ཁམས་བྲིས་ཀྱི་བྱུང་བ་རགས་ཙམ་གླེང་བ།

དཔག་བསམ་དོན་འགྲུབ།
2026-02-11

ནོར་འཛིན་སྒེག་མོ་སྟོབས་དང་དཔུང་པས་བཟུང་། །

སྒང་བ་བོད་ཀྱི་ཡུལ་ཁམས་གཅིག་བསྒྱུར་དང་། །

ཆོས་སྲིད་ནོར་བུའི་འོད་སྣང་མཐོ་སྒང་ངོས། །

གཅིག་ཏུ་འདྲེན་མཛད་ཆོས་རྒྱལ་སྲོང་བཙན་མགོན། །   སྐད་གཉིས་སྨྲ་བའི་ལོ་ཙཱའི་ཐོག་མ་དང་། །

བོད་ཀྱི་བརྡ་སྤྲོད་ཡི་གེ་གསར་བརྩམས་སོགས། །

མཛད་རྗེས་ནམ་མཁའི་ཕ་མཐའ་མི་མངོན་པའི། །

མཚུངས་མེད་སྨྲ་བའི་སྐྱེས་མཆོག་ཐོན་མི་དྲན། །

གང་དེའི་མཛད་པ་རྫ་ཆུ་རིང་མོའི་རྒྱུན། །

སྲུང་ཞིང་སྐྱོབ་མཛད་ཆོས་རྒྱལ་ལོ་པཎ་སོགས། །

བཀུར་འོས་དམ་པ་རྣམས་ལ་གུས་བཏུད་ནས། །

       ང་ཚོ་བོད་ཀྱི་ཐུན་མོང་མ་ཡིན་པའི་ཡིག་གཟུགས་ཀྱི་སྒྱུ་རྩལ་འདི་ལ་ཡང་ལོ་ངོ་སྟོང་ཕྲག་གི་ལོ་རྒྱུས་ནང་དུ་མིའི་རིགས་ཀྱི་ཡི་གེའི་འཕེལ་རྒྱས་ནང་བཞིན་འགྱུར་བ་ལེགས་བཅོས་མང་པོ་དང་ས་གནས་སོ་སོ་དང་ཡིག་མཁན་མང་པོའི་ཕྱག་རྒྱུན་དང་སློབ་རྒྱུན་བྱུང་ཡོད་པ་བཤད་མ་དགོས་པ་ཡིན་ན་ཐང་། ཁམས་ཕྱོགས་སུ་དར་བའི་བོད་ཡིག་ཡིག་གཟུགས་ཏེ་ཁམས་བྲིས་ནི་སྤྱི་ལོའི་དུས་རབས་བདུན་པར་བོད་བཙན་པོའི་དུས་སུ་བོད་ཀྱི་བློན་ཆེན་ཐོན་མི་སམ་བྷོ་ཊས་སྔར་གྱི་གདོད་མའི་བོན་གྱི་ཡི་གེའི་རྨང་གཞིའི་ཐོག་གནའ་བོའི་རྒྱ་གར་གྱི་ཡི་གེ་སོགས་ཡི་གེ་མི་འདྲ་བའི་ལེགས་ཆ་བསྡུ་ལེན་གྱིས་བོད་རང་གི་གདོད་མའི་སྐད་དང་ཟུང་འབྲེལ་གྱིས་བོད་ཀྱི་ཡི་གེ་འཐུས་སྒོ་ཚང་བ་ཞིག་བཟོས་པ་དང་དེ་རྗེས་ཡིག་གཟུགས་མཁས་ཅན་བརྒྱད་ཐོན་པ་དང་ཡིག་གཟུགས་ཆེན་པོ་བརྒྱད་གྲུབ། དེར་གྲོང་ཁ་ཚེ་རིང་དབང་རྒྱལ་གྱིས་བརྩམས་ཤིང་བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་ནས་དཔར་དུ་བསྐྲུན་藏族文字史评述པའི་གངས་ཅན་ཡིག་སྲོལ་འཕེལ་རིམ་སྐོར་གྱི་གླེང་གཏམ་ཡིད་ཀྱི་རང་སྒྲ་ནང་དུ་བཀོད་པར་ལྟར་p176.238ཕྱིས་སུ་མདོ་ཁམས་ཁུལ་དུ་དར་བའི་ཡིག་གཟུགས་ཀྱི་འབྲི་རྒྱུན་ལ་སྤྱི་སྤམ་དུ་ཁམས་བྲིས་ཞེས་འབོད་པ་དེ་ཚེ་སྤོང་བྱང་ཆུབ་ཀྱི་ཕྱག་རྒྱུན་ལས་མཆེད་པར་གྲགས་ཤིང་།དེའི་སྐོརཆོས་འབྱུང་མེ་ཏོག་སྙིང་པོ་སྦྲང་རྩིའི་བཅུདཀྱི་ནང་རྒྱལ་པོ་འདིའི་སྐུ་རིང་ལ་ཡི་གེའི་མཁན་པོ་ཚེ་སྤོང་བྱང་ཆུབ་ཅེས་བྱ་བ་བྱུང་སྟེ།རྗེ་ལ་ཡི་གེའི་སྟངས་ཕུལ་བས།སྦུར་ནག་བལ་གྱིས་བཏུམས་པ་འདྲ་བ་ཞིག་བྱུང་།རྗེའི་དབུ་རྟེན་གྱི་འོག་ཏུ་སྦས་ཏེ་བསྣམས་ནས་མདོ་སྨད་དུ་སྤྱགས་པས།ཁམས་ཡིག་ཅེས་གྲགས་སོ།ཤོག་གྲངས༤༡༡སོགས་ལ་ཡང་ཁམས་བྲིས་དང་དབུས་བྲིས་ཞེས་པའི་ཐ་སྙན་དང་གསལ་བྱེད་མང་ཙམ་མཆིས།   དེ་མ་ཚད་དགེན་དཔལ་བསྡུས་ཀྱིས་བརྩམས་པའི་སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་ནས་藏族文字通论བོད་ཀྱི་ཡི་གེའི་རྣམ་བཤད་སེང་གེའི་ང་རོའི་ནང་དུ་p63.66.94ཀ་ཁྱུང་རྣམ་གཉིས་ལས་འབྲི་སྲོལ་ཚད་ལྡན་བྱུང་སྟེ།དེའི་སློབ་རྒྱུན་ལ་ལུགས་གཉིས་སུ་གྱེས་པ་ནི།སྦལ་ལུགས་དང་མང་ལུགས་གཉིས་ཡིན།སྦལ་ལུགས་ཁམས་བྲིས་ཞེས་ཁམས་སྟོད་དང་སྦ་ཆེན་ཕྱོགས་ལ་དར་ཁྱབ་ཆེ་བ་ཡོད།མ་ཚད་དཔེ་ཆ་ནང་དུ་སྡེབ་བྲིས་ཞེས་པའི་ཐ་སྙན་དེ་མང་པོ་མཐོང་བ་དང་གསལ་བྱེད་ཡོད་ལགས།དགེན་སྤེན་ནོར་གྱིས་བརྩམས་ཤིང་བོད་ལྗངས་མི་དམངས་དཔེ་སྐྲུན་ཁང་ནས་དཔར་དུ་བསྐྲུན་པའི古今藏文书法论广辞玉赤遗教གངས་ཅན་ཡི་གེའི་གཟུགས་རིས་ཀྱི་རིག་གཞུང་དང་ལག་ལེན་བསྡེབས་ཏེ་བསྟན་པ་གཡུ་ཁྲིའི་ཞལ་ལུང་དུ་p33སྦལ་ནག་ན་ལ་བརྒྱངས་པ་འདྲ་བའི་བྲིས་གཟུགས་ངན་པ་གཅིག་བྱུང་སྟེ།རྗེས་བརྩི་མཐོང་མ་གནང་བར་སྨྱུ་གུ་བཅད་ཁམ་ཡི་གེ་དང་བཅས་པ་རྒྱལ་པོ་བཞུགས་ཡུལ་གྱི་ས་འོག་ཏུ་སྦས་ནས་བསྣུབས།ཕྱིས་སྤྲང་པོ་ཞིག་གིས་རྙེད་ནས་ཁམས་ཕྱོགས་ཡུལ་གྲུ་འགར་དར་བར་ཁམས་ཡིག་བཅད་ཁམ་ཅན་ཞེས་ཀུན་གྱིས་སྨད་པར་གྲགས་སོ།གཞན་ད་དུང་བྲིས་གཟུགས་དང་འབྲེལ་བའི་དཔེ་ཆ་མང་པོ་ཞིག་གི་ནང་དུ་ཁམས་བྲིས་དང་ཁམས་རིས།ཁམས་ཡིག་