སྐབས༣པའི་པདྨ་གསེར་སྨྱུག་རྟགས་མའི་ཡིག་གཟུགས་འགྲན་བསྡུར་བརྡ་ཐོ།

པདྨ་གསེར་བྲིས་གླིང་།
2026-03-15

སྐབས༣པའི་པདྨ་གསེར་སྨྱུག་རྟགས་མའི་ཡིག་གཟུགས་འགྲན་བསྡུར་བརྡ་ཐོ།


图片



༅།   །སྐབས་གསུམ་པའི་པདྨ་གསེར་སྨྱུག་རྟགས་མའི་ཡིག་གཟུགས་འགྲན་བསྡུར་དང་བརྩམས་ཆོས་འགྲེམ་སྟོན་བརྡ་ཐོ་བཞུགས་སོ། །

第三届“白玛金笔奖”藏文书法大赛暨全国藏文书法日展览征稿启事

   


   དེ་ཡང་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཁྱོན་ཡོངས་ནས་འཛུགས་སྐྱོང་བྱེད་པའི་བགྲོད་ལམ་གསར་པའི་ཕྱོགས་སུ་འབད་བརྩོན་ཆེན་པོས་སྐྱོད་པའི་དུས་བཟང་འདི་ལ། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་སྤེལ་བཅའ་ཁྲིམསཀྱི་སྙིང་དོན་ལག་བསྟར་དོན་འཁྱོལ་ལེགས་པོ་འོང་བའི་ཆེད་དང་།   སྔར་ལས་ལྷག་པའི་སྒོ་ནས་རིག་གནས་ཀྱི་ཡིད་ཆེས་ཇེ་བརྟན་དུ་གཏོང་བ་དང་། ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་རྒྱུད་འཛིན་བྱས་ཏེ། ཀྲུང་ཧྭ་མི་རིགས་ཀྱི་ཐུན་མོང་ཚོགས་པའི་འདུ་ཤེས་སྲ་བརྟན་དུ་གཏོང་ཆེད། ངེད་པདྨ་གསེར་བྲིས་གླིང་དང་སྐུ་ཞབས་འཇམ་དབྱངས་ལྷུན་འགྲུབ་རྒྱ་མཚོ་གཉིས་མཉམ་འབྲེལ་བྱས་ནས་པདྨ་གསེར་སྨྱུག་རྟགས་མའི་རྒྱལ་ཡོངས་བོད་ཀྱི་ཡིག་གཟུགས་འགྲན་བསྡུར་དང་ཡིག་གཟུགས་འགྲེམ་སྟོན་ཆེན་མོ་སྐབས་གསུམ་པའི་བྱེད་སྒོ་སྤེལ་རྒྱུ་ཡིན།

    ཐེངས་འདིའི་འགྲེམ་སྟོན་ཁྲོད་སྐུ་ཞབས་འཇམ་དབྱངས་ལྷུན་འགྲུབ་རྒྱ་མཚོས་ཐུགས་རྗེའི་བདག་རྐྱེན་ལ་བརྟེན་ནས་ལེགས་གྲུབ་བྱུང་བའི་སྨི་བརྒྱའི་བདག་ཉིད་ཅན་གྱི་ཡིག་གཟུགས་རིང་མོ་ས་སྐྱ་ལེགས་བཤདཆེད་དུ་འགྲེམ་སྟོན་བྱེད་རྒྱུ་ཡིན། ཡིག་གཟུགས་རིང་མོ་དེར་རྒྱ་བོད་སོག་གསུམ་སོགས་མི་རིགས་མང་པོའི་ཡིག་མཁན་གྱི་ཕྱག་བྲིས་འདུས་ཡོད་པ་དང། མི་རིགས་ཁག་གི་རིག་གནས་བརྗེ་རེས་དང་སོ་སོའི་མཛེས་སྡུག་ལྡན་པའི་འཆམ་མཐུན་གྱི་རི་མོ་གསོན་ཉམས་དོད་པའི་སྒོ་ནས་འགྲེལ་བཤད་བྱས་ཡོད།


      奋力迈向全面建设社会主义现代化国家新征程之际,为深入贯彻落实《中华人民共和国民族团结进步促进法》精神 ,进一步坚定文化自信、传承中华优秀传统文化,铸牢中华民族共同体意识 ,白玛金书苑联合江永冷周江措先生共同发起第三届“白玛金笔奖”藏文书法大赛。

     本次大赛将特别呈现由江永冷周江措先生主持资助完成的<<萨迦格言>>百米书法长卷。该长卷汇聚了汉、藏、蒙等多民族书法家墨宝,生动诠释了各民族文化交流互鉴、各美其美的和谐画卷,是本次活动“包容与传承”的核心象征。


01 བྱེད་སྒོའི་བརྗོད་བྱ་གཙོ་བོ། 活动主题


སྨྱུ་གུའི་རྩལ་གྱིས་ཐུན་མོང་འདུ་ཤེས་བསྐྲུན། །ལེགས་བཤད་གཏེར་གྱིས་དུས་རབས་གསར་པ་སྐྱོང་།།

笔墨筑共同体·格言润新时代”



02 རྩ་འཛུགས་ལས་ཁུངས། 组织机构


གཙོ་སྒྲུབ་ལས་ཁུངས།   པདྨ་གསེར་བྲིས་གླིང་། འཇམ་དབྱངས་ལྷུན་འགྲུབ་རྒྱ་མཚོ།

འགན་སྒྲུབ་ལས་ཁུངས། སི་ཁྲོན་ནུབ་རྒྱུད་བོད་བཟོ་རིག་གནས་དར་སྤེལ་ཚད་ཡོད་སྤྱི་གཉེར་ཁང་།

