གཅིག ཡིག་མཁན་ཆེན་མོ་ཆུང་རྒྱུད་ཚེ་དབང་མཐར་ཕྱིན།
༼ ཕ ༽

ཆུང་རྒྱུད་ཚེ་དབང་མཐར་ཕྱིན་ནི་༡༩༦༣ལོའི་ཟླ༢པར་བོད་ལྗོངས་ཆབ་མདོ་གྲོང་ཁྱེར་སྟེང་ཆེན་རྫོང་ཁྲི་རྡོ་གྲོང་རྡལ་ཟམ་ཞིག་གྲོང་ཚོར་ཆུང་རྒྱུད་ཚང་དུ་འཁྲུངས།ཡིག་གཟུགས་སྒྱུ་རྩལ་གྱི་ལམ་ལ་ཞུགས་ནས་ད་བར་མི་ལོ་༥༠ལྷག་ཕྱིན་ཡོད་ལ།བྲིས་ཀྱི་སློབ་མ་བསྐྱངས་ནས་ད་བར་མི་ལོ་༤༠ལྷག་ཟིན་ཡོད། བོད་རིགས་དར་གཞོན་སློབ་མ་སྟོང་ཕྲག་ཙམ་ལ་ཡིག་གཟུགས་སློབ་ཁྲིད་གནང་བ་དང་།དེ་སྔོན་གསུང་རབ་རིན་པོ་ཆེ་གླེགས་བམ་གྲངས་བཞི་བཅུ་ལྷག་ཕྱག་བྲིས་གནང་ཡོད།ད་ལྟ་ནི་བོད་ལྗོངས་ཡིག་གཟུགས་མཁས་པ་མཐུན་ཚོགས་ཀྱི་ཨུ་ཡོན་དང་། ཆབ་མདོ་གྲོང་ཁྱེར་ཡིག་གཟུགས་མཛེས་རྩལ་མཁས་ཅན་ལྷན་ཚོགས་ཀྱི་ཨུ་ཡོན།གྲོང་ཁྱེར་གྱི་ཁག་དང་པོའི་དངོས་མིན་རིག་གནས་ཤུལ་བཞག་གི་དཔེ་མཚོན་རྒྱུན་འཛིན་པ།བོན་གྱི་བཀའ་འགྱུར་གསེར་བྲིས་མའི་དབུ་མཛད་ཆེན་མོ། ཁྲིན་ཏུ་གྲོང་ཁྱེར་པདྨ་གསེར་བྲིས་གླིང་གི་གསེར་བྲིས་རིག་གནས་ཞིབ་འཇུག་ཆེད་མཁས་ལྷན་ཚོགས་ཀྱི་བློ་འདོན་དགེ་རྒན། སྟེང་ཆེན་རྫོང་གནའ་རབས་བོད་ཀྱི་ཡིག་གཟུགས་སྒྱུ་རྩལ་ཁང་གི་ལས་ཐོག་སློབ་དཔོན་ཆེན་མོ་བཅས་ཡིན།
གཉིས། ཡིག་མཁན་ཆུང་རྒྱུད་ཚེ་དབང་རྣམ་རྒྱལ།
༼ བུ ༽

ཡིག་མཁན་ཆེན་མོ་ཆུང་རྒྱུད་ཚེ་དབང་རྣམ་རྒྱལ་ཁོང་ནི་སྤྱི་ལོ1995ལོར་བོད་ལྗོངས་ཆབ་མདོ་གྲོང་ཁྱེར་སྟེང་ཆེན་རྫོང་ཁྲི་རྡོ་གྲོང་རྡལ་ཟམ་ཞིག་གྲོང་ཚོར་ཆུང་རྒྱུད་ཚང་དུ་འཁྲུངས། ལོ་ངོ་བདུན་གྱི་སྟེང་ནས་ཡབ་ཆུང་རྒྱུད་ཚེ་དབང་མཐར་ཕྱིན་གྱི་མདུན་ནས་ཡི་གེ་འབྲི་ཀློག་འདོན་གསུམ་དང་རིམ་གྱིས་ཡིག་གཟུགས་ལ་ཆེད་སྦྱངས་བྱས་ཏེ་འཚར་ལོངས་བྱུང་བ་ཞིག་ཡིན།སྦྲ་ཆེན་རྫོང་ཀླུ་ཕུག་དགོན་ཆེན་དུ་རག་ཤི་དགེ་བཤེས་ཚུལ་ཁྲིམས་དོན་གྲུབ་ཀྱི་མདུན་ནས་མིང་གཞི་དགོས་འབྱུང་ནོར་བུའི་གཏེར་ཆེན་གྱི་སློབ་ཁྲིད་ཉན།སྤྱི་ལོ2016ལོར་ཁྱུང་ཡུལ་གྱི་གྲྭ་ས་ཆེན་མོ་ཁྱུང་པོ་སྟེང་ཆེན་དགོན་དུ་རབ་འབྱམས་དགེ་བའི་བཤེས་གཉེན་ཆེན་མོ་མདོ་སྔགས་རྒྱ་མཚོ་དང་ཤེལ་ཞིག་ཤེས་རབ་སྙིང་པོ་གཉིས་ཀྱི་དྲུང་ནས་བརྡ་སྤྲོད་སྲིད་པའི་སྒྲོན་མེ་དང་སྙན་འགྲེལ་ཨེར་སངས་ལྷ་མོ་བཅས་བརྡ་དག་སྙན་གསུམ་ལ་སྦྱངས་པ་མཛད།ལོར་དེར་ཁྱུང་པོ་སྟེང་ཆེན་རྩེ་དྲུག་དགོན་གྱི་བཀའ་གསེར་བྲིས་གླིང་གིས་རྒྱལ་བའི་བཀའ་རིན་པོ་ཆེ་འབྲི་བཞེང་གི་དབུ་མཛད་དུ་བསྐོས་བཞག་མཛད།2018ལོར་སྟེང་ཆེན་རྫོང་གི་རྫོང་དཔོན་དང་རྫོང་སློབ་གསོ་ཅུད་ཀྱི་དབུ་ཁྲིད་རྣམས་ཀྱིས་སྟེང་ཆེན་རྫོང་ལས་རིགས་ལག་རྩལ་སློབ་གྲྭར་ཡིག་གཟུགས་ཆེད་སྦྱོང་འཛིན་གྲྭའི་དགེ་རྒན་དུ་གདན་ཞུས་བྱས།2023-4-17ཉིན་འཛམ་གླིང་ན་ཆེས་ཆེ་བའི་བོད་ཀྱི་གསེར་བྲིས་གླེགས་བམ་རྗེ་བཙུན་མི་ལ་རས་པའི་རྣམ་མགུར་གསེར་བྲིས་ཆེན་མོའི་གསེར་བྲིས་པར་བདམས།
དེ་སྔོན་བགྲང་བྱ་དུ་མའི་རིང་དུ་བོད་ཀྱི་གནའ་དཔེ་གསུང་རབ་པོ་ཏི་ཆེན་པོ་ཉི་ཤུ་ལྷག་ཙམ་ཕྱག་བྲིས་གནང་བ་དང་། ཞོར་དུ་བོད་ལྗོངས་ཀྱི་རྫོང་ཁག་དུ་མར་ཡིག་གཟུགས་གསོ་སྦྱོང་འཛིན་གྲྭའི་དགེ་རྒན་གདན་ཞུས་བྱས་པ་ལྟར་ཕེབས་ནས་ཡིག་གཟུགས་སློབ་ཁྲིད་མཛད་པས་སློབ་མ་བརྒྱ་ཕྲག་མང་པོ་བསྐྱངས་ཡོད། ཁོང་གིས་གཙོ་འགན་བཞེས་པའི༼ཞང་བོད་ཡིག་གཟུགས་ཀུན་བཏུས་གསེར་ཐང་ཆེན་མོ༽འཛམ་གླིང་ཅི་ཉི་སའི་ཟིན་ཐོར་ཚུད།