སོགས་མི་འདྲ་བའི་ཐ་སྙད་མང་པོ་མཐོང་བ་ཡོད།དཔེར་ན་གནའ་གྲོང་ས་སྐྱའི་རིག་གནས་གནས་བསྡུས་གསལ་བའི་མེ་ལོང་ནང་དུp123ས་སྐྱའི་ཡིག་རྒྱུན་ངོ་སྤྲོད་སྐབས་ཁམས་ཡིག་ཞེས་པའི་གསལ་བྱེད་འདུག།མདོར་ན་ཁམས་ཡིག་དང་ཁམས་བྲིས་ཁམས་རིས་སོགས་ནི་གནའ་བོའི་སྐབས་ཁམས་ཕྱོགས་སུ་དར་བའི་ཡིག་རྒྱུན་ལ་ངོས་འཛིན་དགོས་པ་ནི་སྨོས་མ་དགོས་པའོ། དུས་རབས་8པའི་དུས་དཀྱིལ་དུབོད་ཀྱི་རྒྱལ་པོ་ཁྲི་སྲོང་ལྡེ་བཙན་གྱི་དུས་སྐབསསད་མི་མི་བདུན་གྱི་ཡ་གྱལ་ལམ་ལོ་ཙཱ་བ་ཆེན་པོ་བདུན་གྱི་ཡ་གྱལ་མཁས་ཆེན་བཻ་རོ་ཙ་ནས་ཁམས་ཕྱོགས་སུ་རྫོགས་ཆེན་གྱི་ཕྱག་སྲོལ་མ་ལུས་པར་སྤེལ་ནས་གདུལ་བྱ་མང་པོ་བསྡུས་སྐབས་ཁམས་ཀྱི་ཡིག་རིས་ལ་ཡང་འཕེལ་རྒྱས་དང་འགྱུར་བ།བྱས་རྗེས་རླབས་བོ་ཆེན་འཇོག་ཡོད་ཁོ་ཐག་རེད།ཚང་མས་དཔྱད་པར་འཚལ་ལོ།མཁས་ཆེན་བཻ་རོ་ཙ་ནས་ཁམས་ཁུལ་དུ་རིག་གནས་བརྒྱུད་སྤེལ་བྱེད་སྐབས་ཁམས་པ་དང་རྒྱལ་རོང་ས་ཁུལ་སོགས་ལ་སློབ་དཔོན་ཆེན་མོའི་རྗེས་ཤུལ་མང་པོ་ཞིག་བཞག་ཡོད་པ་མ་ཟད།ཡ་མཚན་ལྡན་པའི་ལོ་རྒྱུས་ཀྱི་གཏམ་རྒྱུད་མང་པོ་ཞིག་ཀྱང་བཞག་ཡོད། དེར་བརྟེན་ཁམས་ཕྱོགས་ཀྱི་ཡིག་གཟུགས་ནི་བོད་བཙན་པོའི་རྒྱལ་རབས་སྐབས་ཀྱི་ཡིག་གཟུགས་ཆེན་པོ་བརྒྱད་ཀྱི་ཡ་གྱལསྤྱི་ལོའི་དུས་རབས་བརྒྱད་པའི་དུས་མཇུག་དང་དུས་རབས་དགུ་པའི་དུས་འགོར།བོད་ཀྱི་རྒྱལ་རབས་སོ་དགུ་པ་རྒྱལ་པོ་མུ་ནེ་བཙན་པོའི་དུས་སྐབས་སུཡིག་གཟུགས་མཁས་ཅན་ཚེ་སྤོང་བྱང་ཆུབ་ཀྱིས་ཁམས་ཁུལ་དུ་དར་ཁྱབ་ཆེ་བའི་ཡིག་གཟུགས་ཀྱི་རྨང་གཞིའི་ཐོག་དག་སྙོམ་ལྡན་ལ་རྣམ་པར་བཀྲ་ཞིང་།ཡིག་གཟུགས་མཛེས་ཤིང་ཚིག་སྦྱོར་བདེ་བའི་བོད་ཡིག་གི་ཡིག་རྒྱུན་ཡིན་པར་མ་ཟད།ཁམས་ཁུལ་དུ་དར་ཁྱབ་ཆེན་པོ་བྱུང་བས་ཁམས་རིས་དང་ཁམས་ཡིག།ཁམས་བྲིས་ཟེར།ཡིག་གཟུགས་མཁས་ཅན་ཚེ་སྤོང་བྱང་ཆུབ་ལ་ཁམས་རིས་གསར་གཏོད་བྱེད་མཁན་དང་ཁམས་རིས་རྒྱུན་འཛིན་བྱེད་མཁན་ཐོག་མ་དེ་རྩིས་ཆོག་ལགས།