རོགས་སྒྲུབ་ལས་ཁུངས། སི་ཁྲོན་ཞིང་ཆེན་ཐང་ཀ་དང་བོད་ཀྱི་ཡིག་གཟུགས་སྒྱུ་རྩལ་ཡར་སྐུལ་ལྷན་ཚོགས།

ཀྲུང་གོའི་བོད་ཀྱི་ཡིག་གཟུགས་དྲྭ་བ། པདྨ་ཚུལ་ཁྲིམས་བཟོ་རིག་སློབ་གྲྭ།


主办单位及个人:白玛金书苑

江永冷周江措

承办单位:四川西部藏艺文化发展有限公司

协办单位:四川省唐卡书画艺术促进会

中国藏族书法网

四川省藏族传统手工技艺传习基地



03 བྱེད་སྒོའི་དུས་ཚོད། 时间


བརྩམས་ཆོས་བསྡུ་ཡུན། ༢༠༢༦ལོའི་ཟླ་༣ཚེས་༡༥ཉིན་ནས་ཟླ་༤ཚེས་༡༣ཉིན་བར།

དཔྱད་འདེམས་དུས་ཡུན། ༢༠༢༦ལོའི་ཟླ་༤ཚེས་༡༦ཉིན་ནས་ཟླ་༤ཚེས་༢༠ཉིན་བར།

མཇུག་འབྲས་སྤྱི་བསྒྲགས། ༢༠༢༦ལོའི་ཟླ་༤ཚེས་༣༠ཉིན།

འགྲེམ་སྟོན་དུས་ཚོད།   ༢༠༢༦ལོའི་ཟླ་༤ཚེས་༣༠ཉིན།


投稿时间:2026年3月15日至4月13日

评审时间:2026年4月16日至4月20日

结果公布:2026年4月30日

展览时间:2026年4月30日



04བརྩམས་ཆོས་བསྡུ་བའི་ཁྱབ་ཁོངས། 征稿范围



༡.བོད་ཡིག་ཡིག་གཟུགས་ཆེད་མཁས་དང་བོད་ཡིག་ཡིག་གཟུགས་ལ་དགའ་མོས་བྱེད་མཁན་གྱི་བྲིས་པ་དང་།   གཞན་རྡོ་བརྐོས་དང་པར་བརྐོས། ཐམ་ཀ་རྐོ་བ་ལ་སོགས་པའི་ཡིག་གཟུགས་དང་འབྲེལ་ཡོད་ཀྱི་སྒྱུ་རྩལ་པ་ཡོངས་ལ་ཁ་ཕྱོགས་པ།

༢.དམིགས་བསལ་༢༠༡༤ལོ་འམ་དེའི་རྗེས་སུ་སྐྱེས་པའི་ལོ་ཆུང་བྱིས་པ་དག་ལ་ལོགས་སུ་འགྲན་བསྡུར་བྱས་ཏེ་ཀ་རིམ་ཡིག་མཁན་གྱི་བྱ་དགའ་སྤྲོད་རྒྱུ་ཡིན།

1.面向全国藏文书法家及藏文书法爱好者,另外还面向刻板和石刻、篆刻等有关书法的艺术家。

2.特设【少儿书法新苗组】,面向2014年及以后出生的少年儿童(12岁及以下)征稿。组委会将评选获奖作品,并颁发专属奖杯、获奖证书。



05 བརྩམས་ཆོས་ཀྱི་བླང་བྱ། 作品要求


༡.འགྲན་བསྡུར་ནང་ཞུགས་པའི་བོད་ཡིག་ཡིག་གཟུགས་བརྩམས་ཆོས་ལ་ཡིག་རྒྱུན་གྱི་ཚད་བཀག་མེད་དེ།   དབུ་ཅན་དང་། ཚུགས་རིང་ཐུང་། འབྲུ་ཚ། དཔེ་ཚུགས། རྒྱུགས་བྲིས། འཁྱུག་བྲིས། ལན་ཝར་དང་མཛེས་བྲིས་སམ་རྣམ་པ་གསར་བའི་ཡིག་གཟུགས་བརྩམས་ཆོས་སོགས་འགྲན་ཞུགས་བྱས་ཆོག

༢.འགྲན་བསྡུར་ནང་ཞུགས་མཁན་གྱི་བྲིས་པ་རེས་བརྩམས་ཆོས་གསུམ་ལས་བརྒལ་མི་ཆོག

༣.བརྩམས་ཆོས་འབྲི་གཞི།   ཤོག་བུ་ལ་བོད་ཤོག་དང་ཤོན་ཤོག་གི་རིགས་ཡིན་དགོས། གཞན་ཤིང་བརྐོས་དང་རྡོ་བརྐོས། ཐམ་ག་བཅས་ལ་དེར་འཚམ་གྱི་རྒྱུ་ཆ་བཀོལ་སྤྱོད་བྱས་པས་ཆོག