2016ལོར་ཀྲུང་གོ་བོད་ཀྱི་ཡིག་གཟུགས་དྲྭ་བས་གཙོ་གཉེར་གནང་བའི་སྐབས་དང་པོའི་རྒྱལ་ཡོངས་བོད་ཀྱི་ཡིག་གཟུགས་འགྲན་བསྡུར་ཆེན་མོའི་སྐབས་སུ་ཡིག་གཟུགས་༼དབུ་ཅན་༽སྐོར་གྱི་ཨང་གཉིས་པ་དངུལ་གྱི་གཟེངས་རྟགས་ཐོབ་པ་དང་། སྤྱི་ལོ་2017ཆབ་མདོ་གྲོང་ཁྱེར་གྱི་ལས་ཁུངས་མང་པོ་མཉམ་འབྲེལ་གྱི་སྒོ་ནས་སྤེལ་བའི་གྲོང་ཁྱེར་ཡོངས་ཀྱི་ཡིག་གཟུགས་འགྲན་སྡུར་ཆེན་མོའི་སྐབས་སུ་བོད་ཡིག་ཡིག་གཟུགས་འགྲན་ཞུགས་པ་ཡོངས་ཀྱི་ཁྲོད་ནས་ཨང་དང་པོའི་བྱ་དགའ་ཐོབ་པ་དང་། སྤྱི་ལོ་2019ལོར་བོད་རང་སྐྱོང་ལྗོངས་ཡིག་གཟུགས་འགྲན་བསྡུར་ཆེན་མོའི་སྐབས་སུ་ལྗོངས་ཡོངས་ཀྱི་ཡིག་གཟུགས་མཁས་ཅན་ཁྲོད་ནས་༼དཔེ་ཚུགས་༽སྐོར་གྱི་ཨང་གཉིས་པའི་བྱ་དགའ་ཐོབ།ལོ་དེར་བོད་རང་སྐྱོང་ལྗོངས་ཡིག་གཟུགས་མཁས་པའི་མཐུན་ཚོགས་ཀྱི་ཚོགས་མི་བདམས་ཐོན་བྱུང་། སྤྱི་ལོ་2020ལོར་བོད་རང་སྐྱོང་ལྗོངས་མི་རིགས་དོན་བྱེད་ཨུ་ཡོན་ལྷན་ཁང་དང་། བོད་རང་སྐྱོང་ལྗོངས་རྩོམ་རིག་སྒྱུ་རྩལ་ལས་རིགས་མཉམ་འབྲེལ་ལྷན་ཚོགས་གཉིས་ཀྱིས་གཉེར་བའི་ལྗོངས་ཡོངས་ཀྱི་ཡིག་གཟུགས་འགྲན་བསྡུར་སྐབས་སུ་བོད་ཡིག་ཡིག་གཟུགས་འགྲན་ཞུགས་པ་ཡོངས་ཀྱི་ཁྲོད་ནས་ཨང་དང་པོའི་བྱ་དགའ་ཐོབ།ལོ་དེའི་ཟླ་བ་བདུན་པར་ཆབ་མདོ་གྲོང་ཁྱེར་སློབ་གསོ་ཅུད་ཀྱིས་སྤེལ་བའི་གྲོང་ཁྱེར་ཡོངས་ཀྱི་དགེ་རྒན་རྣམ་པའི་ཡིག་གཟུགས་འགྲན་སྡུར་ཆེན་མོའི་ཁྲོད་ནས་༼དབུ་ཅན༽སྐོར་གྱི་ཨང་དང་པོའི་བྱ་དགའ་ཐོབ། 2022ལོར་ལྷ་གཟིགས་འགག་རྟགས་མའི་རྒྱལ་ཡོངས་ཡིག་གཟུགས་འགྲན་ཆེན་ནང་ནས་ཨང་གཉིས་པའི་བྱ་དགའ་ཐོབ། སྤྱི་ལོ་2025ལོར་བོད་རང་སྐྱོང་ལྗོངས་བཟོ་རིག་མཛེས་རྩལ་མཐུན་ཚོགས་ཀྱིས་གཉེར་བའི་ལྗོངས་ཡོངས་ཀྱི་ཚད་མཐོའི་ལག་ཤེས་མི་སྣའི་ལག་རྩལ་འགྲན་བསྡུར་སྐབས་གཉིས་པའི་ནང་དུ་ཆུང་རྒྱུད་ཚེ་དབང་རྣམ་རྒྱལ་ལ་བོད་ཡིག་ཡིག་གཟུགས་འགྲན་ཞུགས་པ་ཡོངས་ཀྱི་ཁྲོད་ནས་ཨང་དང་པོའི་གསེར་གྱི་གཟེངས་རྟགས་ཐོབ་པ་དང། དུས་དེར་ཁོང་ཉིད་ཕ་ཡུལ་དུ་ཕྱིར་ཕེབས་སྐབས་ཆུང་རྒྱུད་ཚང་གི་ཉེ་འཁོར་སློབ་ཚོགས་དང་དེ་བཞིན་ཕ་ཡུལ་གྱི་སྡེ་དགོན་གཉིས་དང་ས་གནས་སྲིད་གཞུང་བཅས་ནས་ཕེབས་བསུ་གཟབ་རྒྱས་ཞུས་ཡོད་ལ།
མདོར་ན་ཁོང་ཉིད་མི་ཚེ་བྲིས་གཟུགས་ལ་སྟིམ་ཞིང་བྲིས་གཟུགས་སྒྱུ་རྩལ་ལ་ཚེ་གང་འབད་བརྩོན་གནང་མཁན་ཞིག་ཡིན་པས་རིམ་པ་གོང་འོག་དང་ལས་ཁུང་སྡེ་ཚན་དུ་མ་ནས་བྱ་དགའ་གཟེངས་བསྟོད་གང་མང་ཐོབ་མྱོང་། བོད་ལྗོངས་བརྙན་འཕྲིན་ལས་ཁུངས་དང་སི་ཁྲོན་ཁམས་པའི་བརྙན་འཕྲིན་ཁང་སོགས་ཀྱིས་བཅར་འདྲི་ཐེངས་མང་བྱས།
ཁོང་ཉིད་ཀྱི་བརྩམས་ཆོས་ནི། གནའ་དཔེ་པོ་ཏི་ཆེན་པོ་ཉི་ཤུ་ལྷག་བྲིས་ཤིང་།གནའ་རབས་བོད་ཀྱི་ཕྱག་རྒྱུན་རྩལ་ཆེན་ཁྱུང་གི་སྨྱུག་འགྲོས་པར་ཐེངས་སྔོན་བར་རྗེས་གསུམ་དང་། ད་དུང་ལྗོངས་རིམ་པ་དང་། ཞིང་ཆེན་རིམ་པ་སོགས་གཞུང་འབྲེལ་དུས་དེབ་གྲགས་ཅན་རྣམས་ཀྱི་ཐོག་ཏུ་ཁོང་གི་ཡིག་གཟུགས་བདམས་བཀོད་གནང་ཡོད་པ་མ་ཚད་དྲྭ་ཚིགས་དུ་མའི་ཐོག་ཏུ་ཡིག་གཟུགས་སྣ་མང་འགྲེམས་སྟོན་དང་། འབྲུ་མའི་ཡིག་གཟུགས་བརྙན་ལམ་དཔེ་ཁྲིད་ལེའུ་ཆ་ཚང་བཅས་བཀོད་ཡོད།





























































次旺塔琴,男,藏族,1963年2月生,西藏昌都市丁青县尺牍镇上衣村人。藏文书法家、非物质文化遗产传承人。
主要经历与成就:
• 自幼酷爱藏文书法,13岁起在当地民办小学学习,毕业后曾在该校任教4年。
• 后师从藏文书法家舅舅玛尼嘎日大师和叔叔扎西拉加,系统学习藏文书法,学有所成,获得当地书法家、上师及民间相士的广泛认可。此后,他根据当地人民的要求,把年轻人留在自己家里教书法,随时随地写书法,传承和发扬文化。
• 2006年,在(上衣寺)住持及当地民间相士鼓励下,创办主教藏文(珠玛体)的书法培训班,招收八十余名学徒,引发业界关注。其组织的讨论和展示的作品广受好评。