        ཡིག་གཟུགས་མཁས་པ་ཁྱུང་པོ་གཡུ་ཁྲིས་དབུ་ཅན་གྱི་ཡིག་གཟུགས་དཀྱིལ་འཁོར་གྱི་ཐིག་ཚད་ལ་དཔེ་བླངས་ནས་ཚན་རིག་དང་མཐུན་པའི་ཚད་གཞི་བྱས་ནས་ཡིག་གཟུགས་ཀྱི་སྤྱི་ཁོག་གཏན་ལ་ཕབ་པ་དང་།ཕྱིས་སུ་ཆེས་བེད་སྤྱོད་རྒྱ་ཆེ་ཞིང་གཞི་བཟུང་སའི་ཡིག་གཟུགས་ཤིག་ཏུ་གྱུར་ནསཁྱུང་བྲིས་ཞེས་བརྗོད་སྲོལ་ཡོད།ཁྱུང་པོ་གཡུ་ཁྲི་ཡི་ཡིག་གཟུགསདབུ་ཅན་གྱི་གཟུགས་ལ་སྙེ་བྲིས་དང་དང་ཁམས་བྲིས་ཀྱི་རིགས་གཉིས་ཕྱེ་སྟེ།སྙེ་བྲིས་ཞེས་པ་ནི་བོད་ཀྱི་སྙེ་མོའི་རྒྱུད་དུ་དར་བའི་པར་བརྐོས་སྒྱུ་རྩལ་པས་བེད་སྤྱོད་བྱེད་པའི་ཡིག་རིགས་ཤིག་ཡིན། ཁམས་བྲིས་ནི་ཁམས་ཁུལ་དང་ཨ་མདོ་ཁུལ་དུ་དར་ཆེ་བའི་ཡིག་གཟུགས་ཡིན་ཞིང་།གོང་དུ་བཤད་ཟིན་པ་ནང་བཞིན།སྙེ་བྲིས་དང་ཁམས་བྲིས་གཉིས་ཀ་ནི་ཁྱུང་བྲིས་ཀྱི་ཡན་ལག་ཡིན།   དབུ་ཅན་ཡིག་གཟུགས་ཀྱི་པིར་རིས་མང་ཉུང་གི་དབྱེ་མཚམས་གསལ་ཞིང་།དེ་ནི་པར་བརྐོས་སྐབས་རྒྱ་ཆེར་བཀོལ་བཞིན་ཡོད། བསྟན་པ་ཕྱི་དར་གྱི་དུས་ཡུན་རིང་པོའི་ལོ་རྒྱུས་ཀྱི་འཕེལ་རིམ་ཁྲོད་ལོ་པཎ་དང་ཡིག་མཁན་མང་པོ་ཞིག་གིས་ཡིག་གསར་ཟེར་བ་གཟུགས་ཁྱད་དུ་འཕགས་པ་དུ་མ་གསར་དུ་གཏོད་པ་རེད།   ཁམས་ཕྱོགས་སུ་བོད་ཡིག་ཡིག་གཟུགས་ཆེས་དར་རྒྱས་ཆེ་བའི་དུས་ཀྱི་ཡིག་གཟུགས་ལ་སྡེབ་བྲིས་ཟེར།ཕྱིས་སུ་སྡེ་དགེའི་བོད་ཡིག་ཡིག་གཟུགས་ཟེར་སྲོལ་ཡོད།སྤྱི་ལོའི་དུས་རབས་ ་18པའི་དུས་འགོའི་སྡེ་དགེ་རྒྱལ་པོ་ཆོས་རྒྱལ་བསྟན་པ་ཚེ་རིང་གིས་མ་དངུལ་བཏང་ནས་བཀའ་འགྱུར་རིན་པོ་ཆེ་པར་དུ་བརྐོས་པ་དང་།སི་ཏུ་པཎ་ཆེན་ཆོས་ཀྱི་འབྱུང་གནས་ཀྱིས་བཀོད་སྒྲིག་བྱས་ནས་ཡིག་གཟུགས་འཚོལ་བསྡུ་ལེགས་སྒྲུབ་བྱས་པ།ཡིག་གཟུགས་ཀྱི་གྲུབ་ཆའི་ཞིབ་ཚགས་ཞིབ་བསྡུར་གྱི་འབྲེལ་བ་དང་དེ་མ་ཚད་ཡིག་གཟུགས་ཀྱི་བཀོད་པ་མཛེས་པོ།   སི་ཏུ་པཎ་ཆེན་ཆོས་ཀྱི་འབྱུང་གནས་ཀྱིས་བོད་ཁུལ་གྱི་ཡིག་གཟུགས་མཁས་པ་རྣམས་བསྡུས་ཏེ། ཕྱོགས་སོ་སོའི་ཡིག་གཟུགས་ཀྱི་ལེགས་ཆ་གཅིག་ཏུ་བསྡུས་ནས་ཁམས་པའི་བོད་ཡིག་ཡིག་གཟུགས་མཐོ་ཚད་ཐོག་ཁྱབ་གདལ་བཏང་བ་དང་དེ་སྔའི་ཡིག་གཟུགས་རྨང་གཞིའི་ཐོག་དབུས་གཙང་དང་།ཁམས་པ།ཨ་མདོའི་ཡིག་གཟུགས་བཅས་ཀྱི་ལེགས་ཆ་གཅིག་ཏུ་སྡེབས་ནས་འཕེལ་རྒྱས་བཏང་སྟེ་ཡིག་གཟུགས་གསར་པ་ཞིག་ལ་སྡེབ་བྲིས་དང་།དེ་ལ་བོད་ཁུལ་ས་ཆ་སོ་སོའི་བོད་ཡིག་ཡིག་གཟུགས་ཀྱི་ལེགས་ཆ་ལྡན་ཡོད་པ་རེད།   2008ལོར་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཆོག་མཆན་ཐོབ་པ་བརྒྱུད་བོད་ཡིག་ཡིག་གཟུགས་དེ་རྒྱལ་ཁབ་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་གི་མིང་གཞུང་ཁག་གཉིས་པའི་ནང་ཚུད་པ་དང་།ཁམས་ཕྱོགས་སྡེབ་བྲིས་བོད་ཡིག་ཡིག་གཟུགས་ལ་མཛེས་ཤིང་འབུར་ལེགས་པ།འཇམ་ཞིང་ཟླུམ་ལ།ཡིག་གཟུགས་ཀྱི་གྲུབ་ཆ་ཞིབ་ཚགས་ཤིང་དེ་བཞིན་ཡིག་གཟུགས་བཀོད་སྒྲིག་ཞིབ་ཚགས་བཅས་ཡོད་པ་རེད། དེ་ལ་དབུ་ཅན་དང་དབུ་མེད་ཀྱི་རིགས་གཉིས་ཡིན་ཞིང་།རྩ་བ་གཟབ་ཆེན་དང་གཟབ་