༤.བརྩམས་ཆོས་ཀྱི་ནང་དོན་ལ།   སྙན་ངག་དང་ལེགས་བཤད། བསླབ་བྱ། གཞས་ཚིག། གཏམ་དཔེ་ལ་སོགས་པའི་ཡ་རབས་སྤྱོད་བཟང་དང་ཡར་སྐུལ་གྱི་དོན་དང་ལྡན་ཞིང་། དུས་རབས་གསར་པའི་སྙིང་སྟོབས་དང་འཚོ་བ་མཚོན་པ། དྲག་ཤུགས་སོགས་མ་རབས་སྤྱོད་ངན་དང་། རྒྱལ་ཁབ་ཀྱི་ཁྲིམས་དང་འགལ་བ།   ཆོས་ལུགས་ཀྱི་ཤུགས་ཧ་ཅང་ཆེ་བའི་ནང་དོན་ཡོད་མི་ཆོག།

༥.བརྩམས་ཆོས་ངེས་པར་དུ་རང་ཉིད་གཅིག་པུས་བྲིས་པའི་གསར་རྩོམ་བརྩམས་ཆོས་ཡིན་པ་དང་པར་དབང་གནད་དོན་མེད་པ་ཡིན་དགོས།

༦.ཤོག་བུའི་ཆ་ཚད།   རྒྱ་ཤོག་ལ་སྤྱིའི་རིང་ཚད་ལི་སྨི་༡༣༧དང་། ཞེང་ཚད་ལ་ལི་སྨི་༦༩ཅན་གྱི་ཤོག་བུ་ཚད་ལྡན་ལས་མི་ཆུང་བ།    བོད་ཤོག་ལ་རིང་ཚད་ལ་ལི་སྨི༡༣༠་ཞེང་ཚད་ལ་ལི་སྨི༦༠ལས་མི་ཆུང་བ།

༧.འགྲེམ་སྟོན་སྟབས་བདེ་བའི་ཆེད་འབྲི་གཞིའི་ཤོག་བུའི་ཁ་ཕྱོགས་ངེས་པར་གོང་ནས་གཤམ་ལ་ཡིན་པ་ལས་འཕྲེད་དུ་བྲིས་མི་ཆོག   བྲིས་བྱང་དང་ཐམ་ག་ངེས་པར་ཡོད་དགོས་པ་བཅས་བརྩམས་ཆོས་ཚད་ལྡན་ཡིན་དགོས།

༨.འགྲན་ཞུགས་བརྩམས་ཆོས་དག་ལ་གོང་གཤམ་མམ་མཐའ་རྒྱན་སྤྲོད་མི་དགོས། བྱ་དགའ་ཐོབ་པའི་བརྩམས་ཆོས་དག་གཙོ་སྒྲུབ་ལས་ཁུངས་ནས་གཅིག་གྱུར་གྱི་གོང་གཤམ་སྤྲད་དེ་འགྲེམ་སྟོན་བྱེད་པ་ཡིན།

༩.འགྲན་ཞུགས་པས་ངེས་པར་དུ་བརྩམས་ཆོས་རྒྱབ་ཕྱོགས་ཀྱི་གཡོན་ངོས་སུ་འགྲན་ཞུགས་པའི་མིང་དང་། བརྩམས་ཆོས་ཀྱི་མིང་། ཐོབ་དཔང་ཨང་གྲངས་བཅས་ཞ་སྨྱུག་གིས་གསལ་པོར་འགོད་དགོས་ལ། བརྡ་ཐོའི་ཟུར་བཀོད་ཡིག་ཆའི་རེའུ་མིག་ཏུ་ཡིག་མཁན་གྱི་མིང་དང་ཐོབ་དཔང་ཨང་གྲངས། ཞིབ་ཕྲའི་འབྲེལ་གཏུག་ས་གནས། འབྲེལ་གཏུག་ཁ་པར།   འགྲན་ཞུགས་བརྩམས་ཆོས་ཀྱི་བྲིས་རྒྱུན་གྱི་མིང་དང་། བརྩམས་ཆོས་ཀྱི་ནང་དོན་མདོར་བསྡུས་རྒྱ་ཡིག་ལ་བསྒྱུར་བ། རྩོམ་པ་པོའི་ངོ་སྤྲོད་མདོར་བསྡུས་སོགས་ཀྱི་ནང་དོན་ངེས་པར་ཁ་བསྐངས་ཏེ་བརྩམས་ཆོས་དང་མཉམ་དུ་སྐུར་དགོས།

༡༠.ཀ་རིམ་ཡིག་མཁན་གྱི་འགྲན་ཞུགས་པས་བརྩམས་ཆོས་ངེས་པར་རང་ཉིད་གཅིག་པུས་ལེགས་འགྲུབ་བྱེད་དགོས་པ་དང་།   བྲིས་བྱང་ཡང་རང་ཉིད་ཀྱིས་འབྲི་དགོས།   ཐེལ་ཚེ་མེད་ཀྱང་ཆོག   ལོ་ཚོད་ནི་༢༠༡༤ལོའམ་དེའི་རྗེས་སུ་སྐྱེས་པ་ཡིན་དགོས།   དེ་ལ་ཐོབ་དཔང་དང་ཡང་ན་ཁྱིམ་ཐོ་གང་རུང་གི་བསྐྱར་དཔར་བསྐུར་ཏེ་བདེན་དཔང་བྱེད་དགོས།

༡༠.འགྲན་ཞུགས་བརྩམས་ཆོས་ཆ་ཚང་པདྨ་གསེར་བྲིས་གླིང་དུ་ཉར་ཚགས་བྱ་རྒྱུ་ལས་ཕྱིར་བསྐུར་རྒྱུ་མིན། ཡིག་གཟུགས་དང་བརྙན་ཐུང་གི་བྱ་དགའ་ཐོབ་པའི་བརྩམས་ཆོས་དང་འགྲེམ་ཚུད་བརྩམས་ཆོས་དག་གཙོ་སྒྲུབ་ལས་ཁུངས་ལ་འགྲེམས་སྟོན་དང་པར་ལེན། བརྙན་ཕབ། དཔེ་སྐྲུན།   དྲིལ་བསྒྲགས་སོགས་བྱེད་པའི་དབང་ཆ་ཡོད།


