མཚོ་བོད་མཐོ་སྒང་ནས་བཞད་པའི་ཤེས་བྱའི་ཟེགས་མ།
བོད་ལྗོངས་ཨ་མདོ་རྫོང་རྩོམ་རིག་ལས་རིགས་མཉམ་འབྲེལ་ལྷན་ཚོགས་ཀྱིས་ཏང་གི་སྐབས་ཉི་ཤུ་བའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་སྒྲོག་འབྲེལ་བྱས་པ་དང་། རིག་རྩལ་ལྷན་ཚོགས་ཀྱི་ལོ་མཇུག་གི་འཇུག་བསྡོམ་ཚོགས་ཆེན་ཚོགས་ནས། རྫོང་ཨུད་དང་རྫོང་སྲིད་གཞུང་གི་དབུ་ཁྲིད་འོག་རྫོང་ཨུད་དྲིལ་བསྒྲག་པུའུ་ཡིས་བཀོད་སྒྲིག་ལྟར། ཀྲུང་ཧྭ་མི་རིགས་ཀྱི་སྲོལ་རྒྱུན་རིག་གནས་བོད་ཀྱི་སྐད་ཡིག་གི་ཐོག་ནས་རྩོམ་རིག་དང་ཡིག་གཟུགས་འགྲན་བསྡུར་གྱི་བྱ་འགུལ་ཞིག་སྤེལ།
ཚོགས་ཆེན་ཐོག་རྫོང་སྲིད་གྲོས་དང་། རྫོང་ཨུད་དྲིལ་བསྒྲག་པུའུ། རྫོང་ཨུད་རྩ་འཛུགས་པུའུ་དང་རྫོང་ཡུལ་སྐོར་རིག་གནས་ཅུད་བཅས་ཀྱི་དབུ་ཁྲིད་རྣམས་ཚོགས་ཞུགས་མཛད་པ་མ་ཟད། རིག་རྩལ་ལྷན་ཚོགས་ཀྱི་ཚོགས་མིའམ་ཡིག་གཟུགས་དང་རྩོམ་རིགས་ཀྱི་གཟེགས་བསྟོད་བྱ་དགའ་ཐོབ་མཁན་རྣམས་ལ་གཟི་བརྗིད་མཚན་སྙན་ལག་འཁྱེར་གནང་ཡོད།


















སྤྱི་ཁྱབ་ལྟ་སྐུལ་བ།རྟ་མགྲིན་མགོན་པོ།
རྩོམ་སྒྲིག་པ།དཔལ་མགོན་ཚེ་རིང་།
ཞུ་དག་པ། བཀྲ་ཤིས་དོན་གྲུབ།
སྒྲིག་སྦྱོར་བ།རྟ་མགྲིན་འཚོ།