ཐུ་མིའི་ཡིག་ཕུད་ཀྱི་གོ་དོན་རྣམ་པར་བཤད་པ་བཞུགས་སོ།།

སྤེན་ནོར།
2026-04-13

ཐུ་མིའི་ཡིག་ཕུད་ཀྱི་གོ་དོན་རྣམ་པར་བཤད་པ་བཞུགས་སོ།།

— བོད་ཀྱི་ཡིག་གཟུཌ་དུས་ཆེན་ལ་བསུ་བ་ཞུའོ། །

       དེའང་ལོ་རྒྱུས་ཐོག་སློབ་དཔོན་ཐུ་མིའི་ཡིག་ཕུད་ཀྱི་སྐོར་མང་ཙམ་འཁོད་ཡོད་པ་ལས། སྐབས་སུ་བབ་པ་བྱན་ཁོག་གམ། ཇེན་ཁོག་སྣ་རྡོ་བྲག་གི་ཡིག་ཕུད་དེ་ཉིད་སློབ་དཔོན་ཐུ་མིས་སྐུ་མཁར་མ་རུར་གཙོ་བོར་རྒྱ་གར་གྱི་ཡི་གེ་ན་ག་ར་ལ་དཔེར་མཛད་དེ་བོད་ཀྱི་སྐད་དང་མཐུན་པའི་ཡིག་གཟུཌ་ཀྱི་སྲོལ་བཏོད། ལེཌ་གྲུབ་བྱུང་རྗེས་བཙན་པོ་སྲོང་བཙན་ལ་སྙན་དུ་གསོལ་བར་བྱན་གྱི་ཁོག་མའི་བཙུན་མོ་ཚལ་དུ་་བྱོན། དེར་ཆོས་རྒྱལ་སྲོང་བཙན་མཇལ། རྒྱལ་པོའི་ཞལ་ནས། བློན་ཆེན་ཕྱག་ལ་ཕེབས་སམ། སྤྱན་རས་གཟིཌ་ལ་བསྟོད་པའི་ཚིཌ་སུ་བཅད་པ་ཞིག་གྱིས་དང་གསུངས་པས། སློབ་དཔོན་ཐུ་མིས་ས་དེ་ག་རང་དུ། ཞལ་རས་གསལ་ལ་ངང་མདངས་གང་བ་བཟང་། །ལ་སོཌ་པའི་ཚིཌ་སུ་བཅད་པ་མཛད་དེ་ཡིག་ཕུད་ཕུལ། རྒྱལ་པོས་ཡི་གེར་གཟིཌ། ངོ་མཚར་ཤིན་ཏུ་ཆེན་པོ་བྱུང་ནས། འཇོག་གྲུ་བཞི་སེང་གེ་དཀར་མོ་དགུང་དུ་འཕྱོ་འདྲ་ཞིག་འདུག་ཞེས་སོཌ་བསྔཌ་པ་རྒྱ་ཆེར་མཛད། སློབ་དཔོན་ཐུ་མིར་གཞིས་ཀ་ཆེན་པོ་བཞི་དང་། གསེར་གཡུའི་ཐིག་ཤིང་སོཌ་བསྩལ་ཏེ་བརྩི་མཐོང་བླ་ན་མེད་པ་མཛད་དོ། །སྐབས་བབ་ཡིག་ཕུད་ཀྱི་དོན་མདོ་ཙམ་བཀྲལ་ན། དེའང་ཡིག་ཕུད་ཀྱི་བརྗོད་བྱ་ནི་སྤྱན་རས་གཟིགས་ལ་བསྟོད་པ་ཕུལ་བའི་ཚིགས་སུ་བཅད་པ་ཞིག་སྟེ། ཐོག་མར་ཤོ་ལོ་ཀ་དང་པོའི། ཞལ་རས་གསལ་ལ་ངང་མདངས་གང་བ་བཟང་། །ཞེས་པའི་ཚིགས་བཅད་རྐང་པ་དང་པོས་སྐུ་ལ་བསྟོད་པ་སྟེ། སྐུའི་བཞིན་རས་ནག་ནོག་གི་དྲི་དང་བྲལ་བའི་གསལ་བ། ངང་མདངས་ཏེ་རང་བཞིན་གྱི་མདངས་ཆད་པ་མེད་པའི་གང་ཞིང་བཟང་བའོ། །ཞེས་སོ། །གདམས་ངག་ཟབ་ལ་མ་ཆད་ཐ་དད་རང་། །ཞེས་པའི་ཚིགས་བཅད་རྐང་པ་གཉིས་པས་གསུང་ལ་བསྟོད་པ་སྟེ། གསུང་ཚངས་པའི་དབྱངས་ལ་སྤང་བླངས་སྤྱི་དང་ཁྱད་པར་འཁོར་བ་དང་ངན་སོང་གི་གནས་ལས་གྲོལ་བའི་གདམས་ངག་ཤིན་ཏུ་ཟབ་པ་རིས་སུ་མ་ཆད་པའི་འགྲོ་བ་ཀུན་ལ་སྟོན་པ་གང་ཞིག