1、参赛藏文书法作品文体不限。

2、参赛作者每人不得超过3幅作品。

3、作品纸材为各类藏纸、宣纸,还可以是刻板和石刻的作品。

4、作品书体为正规派系,内容积极向上,不得含有涉及暴力、庸俗、法律禁止的内容。

5、投稿作品须由本人独立完成且为原创作品。

6、作品尺寸原则上不小于137cm×69cm标准四尺宣纸,藏纸原则上不小于130cm×60cm尺寸。

7、为了方便后期装裱和展览,参赛作品书写纸张方向必须为竖向。

8.作品不用装裱,获奖作品由主办方统一装裱并在活动现场展览。

9.   投稿作者在作品左下方背面用铅笔注明作者姓名、作品名称及本人身份证号,另附以中文书写的作者姓名、身份证号,详细联系地址、联系电话、以及作品内容译文、书法字体名称、书法字体及作者简介等信息。

10. 少儿组投稿作品须由本人独立完成,面向2014年及以后出生的少年儿童(12岁及以下)参加,须复印身份证或户口本复印件做为证明

11.所有参赛作品由白玛金书苑统一进行保管,不进行退还,主办方对所有获奖及入展作品拥有展览、摄影、录像、出版及宣传权。



06 ཡིག་གཟུགས་བརྩམས་ཆོས་དཔྱད་འདེམས། 作品评选


   

གཅིག   དཔྱད་འདེམས་ཚད་གཞི།

༡.ཡིག་རུས་རྣམ་དག་ཡིན་མིན།   

༢.ཡིག་གཟུགས་ཀྱི་བྱང་ཆ།

༣.ཡིག་ནོར་ཡོད་མེད། (ཕྲད་ནོར། དག་ནོར། ཆད་ལྷག ནག་ནོག

༤.ཁོག་དབུབ་ཚུལ། (བརྩམས་ཆོས་ཀྱི་འཆར་འགོད

༥.སྣག་ཤོག་ཚད་དང་མཐུན་མིན།

༦.མཇུག་བྱང་དང་ཐེལ་འབེབས་ཚུལ།

གཉིས།   དཔྱད་འདེམས་གནས་ཚུལ།

   པདྨ་གསེར་བྲིས་གླིང་གི་བོད་ཀྱི་ཡིག་གཟུགས་ཆེད་མཁས་ལྷན་ཚོགས་ཀྱི་ཚོགས་མི་གཙོ་བྱས་པའི་བོད་མདོ་དབུས་ཁམས་གསུམ་གྱི་ཡིག་གཟུགས་ཆེད་མཁས་དང་ཨང་ཀི་ཅན་གྱི་སྒྱུ་རྩལ་ཆེད་མཁས་པ་བཅས་ཀྱིས། འགྲན་ཞུགས་བརྩམས་ཆོས་ལ་འདྲ་མཉམ་དང་། ཡོངས་བསྒྲགས། དྲང་གཞག་བཅས་ཀྱི་སྒོ་ནས་ཞིབ་དཔྱད་བྱ་རྒྱུ་ཡིན།   དཔྱད་འདེམས་མཇུག་འབྲས་པདྨ་གསེར་བྲིས་གླིང་གི་སྤྱི་སྟེགས་དང་ཀྲུང་གོའི་བོད་ཀྱི་ཡིག་གཟུགས་དྲ་བ་བཅས་སུ་སྤྱི་བསྒྲགས་བྱ་རྒྱུ་ཡིན།


评选标准

     内容健康向上、字体使用规范、熟练度、整洁度、是否有错漏、页面规划、用墨的技巧、收尾是否完整等。

     参加比赛的书法作品由评审组委会严格按照<<白玛金书苑作品评审规则>>,对投稿作品进行公平、公开、公正评审。评审结果将在白玛金书苑、中国藏文书法网官方微信公众号公布。


07 བྱ་དགའི་རྣམ་གྲངས་གསལ་བཤད། 奖项设置


ཡིག་གཟུགས་བྱ་དགའ།

   ༡.བོད་ཡིག་ཡིག་གཟུགས་ལ་བྲིས་རྩལ་ཕུལ་ཏུ་བྱུང་བ་དང་མཛད་རྗེས་ཤིན་ཏུ་ཆེ་བའི་ཡིག་མཁན་རྒན་པ་རྣམས་ལ་རྫོགས་རིམ་དང་པོ་ནས་གསུམ་པའི་གཟེངས་བུམ་དང་དཔང་ཡིག་འབུལ་བ།

   ༢. ཨང་རིམ་དང་པོ། (མི་༢)

    བྱ་དགའི་དངུལ་སྒོར་༣༠༠༠+བྱ་དགའི་གཟེངས་བུམ། +དཔང་ཡིག

   ༣. ཨང་རིམ་གཉིས་པ། (མི་༢)

   བྱ་དགའི་དངུལ་སྒོར་༢༠༠༠+བྱ་དགའི་གཟེངས་བུམ། +དཔང་ཡིག

   ༤.ཨང་རིམ་གསུམ་པ།   (མི་༥)