ཆུང་གཉིས།འབྲུ་ཆེན་དང་འབྲུ་ཆུང་གཉིས།བཤུར་མ་དང་དཀྱུས་ཡིག་གཉིས་ཏེ་དྲུག་ལ་ཐམས་ཅད་འདུས། དབུ་ཅན་གྱི་ཁྱད་ཆོས་གཙོ་བོ་ནི་མཉམ་དང་དྲང་།བསྐོར་བ་སོགས་ཡིན་ལ།མགོ་རྐང་དྲང་ལ་དཀར་ནག་གི་ཆ་མཉམ།དཔུང་ལག་སྐེ་མཆུ་བསྐོར་ནས་མ་གཏོགས་སྨྱུག་ཁམ་མི་ཡོང་བའོ། ལོ་བཞི་སྟོང་ཡན་མན་གྱི་སྟག་གཟིག་སྤུངས་ཡིག་ནས་ད་བར་ལ་བོད་ཡིག་ཡིག་གཟུགས་སྣ་ཁ་བརྒྱ་ལྷག་ཙམ་ཡོད་ཅེས་གསུངས་བ་ཡང་མང་།རྩ་བའི་ཆ་ནས་དབུ་ཅན་གྱི་ཡིག་གཟུགས་ལ་མི་འདྲ་བ་མེད་ཀྱང་།ཨེ་བྲིས་རྒྱགས་ལ།ཁམས་བྲིས་ཅུང་སྐེམས་པ་ལྟ་བུ་ཡུལ་ཐ་དད་པར་ཡིག་གཟུགས་ཀྱི་ཉམས་འགྱུར་ཕྲན་བུ་མི་འདྲ་བ་ཡོད།འདིར་ཁྱུང་པོ་གཡུ་ཁྲིས་ཐིག་ཁོག་ཏུ་དྲངས་ནས་སློབ་པའི་ལག་ལེན་སྤེལ་རྗེས་ཁུངས་དག་ཚད་ལྡན་གྱི་བརྒྱུད་པ་མ་ཉམས་པ་སྡེ་དགེ་དཔལ་སྤུངས་དང་སྡེ་མགོན་ཁང་གི་གཟབ་བྲིས་ལྟར་དུ་བཤད་ན་དཀར་ནག་ཆ་སྙོམས་ཞིང་བརྗིད་ཉམས་ལྡན། གཟབ་ཀྱི་ཡིག་གཟུགས་ནི།མགོ་ཐིག་དང་ཁོག་ཐིག རྐང་ཐིག་གསུམ་གྱི་ཆ་ཚད་དུ་གནས་པ་ཡིན།དེ་ཡང་ཐིག་འདི་གསུམ་དེ་ཡི་གེ་ཆེ་ཆུང་ཇི་འདོད་དང་བསྟུན་ལ།སྨྱུག་ཁ་ནི་ལག་པ་གཡས་པའི་གུང་མཛུབ་བཤིབས་པའི་རྩེ་ལྟར་གསེག་ཀ་རང་གི་གཡོན་དུ་ཕྱོགས་པར་བྱ ལག་གཡས་ཀྱི་སོར་མོ་འོག་མ་གསུམ་ནང་དུ་བསྐུམ་ལ་མཐེབ་མཛུབ་གཉིས་ལྷོད་ལ་རན་པའི་ཁ་གྱེས་ཡངས་ལ་ཤེད་སྙོམས་པ་དང་ལག་པའི་སྤར་ཁྱིམ་སྟོང་པར་ཕུག་རོན་སྒོ་ང་ཞིག་ཤོང་བའི་བར་སྟོང་ཡོད་པའི་ཐོག་ཏུ་འཛིན་དགོས།