གསུང་གཅིག་ཉིད་དུ་གསུངས་ཀྱང་ལྷ་ལ་ལྷའི་སྐད། མི་ལ་མིའི་སྐད་སོགས་སུ་ཐ་དད་པར་གོ་བར་ནུས་སོ། །ཞེས་སོ། །ལས་ངན་བག་ཆགས་ཐམས་ཅད་བསལ་མཛད་པ། །ཞེས་པའི་ཚིགས་བཅད་རྐང་པ་གསུམ་པས་ཐུགས་ལ་བསྟོད་པ་སྟེ། རང་ཅག་འཁོར་བའི་སེམས་ཅན་དང་མི་འདྲ་བར་ལས་ངན་གྱི་བག་ཆགས་ཉོན་མོངས་སྒྲིབ་པ་དང་བཅས་པ་བསལ་ཟིན་པ་མ་ཟད། སྤོང་དཀའ་བའི་ཤེས་བྱའི་སྒྲིབ་པ་ཐམས་ཅད་ཀྱང་བསལ་ནས་འདམ་གྱིས་མ་གོས་པའི་པདྨ་ལྟ་བུའོ། །ཞེས་སོ། །འཕཌ་པ་མ་ཕམ་ཡང་དག་དམ་པ་ལགས། །ཞེས་པའི་ཚིགས་རྐང་པ་བཞི་པས་གོང་གསལ་དོན་བསྡུས་ཏེ། དེ་ལྟ་བུའི་སྐུ་དང་གསུང་དང་ཐུགས་ཀྱི་ཡོན་ཏན་ཕུན་ཚོགས་མངའ་བའི་སྤྱན་རས་གཟིགས་ཁྱེད་ནི་འགྲོ་བ་ཀུན་ལས་ཁྱད་དུ་འཕགས་པས་ན་འཕགས་པ། བདུད་བཞི་ལས་རྣམ་པར་རྒྱལ་བས་ན་མ་ཕམ་པ། འགྲོ་ཀུན་བདེ་ལ་འགོད་པའི་སྐྱེས་བུ་དམ་པའི་ནང་གི་དམ་པའམ། ཡང་དག་གི་དམ་པ་ལགས་སོ། །ཞེས་སོ། །ཚིགས་བཅད་ཤོ་ལོ་ཀ་གཉིས་པའི་རྐང་པ་དང་པོ། བདེ་གཤེགས་བདེན་ངེས་ཡེ་ཤེས་ཏེ། །ཞེས་དེ་ལྟ་བུའི་སྤྱན་རས་གཟིགས་སྙིང་རྗེའི་བདག་ཉིད་ཁྱེད་ནི་ཕྱི་ཚུལ་དུ་བྱང་ཆུབ་སེམས་དཔའི་ཚུལ་བཟུང་ནའང་། དོན་དུ་བདེ་བར་གཤེགས་པ་སངས་རྒྱས་ཡིན་པ་བདེན་ངེས་ཏེ། ཆོས་ཀུན་གྱི་གནས་ལུགས་ཇི་བཞིན་གཟིགས་པའི་ནང་གི་ཡེ་ཤེས་དང་ལྡན་པར་བསྟན། ཏིང་འཛིན་ཞི་ཉིད་རིག་ཅིང་གཟིགས། །ཞེས་ཏིང་ངེ་འཛིན་གྱི་འཇུག་སྒོ་དུ་མ་ལ་འཇུག་ལྡང་བྱེད་པའི་སེམས་ཤིན་ཏུ་ཞི་བའི་ཚུལ་རྣམས་ཇི་བཞིན་དུ་རིག་ཅིང་གཟིགས་པའི་མཁྱེན་པ་དང་ལྡན་པར་བསྟན། ཉོན་མོངས་ཚོགས་བཅོམ་མགོན་པོ་མཆོག །ཅེས་མི་ཤེས་ཉོན་མོངས་པའི་ཚོགས་རྣམས་ཉི་མས་བ་མོ་བཞིན་དུ་རྨེག་མེད་དུ་བཅོམ་པར་མཛད་པ་པོ། རིགས་དྲུག་འགྲོ་བའི་སྐྱབས་དང་མགོན་མཆོག་ཏུ་གྱུར་པའང་ཡིན་པར་བསྟན། དུག་གསུམ་བདུད་འདུལ་ཀུན་ཏུ་ཐུལ། །ཞེས་འདོད་ཆགས་དང་། ཞེ་སྡང་། གཏི་མུག་སྟེ་འགྲོ་བའི་ཐར་པའི་སྲོག་རྩ་འཕྲོག་པའི་དུག་གསུམ་པོའི་བདུད་སྡེ་རྣམས་སྔར་བཏུལ་ལ། ད་ལྟའང་འདུལ་བར་འབད་བཞིན་པ་དེ་ལྟ་ན། སླད་ནས་ཀྱང་ལྷག་མ་མེད་པར་རྣམ་པ་ཀུན་ཏུ་ཐུལ་བར་འགྱུར་བའོ། །ཞེས་སོ། །