    བྱ་དགའི་དངུལ་སྒོར་༡༠༠༠+བྱ་དགའི་གཟེངས་བུམ། +དཔང་ཡིག (གོང་གི་བྱ་དགའ་ཐོབ་པའི་འགྲན་ཞུགས་པར་གསེར་དངུལ་གྱིས་བཟོས་པའི་གསེར་སྨྱུག་རྟགས་མའི་བྱ་དགའི་གཟེངས་བུམ་འབུལ་རྒྱུ།)

   ༥.ཕུལ་བྱུང་བྱ་དགའ་མི་སུམ་ཅུ།

    གོང་གི་བྱ་དགའ་ཐོབ་པའི་འགྲན་ཞུགས་པར་ཟངས་དམར་གྱིས་བཟོས་པའི་གསེར་སྨྱུག་བྱ་དགའི་གཟེངས་བུམ་དང་དཔང་ཡིག་འབུལ་རྒྱུ།

   (གོང་གི་བྱ་དགའ་ཐོབ་པའི་ཡིག་མཁན་རྣམས་ཡུལ་དངོས་ལ་ཕེབས་ཡོད་ན་མཛད་སྒོའི་སྐབས་སུ་བྱ་དགའ་སྤྲོད་པ་ཡིན།)

   ༦.འགྲེམ་ཚུད་བརྩམས་ཆོས་༧༠བདམ་རྒྱུ།

   འདིར་ཚུད་པའི་བྲིས་མཁན་ལ་འགྲེམ་སྟོན་དཔང་ཡིག་སྤྲོད་རྒྱུ།

   ༧.ཀ་རིམ་ཡིག་མཁན་གྱི་གཟེངས་རྟགས་ལ་ཨང་དང་པོ་གཅིག ཨང་གཉིས་པ་གཉིས། ཨང་གསུམ་པ་གསུམ་བཅས་ལ་གསེར་སྨྱུག་བྱ་དགའི་གཟེངས་བུམ་དང་གཟི་བརྗིད་དཔང་ཡིག་འབུལ་བ།

   ༨.བྱ་དགའ་ཨང་རིམ་དང་པོ་ནས་གསུམ་པའི་བར་གྱི་བྲིས་པ་དག་རྒྱལ་ཡོངས་བོད་ཀྱི་ཡིག་གཟུགས་དུས་ཆེན་མཛད་སྒོའི་སྐབས་སུ་གདན་འདྲེན་ཞུས་ཏེ། ཡུལ་དངོས་ནས་གཟེངས་རྟགས་འབུལ་བའི་མཛད་སྒོ་སྤེལ་རྒྱུ་ཡིན་པས་ཡུལ་དངོས་སུ་ཕེབས་དགོས། (བཞུགས་ཤག་མགྲོན་ཁང་གཙོ་སྒྲུབ་ལས་ཁུངས་ཀྱིས་བསྟབ་རྒྱུ་ཡིན།) མཛད་སྒོའི་གནས་ཚུལ་ཁག་པདྨ་གསེར་བྲིས་གླིང་གི་བརྙན་སྟེགས་དང་འདར་དབྱངས་སོགས་དྲྭ་ལམ་ཁག་དང་འཕྲིན་སྦྱོར་གཞན་ནས་ཐད་གཏོང་དང་དྲིལ་སྒྲོག་བྱེད་རྒྱུ་ཡིན།

   ༩.བྱ་དགའ་ཐོབ་པའི་བརྩམས་ཆོས་དང་འགྲེམ་སྟོན་ལ་ཚུད་པའི་བརྩམས་ཆོས་དག་པདྨ་གསེར་བྲིས་གླིང་གིས་ཡིག་གཟུགས་དུས་ཆེན་ཉིན་མོ་དང་བསྟུན་འགྲེམ་སྟོན་དང་བརྩམས་ཆོས་ཁག་ངོ་སྤྲོད་བྱེད་རྒྱུ་ཡིན།

   ༡༠.བྱ་འགུལ་འདིའི་ཐོག་མཐའ་བར་གསུམ་གྱི་གནས་ཚུལ་ཞིབ་རྒྱས་པདྨ་གསེར་བྲིས་གླིང་གི་འཕྲིན་སྟེགས་དང་། ཀྲུང་གོའི་བོད་ཀྱི་ཡིག་གཟུགས་དྲྭ་བ་བཅས་སུ་གཟིགས་པར་འཚལ།


དམིགས་བསལ་མཉམ་འགུལ་གྱི་བྱ་དགའ།

    སྲོལ་རྒྱུན་རིག་གནས་ཨང་ཀི་ཅན་གྱི་རྣམ་པར་བསྒྱུར་བར་སྐུལ་འདེད་གཏོང་ཆེད། ཆེད་དུ་མཉམ་འགུལ་གྱི་བྱ་དགའ་འདི་བཀོད་སྒྲིག་བྱས་པ་ཡིན།


བརྒྱུད་རིམ་དང་པོ།   ས་སྐྱ་ལེགས་བཤད་བློར་འདོན།


༡.འགྲན་བསྡུར་སྤེལ་བའི་དམིགས་ཡུལ།

   ང་ཚོས་ས་སྐྱ་ལེགས་བཤད་བློར་བཟུང་ཞིང་གྱེར་འདོན་བྱེད་ཐུབ་པར་མ་ཟད། དམ་པ་གོང་མའི་ཤེས་རབ་ཀྱི་གནད་ཟིན་པ་དང་ལེགས་བཤད་ཀྱི་དགོངས་དོན་ལག་ལེན་བསྟར་ཐུབ་པའི་རྒྱུད་འཛིན་མཁན་འཚོལ་བཞིན་ཡོད།


