངས་ཟིན་པ་ཡིག་གཟུགས་རིགས་དགུ་ཙམ་། སླད་ཕྱིན་མུ་མཐུད་ཡིག་གཟུགས་རིག་གནས་ཐད་འབད་པ་དང་རྒྱུན་འཛིན་བྱ་རྒྱུ་ཡིན།
ད་ཐེངས་ཀན་སུའུ་མི་རིགས་དགེ་འོས་སློབ་གླིང་གི་བོད་ཡིག་ཡིག་གཟུགས་མཐུན་ཚོགས་ཀྱི་༢༠༢༦ལོའི་མཐར་ཕྱིན་སློབ་མ་ཚོའི་ཡིག་གཟུགས་འགྲེམས་སྟོན་ནང་རང་ཉིད་ཀྱི་ཡིག་གཟུགས་རིགས་ལྔ་ཙམ་སུག་བྲིས་བྱེད་ཡོད།









སྤྱི་ཁྱབ་ལྟ་སྐུལ་བ།རྟ་མགྲིན་མགོན་པོ།
རྩོམ་སྒྲིག་པ།དཔལ་མགོན་ཚེ་རིང་།
ཞུ་དག་པ། བཀྲ་ཤིས་དོན་གྲུབ།
སྒྲིག་སྦྱོར་བ།རྟ་མགྲིན་འཚོ།