མཁས་པ་ཁ་ཅིག བསྟོད་པ་འདི་རྗེ་བཙུན་བྱམས་པ་མགོན་པོའི་བསྟོད་པ་ཡིན་པར་འདོད་པ་ནི། འཕཌ་པ་མ་ཕམ་ཡང་དག་དམ་པ་ལགས། །ཞེས་པའི་ཚིག་གིས་འཁྲུལ་གཞི་འབྱུང་བར་སྣང་། སྤྱིར་སློབ་དཔོན་ཐུ་མིས་རྗེ་བཙུན་བྱམས་མགོན་ལ་བསྟོད་པ་བྱས་པར་ཡ་མཚན་རྒྱུ་མེད་མོད། འདིར་བོད་ཡིག་གི་སྲོལ་བཏོད་ནས་ཡིག་ཕུད་ཀྱིས་ཡི་གེའི་ལྷག་ལྷ་སྤྱན་རས་གཟིཌ་དོན་ཡོད་ཞཌ་པར་ཕྱག་བྱས་པ་ཡིན་ལ། ཡིག་ཕུད་སྤྱན་བསྟར་ཞུ་ཡུལ་སྤྱན་རས་གཟིཌ་ཀྱི་རྣམ་སྤྲུལ་ཆོས་སྐྱོང་བའི་རྒྱལ་པོ་སྲོང་བཙན་ལའང་དོན་དུ་ཕྱག་བྱས་པ་ཡིན་པས། བྱམས་མགོན་ལ་ཕྱག་བྱས་པ་འབྲེལ་མི་ཆཌ་ཤིང་དགོས་པ་ལྷག་པོ་སྨྲ་རྒྱུ་མེད་དོ། །ཀ་ཐོག་རིག་འཛིན་ཆེན་པོ་སོཌ་ཀྱིས་ཀྱང་བསྟོད་པ་འདི་ཉིད་འཕཌ་པ་འཇིག་རྟེན་དབང་ཕྱུག་གི་བསྟོད་པ་ཡིན་པ་གསལ་བར་གསུངས་སོ། །

     ཞེས་པ་འདིའང་མ་ཎིའི་མིང་ཅན་དེས་སོ། །


སྤྱི་ཁྱབ་ལྟ་སྐུལ་བ།རྟ་མགྲིན་མགོན་པོ།

རྩོམ་སྒྲིག་པ།དཔལ་མགོན་ཚེ་རིང་།

ཞུ་དག་པ། བཀྲ་ཤིས་དོན་གྲུབ།

སྒྲིག་སྦྱོར་བ།རྟ་མགྲིན་འཚོ།




阅读866
分享
写下您的评论吧