༢.འགྲན་ཞུགས་ཀྱི་བརྒྱུད་རིམ།

     འགྲན་ཞུགས་མཁན་ཚོས་སྐར་མ་ནས་བར་གྱི་བརྙན་ཐུང་དུམ་བུ་ཞིག་ཕབ་ནས། བྱ་འགུལ་སྤེལ་མཁན་གྱི་གཙོ་སྒྲིག་པའི་ཡིག་སྒམ་དང་འཕྲིན་ཕྲན་ཐོག་བསྐུར་དགོས།   བརྙན་ཐུང་གི་ནང་དོན་ལ། རང་གིས་<<ས་སྐྱ་ལེགས་བཤད>>ཀྱི་རབ་བྱེད་མི་འདྲ་བ་གསུམ་ནས་དུམ་ཚན་ཁ་ཤས་བདམས་ཏེ་བློར་འདོན་པ།

     འགྲེལ་བཤད་བྱེད་པ། ལེགས་བཤད་ཚན་པ་གཅིག་བདམས་ནས། མིག་སྔའི་སྤྱི་ཚོགས་ཀྱི་རིན་ཐང་ལྟ་བའམ་ཡང་ན་མི་སྒེར་གྱི་ཉམས་མྱོང་དང་སྦྱར་ནས་ལེགས་བཤད་ཚན་པ་དེའི་བརྗོད་དོན་དང་དངོས་ཡོད་ཀྱི་དོན་སྙིང་ལ་འགྲེལ་བཤད་བྱས་ཏེ་བརྙན་ཐུང་སྐུར་དགོས།

     བསྐྱར་འགྲན། དྲྭ་ཐོག་གི་གཟིགས་ལམ་གྲོས་ཚོགས་བརྒྱུད་ནས་དཔྱད་འདེམས་པས་ལེགས་བཤད་ཚན་པ་གཅིག་གང་བྱུང་དུ་བདམས་ནས་བློར་འདོན་ཚོད་ལྟ་བྱེད་པ་དང་དྲི་བ་དྲིས་ལན་གྱི་ལམ་ནས་འགྲེལ་བཤད་བྱེད་དུ་འཇུག་པ།

     རྟིང་རྩོད།   ཕྱོགས་བསྡུས་སྐར་གྲངས་མཐོ་བའི་འགྲན་ཞུགས་པ་དག་གྲོང་ཁྱེར་ཁྲིན་ཏུའུ་ཡི་བྱ་འགུལ་དངོས་ཀྱི་སྟེང་དུ་གདན་ཞུ་བྱེད་རྒྱུ་ཡིན་པ་དང་། སྐབས་དེར་ཡུལ་དངོས་ནས་སྨི་བརྒྱའི་ཡིག་གཟུགས་ཤོག་དྲིལ་རིང་མོའི་<<ས་སྐྱ་ལེགས་བཤད>>ཀྱི་མདུན་དུ་མཐའ་མའི་བློར་འདོན་དང་རིག་གནས་ཀྱི་བསམ་ཚུལ་མཉམ་སྤྱོད་བྱས་ཏེ་འགྲན་བསྡུར་བྱེད་དགོས་པ་ཡིན།


༣.དཔྱད་འདེམ་ཚད་གཞི།

   སྨྲ་བ་ཡང་དག་པ་ཡིན་མིན།40%སྐད་གདངས་གསལ་ཞིང་བློར་འདོན་ལ་ནོར་འཁྲུལ་མེད་པ།

   གོ་བ་ལེན་པའི་ནུས་པ་བཟང་ངན། (40%)ལེགས་བཤད་ཀྱི་རིགས་ལམ་དང་། མཚན་ཉིད་རིག་པའི་རྒྱབ་ལྗོངས། ཀུན་སྤྱོད་བླང་དོར་ཐད་ལ་གོ་བ་གཏིང་ཟབ་པོ་དང་ཐུན་མོང་མ་ཡིན་པ་ལོན་པ།

   གཏམ་རྩལ་ཡོད་མེད།(20%)ལེགས་བཤད་ཀྱི་ཚིག་དོན་ནམ་རིག་གནས་ཁྱབ་སྤེལ་གྱི་འགུག་ཤུགས་ཆེན་པོ་ཡོད་དགོས་པ་བཅས་སོ།།


༤.བྱ་དགའི་རྣམ་གྲངས།

   ཨང་རིམ་དང་པོ།    (མི་1)

     བྱ་དགའི་དངུལ་སྒོར3000+བྱ་དགའི་གཟེངས་བུམ+དཔང་ཡིག

   ཨང་རིམ་གཉིས་པ། (མི་2)

     བྱ་དགའི་དངུལ་སྒོར2000+བྱ་དགའི་གཟེངས་བུམ+དཔང་ཡིག

   ཨང་རིམ་གསུམ་པ། (མི་3)