          ལུས་ཁོག་དྲང་ཞིང་དགྱེ་སྒུར་རན་པ་འོད་སྣང་གསལ་བའི་ཕྱོགས་ལ་ཁ་བསྟན་ཅིང་བྲི་གཞི་དེ་རང་གི་ནུ་མ་གཡས་ཀྱི་དྲང་ཐད་དུ་འཇོག་དགོས་སོ།། དེ་ལ་ཡིག་ཚུགས་དོད་བྱེད་རྩ་གནད་ཁག་ལ་ཡི་གེ་རྣམས་ཀྱི་མགོ་ཟུར་དཔུང་ཟུར་མཉམ་པ་དང་།མགོ་དང་།རྐེ།ལུས།རྐང་བ།མགོ་འདོགས་སོགས་ཐིག་ལ་གཞིར་བཟུང་ནས་འབྲི་བ་མ་གཏོགས་སྣང་བ་གང་དྲན་བྱེད་མི་རུང་།ཀ་ག་ཉ་ཏ་ད་ན་ཞ་ཤ་ཧ་སོགས་རྐང་རིང་ཅན་གྱི་ཡི་གེ་སྟེ་རྐང་བ་ཕུར་པ་ལྟར་དྲང་ཞིང་རྩ་བ་སྦོམ་ལ་རིམ་གྱིས་ཇེ་ཕྲར་སོང་དགོས་སོགས་ཞིབ་ཕྲ་གནའ་བའི་བྲིས་དཔེ་ཁག་ལས་གསལ། དེ་ལྟར་ཚད་ལྡན་གྱི་ཡིག་གཟུགས་འབྲི་ཤེས་པར་དང་པོ་སློབ་དཔོན་མཁས་པ་བསྟེན་ནས་ཞལ་རྒྱུན་དང་ཕྱག་རྒྱུན་གུས་སྤྲོ་ཆེན་པོས་བླང་།དེ་ནས་བྲིས་རྩ་བ་ནས་སྦྱོང་མ་མྱོང་ན་ངེས་པར་དུ་པང་བྱང་ཐོག་ཏུ་སྦྱོང་དགོས།སློབ་དཔོན་དམ་པ་རྣམས་ཀྱིས་བྲིས་སྦྱོང་མྱོང་མིན་ལ་མ་བལྟོས་པར་པང་བྱང་ཐོག་ལ་སྦྱང་ན་ཤིན་ཏུ་ལེགས་གསུངས།དེ་ཡང་ཟླ་བ་རེ་གཉིས་ལྟ་བུ་མ་ཡིན་པར་གཟབ་བརྩོན་གཉིས་ཀྱིས་ཡུན་རིང་པོ་སྦྱོང་དགོས་ཏེ།ཁ་རྒྱུན་ལ། པོད་གཅིག་བྲིས་པ་འབྱུང་བ་ས་ལ་སྦོས།།པོད་གཉིས་བྲིས་པ་འབྱུང་བ་ཆུ་ལ་སྐྱུར།།པོད་གསུམ་བྲིས་པ་འབྱུང་བ་མེ་ལ་སྲེག།བོད་བཞི་བྲིས་པ་འབྱུང་བ་རླུང་ལ་བསྐུར།།བོད་ལྔ་བྲིས་པ་སློབ་དཔོན་སྤྱན་སྔར་ཕུལ།། ཞེས་གསུངས་པ་ལྟར་དུ་བྲིས་ཀྱི་སློབ་དཔོན་བཟང་པོ་ཞིག་ངེས་པར་དུ་བསྟེན་དགོས་ཤིང་། བྲིས་ཀྱི་སྦྱོང་ཡུན་རིང་དགོས་པ་མཚོན་འདུག ཡིག་བྲིས་རིག་པ་དེ་སེམས་ལ་གསལ།ཁ་ནས་བཤད་ཤེས་ཀྱང་ལག་གིས་འབྲི་མ་ཤེས་ན་རིག་པ་ཤེས་གོ་མི་ཆོད་པས།སློབ་དཔོན་གྱི་ཕྱག་རྒྱུན་བསྟར་ཇི་བཞིན་རང་གི་སོར་མོའི་རྩེར་མ་བབས་བར་དུ་འབད་པས་སྦྱངས་ཏེ་ད་གཟོད་ཡིག་མཁན་ནམ་བྲིས་པའི་གོ་ས་འཛིན་དགོས།ང་ཚོས་ད་ལྟ་སློབ་དཔོན་ཆེན་པོ་བསོད་ནམས་རྒྱ་མཚོས་མཛད་ཞིང་སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་ནས་དཔར་བསྐྲུན་གནང་བའི་གངས་ཅན་བྷོ་ཊའི་ཡིག་གཟུགས་སྣ་ཚོགས་ཀྱི་མ་ཕྱི་གཡུ་ཁྲིའི་ཕྱག་བྲིས་ལ་གཞི་བཞག་ནས་སྦྱོང་དང་སྦྱོང་བཞིན་ཡོད།

        ཞེས་སྔོན་རབས་མཁས་པས་ཡི་གེ་པ་ལ་གདམས་པའི་ཚིག་ཡིད་ལ་གཟུང་བར་བྱ།ང་རྒྱལ་སྤངས་ནས་སློབ་དཔོན་མཁས་པ་བསྟེན།།ལེ་ལོ་སྤངས་ནས་བརྩོན་པས་སྦྱངས་པ་ཡིས།།རྨོངས་པ་སྤངས་ནས་རིག་པ་ལྡན་བྱས་ན།།སྒྲིབ་པ་སྤངས་ནས་ཤེས་རབ་མཆོག་ཐོབ་འགྱུར།།དགེའོ།།ཞེས་པ་འདི་ནི་སྔོན་གྱི་སློབ་དཔོན་བཀའ་དྲིན་ཅན་དག་གི་བཀའ་དྲིན་གསབ་བ་དང་ཕྱིས་འབྱུང་བློ་གསལ་རྣམས་ལ་ལེགས་སྐྱེས་ཀྱི་ཚུལ་དུ་གུས་ཕྲན་དཔག་བསམ་དོན་འགྲུབ་ཀྱིས་བོད་རབ་བྱུང་བཅུ་བདུན་པའི་མེ་ཕོ་རྟའི་ལོར་ཁམས་རིས་དཔེ་ཀློག་ལས་སྒྲུབ་ཁང་ནས་བྲིས་པ་ཀུན་ལ་ཕན་པའི་རྒྱུར་གྱུར་ཅིག།

参考文献(1)《知识总汇》民族出版社(2)《藏汉大辞典》民族出版社(3)《藏文书法理论与实践》民族出版社(4)《藏文字帖》四川民族出版社(5)《中国藏族文化艺术彩绘大观图说明镜》民族出版社(6)《雪域书法唐卡全集》西藏人民出版社(7)《东噶藏学大辞典》中国藏学出版社(8)《雪域书法精粹》四川民族出版社(9)《吞弥书法荟萃》四川民族出版社(10)《藏文书法精粹》国家文物出版社(11)《藏族文字通论》四川民族出版社(12)《藏族文字史评述》西藏人民出版社(13)《古今藏文书论广辞玉赤遗教》西藏人民出版社(14)《扎尕洛桑巴登文集》中国藏学出版社(15)《藏文书体百种》民族出版社


阅读10
分享
写下您的评论吧