• 2011年,因在弘扬琼赤藏文书法(特别是珠玛体)方面的贡献,获得西藏自治区书法家学会荣誉证书,并成为西藏书法家协会会员。
• 2014年,在丁青县文化局和教育局联合举办的书法大赛中荣获一等奖,并被授予“琼布丁青书法家”荣誉称号。
• 2015年X月,被丁青县人民政府认定为“县级非物质文化遗产(藏文书法·(古珠玛体)代表性传承人”;同年,加入西藏自治区昌都市美术书法家协会成为会员。
• 2016年11月,被西藏昌都市人民政府认定为“昌都市第一批市级非物质文化遗产(藏文书法·(古珠玛体)代表性传承人”。
• 2018年,参与创作并担任主编,完成创造大世界基尼斯世界纪录的《藏文字体最多的唐卡集》。
• 除教学外,长期坚持书写苯教经典,并受邀前往那曲市及聂荣县、巴青县、丁青美顿寺等地传授书法。
• 现任苯教大寺热拉雍仲寺《甘珠尔》大藏经金汁书写任务的成员、孜珠寺《金汁甘珠尔》大藏经书写的主持者、丁青县古老书画工作室的教师 ,丁青县尺牍镇象藏书法先民艺术园主要讲师,他说,过去多年来,每年在春夏秋冬四个季节,利用每个月的时间进行书法进修,以前培养出来的徒弟累计达一千多人,这些学徒来自西藏上中下游地区,还有来自其他省市。
最新成就与荣誉:
• 2023年4月30日,于四川省成都市举行的“藏族书法日”主题活动(由白玛金书苑与康巴卫视联合主办)上,次旺塔琴被评为三大藏区九位对藏文书法领域有突出贡献和成就的书法家之一,荣获“白玛金笔奖·成就奖”奖项。同时,他还受聘担任成都市白玛金书苑金书文化研究协会专业顾问老师,并获颁聘书。
2025年那曲城市工艺美术协会首届“羌塘工巧杯”技能大赛时被聘为书法评师师。
社会贡献:
从事书法艺术活动至今已有50多年,他自己培养学徒至今已有40多年,近千名藏族中青年学生由他教授书法,曾著有四十多部《圣经》。次旺塔琴先生在潜心琼赤(古珠玛体)藏文书法艺术创作的同时,数十年如一日致力于苯教经典《甘珠尔》大藏经的书写与保存工作,并为象雄藏文书法的保护、传承与教育事业做出了突出贡献。
次旺郎加,
西藏昌都人,西藏自治区书法家协会会员、昌都市书法美术家协会会员,金粉抄写《本教甘珠尔》的大师,丁青县古老书画工作室的教师
丁青县职业技术学校书法专业实习点教师,
曾荣获:
2017年昌都市第二届书法大赛一等奖
2019年西藏自治区藏文书法大赛二等奖
2020年昌都市藏汉文书法大赛一等奖
2020年西藏自治区民族事务委员会和西藏文学艺术界联合会主办的书法大赛藏文书法一等奖
2021年第四届全国书画大赛铜奖。2025年,在西藏自治区工巧美术协会举办的全区高等技能人才技能大赛中,藏文书法家次旺郎加荣获藏文书法冠军金牌。他荣归故里时,家人、亲友、信众、家乡寺院、乡亲以及当地政府等为他举行了隆重的迎接仪式。
སྤྱི་ཁྱབ་ལྟ་སྐུལ་བ།རྟ་མགྲིན་མགོན་པོ།
རྩོམ་སྒྲིག་པ།དཔལ་མགོན་ཚེ་རིང་།
ཞུ་དག་པ། བཀྲ་ཤིས་དོན་གྲུབ།
སྒྲིག་སྦྱོར་བ།རྟ་མགྲིན་འཚོ།