     བྱ་དགའི་དངུལ་སྒོར1000+བྱ་དགའི་གཟེངས་བུམ+དཔང་ཡིག


བརྒྱུད་རིམ་གཉིས་པ།   ལེགས་བཤད་ཁྱབ་སྤེལ་བྱེད་པའི་འཕྲུལ་ཤེས(Ai)ཀྱི་ཕོ་ཉ།


   ༡.ནང་དོན།   ཐེངས་འདིར་རྒྱ་ཆེའི་མི་མང་ཡོངས་ལ་ཁ་ཕྱོགས་ཏེ་དེང་གི་འཕྲུལ་ཤེས་(AI)ཀྱི་ལག་རྩལ་ལ་བརྟེན་ནས་བོད་ཀྱི་ལེགས་བཤད་རིག་གནས་ཁྱབ་སྤེལ་བྱེད་མཁན6འདེམས་པ་སྟེ། འགྲན་ཞུགས་མཁན་ཚོས་AIབརྙན་ཐུང་ཡོ་བྱད་(དཔེར་ན། DeepSeekདང་། 即梦དང་། 剪映 དང་།豆包སོགས་ལྟ་བུ།)གང་རུང་སྤྱད་དེ། གསར་གཏོད་ལྡན་པའི་སྒོ་ནས་ <<ས་སྐྱ་ལེགས་བཤད>>ཁྲོད་ཀྱི་ནང་དོན་གང་རུང་གཟུགས་ཅན་གྱི་མཐོང་ཚོར་བརྙན་ཐུང་དུ་བསྒྱུར་དགོས།


   ༢.བླང་བྱ་གཙོ་བོ་ནི།   བརྩམས་ཆོས་ཀྱིསསྲོལ་རྒྱུན་བཟང་པོ་དེང་གི་དུས་སུ་སྤྱོད།   རིག་གནས་བཟང་པོས་མི་སེམས་དགེ་ལ་སྐུལ་ཞེས་པའི་འདུ་ཤེས་མཚོན་དགོས་སྟེ། འཕྲུལ་ཤེས་(AI)ལས་གྲུབ་པའི་མཐོང་ཚོར་གྱི་བརྙན་ཐུང་ལ་བརྟེན་ནས། ས་སྐྱ་ལེགས་བཤད་ཀྱིས་ཇི་ལྟར་བྱས་ནས་དེང་རབས་འཚོ་བར་འཇུག་ལྡོག་མི་ནོར་བ་བྱེད་པ་དང་། མི་སྒེར་གྱི་སྤྱོད་བཟང་མཐོ་རུ་བཏང་སྟེ་ཀྲུང་ཧྭ་མི་རིགས་ཀྱི་ཐུན་མོང་ཚོགས་པའི་འདུ་ཤེས་སྲ་བརྟན་དང་མི་རིགས་མཐུན་སྒྲིལ་ལ་སྐུལ་འདེད་གཏོང་བ་ལ་སོགས་པའི་ཐད་ཀྱི་དུས་རབས་ཀྱི་རིན་ཐང་དང་དངོས་ཡོད་ཀྱི་དོན་སྙིང་དག་གསོན་ཉམས་ལྡན་པའི་སྒོ་ནས་མཚོན་པར་བྱེད་དགོས།

   ༣.བྱ་དགའི་རྣམ་གྲངས།

ཨང་རིམ་དང་པོ།

    བྱ་དགའི་དངུལ་སྒོར་3000+བྱ་དགའི་གཟེངས་བུམ+དཔང་ཡིག
ཨང་རིམ་གཉིས་པ།

    བྱ་དགའི་དངུལ་སྒོར་2000+བྱ་དགའི་གཟེངས་བུམ+དཔང་ཡིག
ཨང་རིམ་གསུམ་པ། (མི་3)

    བྱ་དགའི་དངུལ་སྒོར་1000+བྱ་དགའི་གཟེངས་བུམ་+དཔང་ཡིག

   (གོང་གི་བྱ་དགའ་ཐོབ་མཁན་རྣམས་ལ་མཛད་སྒོའི་སྐབས་སུ་བྱ་དགའ་སྤྲོད་རྒྱུ་དང་། བཞུགས་ཤག་མགྲོན་ཁང་གཙོ་སྒྲུབ་ལས་ཁུངས་ཀྱིས་བསྟབ་རྒྱུ་ཡིན།)

1.书法奖项

  1. 对藏文书法造诣深厚且贡献卓著的书法家,将被授予成就奖及终身成就奖,并颁发相应奖杯与证书。

  2. 一等奖2名(奖金3000元)

  3. 二等奖2名(奖金2000元)

  4. 三等奖5名(奖金1000元)(以上获奖者并将颁发荣誉证书+铜制鎏金藏式奖杯)

  5. 优秀奖30名(颁发荣誉证书+铜制鎏金藏式奖杯)以上获奖者如到场,将于典礼期间颁奖。

  6. 入展作品70副(颁发入展证书)

  7. 另设立少儿组奖项,参赛者年龄12岁及以下,颁发一等奖1名,二等奖2名,三等奖3名(颁发荣誉证书+奖杯)

  8. 荣获三等奖及以上名次的作者,将邀请至“全国藏文书法日”活动现场,并颁发奖杯和荣誉证书,同时会在各大网络平台进行直播。(住宿费用由主办方承担,往返交通费和餐饮费由获奖者自理)

  9. 所有入围作品,将会在“4.30日全国藏文书法日”活动现场进行展览。

  10. 比赛一切详细内容将在白玛金书苑公众号平台上进行发布。

2.“格言新声”特别联动奖

    为推动传统文化数字化转型,特设此联评联展单元。

   【环节一:全书背诵·格言守望者计划】

参与宗旨:

   不仅寻找能完整复述文字的“记诵者”,更在寻找能体悟智者思想、践行格言精神的“传承者”

参与流程:

   初筛(视频投递): 参赛者需录制一段5-8分钟的视频发送至组委会邮箱/微信。视频内容需包含:

抽样背诵:

    自选<<萨迦格言>>中三个不同篇章的片段进行背诵

深度解读:

   从中挑选出一联格言,结合当下社会价值观或个人经历,阐述其深刻内涵及现实意义。

复赛

   (远程连线): 通过网络视频会议,由评审委员会进行随机抽条背诵测试及即兴解读问答。

决赛

   (现场见证): 综合评分优胜者将受邀至成都颁奖盛典现场,在多民族书法长卷前进行最终的背诵展示与文化心得分享。


3.评审标准:

    准确性(40%): 语音清晰,文字背诵准确无误。

    理解力(40%): 对格言逻辑、哲学背景及道德指引有深刻且独到的见解。

    表达力(20%): 具备良好的文化传播感染力。

4.奖项设置:

    一等奖(1名): 奖金 3000元 + 奖杯 + 证书

    二等奖(2名): 奖金 2000元 + 奖杯 + 证书

    三等奖(3名): 奖金 1000元 + 奖杯 + 证书


【环节二:AI赋能·格言文化传播大使】

  1. 活动内容:

       本次评选面向广大参与者,遴选6名"藏族格言文化传播大使"。参赛者需运用DeepSeek,即梦,剪映,豆包等主流Al创作工具,对<<萨迦格言>>经典篇章进行创意转化,制作成主题视觉短视频。

  2. 核心要求:

       作品须紧扣"古为今用,以文化人"理念,以AI生成视觉画面为载体,结合清晰的创作逻辑与呈现步骤,生动展现<<萨迦格言>>在指引现代生活,涵养个人品德,铸牢中华民族共同体意识,促进民族团结等方面的时代价值与现实意义。

  3. 奖项设置:

    一等奖(1名): 奖金 3000元 + 奖杯 + 证书

    二等奖(2名): 奖金 2000元 + 奖杯 + 证书

    三等奖(3名): 奖金 1000元 + 奖杯 + 证书

       荣获作者,将邀请至“全国藏文书法日”活动现场,并颁发奖杯和荣誉证书,同时会在各大网络平台进行直播。(住宿费用由主办方承担,往返交通费和餐饮费由获奖者自理)


08 དོན་ཚན་གཞན་དག   ། 其他事项



   འགྲན་ཞུགས་བྱེད་མཁན་གྱི་བྲིས་པ་ཚང་མས་བརྩམས་ཆོས་བསྡུ་བའི་གསལ་བརྡའི་ནང་གི་གཏན་འབེབས་ཁག་ལ་བརྩི་སྲུང་བྱ་དགོས། བརྩམས་ཆོས་དེ་དག་ངེས་པར་དུ་རྩོམ་པ་པོས་རང་གིས་བརྩམས་པའི་བརྩམས་ཆོས་ཡིན་དགོས་པ་ལས། མི་གཞན་གྱི་བརྩམས་ཆོས་འདྲ་བཤུ་བྱས་ཏེ་འགྲན་ཞུགས་བྱས་མི་ཆོག། གཏན་འབེབས་འདིར་བརྩི་སྲུང་མ་བྱས་པར་ཁྲིམས་དང་འབྲེལ་བའི་རྩོད་གཞི་གང་རུང་ཐོན་ན་བརྩམས་ཆོས་ཀྱི་བདག་པོས་འགན་འཁུར་དགོས། བརྡ་ཐོ་འདིའི་འགྲེལ་བཤད་དབང་ཆ་རྩ་འཛུགས་ལྷན་ཚོགས་ལ་ཡོད།


    参加本展览的作者,均视为已确认并遵守征稿启事的各项规定。投稿作品须为作者原创作品,严禁使用临摹、抄袭他人作品参赛,参赛作品一经邮寄一概不退,对于不遵守本规定而造成任何法律纠纷者,责任由投稿人自负。

   本启事所有解释权归白玛金书苑。作品展览将在四川省成都市举办,并将在线上同步直播展出。



09 བརྩམས་ཆོས་བསྐུར་ཡུལ།   作品邮寄地址

དོ་བདག                སྒྲོལ་མ།

ཁ་པར་ཨང་གྲངས།        15808368591

ཡིག་སྒམ།               zm19990704@qq.com

སྦྲགས་ཨང་།             611100

བརྩམས་ཆོས་སྐུར་ཡུལ།      成都市温江区凤凰北大街669号花沐里

收   件   人   :    卓玛

电           话:    15808368591

邮           箱:    zm19990704@qq.com

邮 政   编   码:     611100

作品邮寄地址:    成都市温江区凤凰北大街669号花沐里




ཟུར་བཀོད་ཡིག་ཆ།附件

   ཐོ་འགོད་རེའུ་མིག་དེ་འོག་ན་ཡོད་པས་ཅི་དགར་ཕབ་ལེན་གནང་རོགས།

报名表附后,敬请下载!



སྤྱི་ཁྱབ་ལྟ་སྐུལ་བ།རྟ་མགྲིན་མགོན་པོ།

རྩོམ་སྒྲིག་པ།དཔལ་མགོན་ཚེ་རིང་།

ཞུ་དག་པ། བཀྲ་ཤིས་དོན་གྲུབ།

སྒྲིག་སྦྱོར་བ།རྟ་མགྲིན་འཚོ།

undefined

ཡིག་ཆ་དེ་འདི་ན་ཡོད། མཐོང་ཡོད་དམ།

阅读1719
分享
写下您的评论吧