སྣོད་བཅུད་སྲུང་སྐྱོབ་དང་སྣག་སྨྱུག་རྒྱུད་འཛིན་ཞེས་པའི་ཡིག་རིས་བརྩམས་ཆོས་འགྲེམ་སྟོན།

རྟ་མགྲིན་མགོན་པོ།
2025-10-28

སྣོད་བཅུད་སྲུང་སྐྱོབ་དང་སྣག་སྨྱུག་རྒྱུད་འཛིན་ཞེས་པའི་ཡིག་རིས་བརྩམས་ཆོས་འགྲེམ་སྟོན།



1.png



༢༠༢༥ལོའི་ཟླ་༡༠ཚེས་༢༨ཉིན་གྱི་སྔ་དྲོ། སྣོད་བཅུད་སྲུང་སྐྱོ་དང་སྣག་སྨྱུག་རྒྱུན་འཛིན་ཞེས་པའི་རྨ་ཆུ་དང་འབྲུ་ཆུའི་འབབ་རྒྱུད་ཀྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་དང་ཚད་མཐོ་བའི་སྤྱི་ཚོགས་འཕེལ་རྒྱས་བརྗོད་དོན་བྱས་པའི་ཡིག་གཟུགས་དང་མཛེས་རིས་བརྩམས་ཆོས་འགྲེམ་སྟོན་ཀླུ་ཆུ་རྫོང་རིག་གནས་ཐོག་ཁང་ནས་སྤེལ།


1.jpg


སྲིད་གྲོས་ཀླུ་ཆུ་རྫོང་ཨུ་ཡོན་ལྷན་ཁང་གི་ཏང་ཙུའུ་ཧྲུའུ་ཅི་དང་། ཀྲུའུ་ཞི་ཧྭང་བན་མ་ལགས་ཀྱིས་མཛད་སྒོར་ཤིས་ཚིག་འབུལ་བཞིན་པ།



   འདི་ནི་གཙོ་འཛིན་ཞི་ཅིན་ཕིང་གི་རིག་གནས་ཀྱི་དགོངས་པ་རྒྱུན་འཁྱོངས་བྱས་ཏེ། ཀྲུང་ཧྭ་རིག་གནས་རྒྱུད་འཛིན་དར་སྤེལ་གྱི་རླབས་རྒྱུན་དང་འགྲོགས་པའི་བྱེད་སྒོ་ཞིག་ཡིན་ལ། སྲིད་གྲོས་ཀླུ་ཆུ་རྫོང་ཨུ་ཡོན་ལྷན་ཁང་དང་རྫོང་ཨུའི་དྲིལ་བསྒྲགས་པུའུ་ཡི་གཙོ་སྒྲུབ་མཐུན་རྐྱེན་འོག ཀླུ་ཆུ་རྫོང་མཛེས་རྩལ་དང་ཡིག་གཟུགས་མཐུན་ཚོགས་ཀྱིས་འགན་སྒྲུབ་བྱས་ཤིང་ རྫོང་རིག་གནས་ཁང་སོགས་འབྲེལ་ཡོད་ལས་ཁུངས་དུ་མའི་རོགས་སྒྲུབ་ལས་བྱུང་བ་མ་ཟད། རྒྱ་ཆེའི་སྲིད་གྲོས་ཨུ་ཡོན་དང་། རྫོང་ཡོངས་ཀྱི་ཡིག་གཟུགས་དགའ་ཞེན་པ། སློབ་གྲྭ་ཁག་གི་དགེ་སློབ་རྣམས་ཀྱི་རྒྱབ་སྐྱོར། སྒོས་སུ་ཁུལ་ཡོངས་ཀྱི་ཡིག་མཁན་དང་པར་རིས་ཆེད་མཁས་པ། སི་ཁྲོན་ཞིང་ཆེན་ཁྲིན་རྡུ་གྲོང་ཁྱེར་ཡིག་གཟུགས་པར་རིས་སྒྱུ་རྩལ་གླིང་གི་སྒྱུ་རྩལ་པ་དག་གི་མཉམ་འབྲེལ་རོགས་རེས་སམ་ཐུན་མོང་འབད་བརྩོན་ལས་གྲུབ་པའི་རྨད་བྱུང་སྒྱུ་རྩལ་གྱི་གསོལ་སྟོན་ཞིག་ཡིན།



4.jpg

འགྲེམ་སྟོན་ལ་ཞུགས་མཁན་གྱི་སྐུ་མགྲོན་རྣམས་ཀྱིས་འགྲེམ་སྟོན་བརྩམས་ཆོས་ལ་རོལ་མྱོང་གནང་བཞིན་པ།


微信图片_20251028231519_242_2.jpg

དཔྱད་འདེམ་དགེ་རྒན་རྣམ་པས་འགྲན་ཞུགས་བརྩམས་ཆོས་ལ་སྐར་མ་རྒྱག་པ་དང་དཔྱད་བསྡུར་གནང་བཞིན་པ།




ཐེངས་འདིར་བརྡ་ཁྱབ་བཞིན་འབྱོར་བའི་བརྩམས་ཆོས་༡༢༠ཡོད་ལ། དེའི་ཁྲོད་ནས་དར་མའི་བོད་ཡིག་ཡིག་གཟུགས་བརྩམས་ཆོས་༣༩དང་། རྒྱ་ཡིག་ཡིག་གཟུགས་བརྩམས་ཆོས་༡༤དང་། སློབ་གྲྭ་ཆུང་འབྲིང་གི་སློབ་མའི་བརྩམས་ཆོས་༢༨། མཛེས་རིས་བརྩམས་ཆོས་༡༣། དྲས་རིས་བརྩམས་ཆོས༦བཅས་ཕུལ་བྱུང་བརྩམས་ཆོས་༡༡༤འགྲེམ་སྟོན་བྱས་ཡོད།


5.jpg


བོད་ཀྱི་རྫོགས་རིམ་ཡིག་མཁན་ཆེན་མོ་སངས་རྒྱས་བཀྲ་ཤིས་ལགས་ནས་༼   གཡང་ལྡན་ཀླུ་ཆུ་ཕྱུག་མོ་ ༽   ཞེས་པའི་ཕྱག་བྲིས་གནང་བཞིན་པ།


རྒྱ་བོད་ཡིག་གཟུགས་དང་པར་རིས། དྲས་རིས་སོགས་ནང་དོན་ཕུན་སུམ་ཚོགས་ལ་སྒྱུ་རྩལ་གྱི་རྣམ་པས་ཕྱུག་པའི་བརྩམས་ཆོས་དག་གིས་ལོ་ངོ་གཅིག་གི་ཀླུ་ཆུའི་འཕེལ་རྒྱས་ཀྱི་གནས་ཚུལ་མ་ལུས་ཡིག་རིས་སྒྱུ་རྩལ་གྱི་ལམ་ནས་མངོན་མཚོན་བྱས་ཞིང་། རེ་བ་དང་ཡིད་ཆེས་ཀྱིས་ཁེངས་པའི་ཀླུ་ཆུའི་མི་དམངས་རྣམས་མདུན་ནས་མདུན་དུ་སྐྱོད་པའི་གོམ་སྟབས་བརྟན་པོ་མགྱོགས་སུ་སྤོ་བཞིན་པའི་རྣམ་པ་དངོས་བྲིས་སུ་ཕབ་ཡོད།


6.jpg


རྫོང་ཡིག་མཁན་མཐུན་ཚོགས་ཀྱི་ཚོགས་མི་ཀའོ་ཅུའུ་ཅོན་གྱིས་མའོ་ཙེ་ཏུང་གི་སྙན་རྩོམ་ཆིན་ཡོན་དཔྱིད་ཀྱི་ཁ་བ་ཞེས་པའི་བརྩམས་ཆོས་ཡིག་གཟུགས་ཀྱི་ལམ་ནས་འབྲི་བཞིན་པ།



       ཕྱི་དྲོའི་དུས་སུ་ཁུལ་ཡིག་མཁན་མཐུན་ཚོགས་ཀྱི་ཡིག་མཁན་དང་རྫོང་ཡིག་མཁན་མཐུན་ཚོགས་ཀྱི་འཐུས་ཚབ་དགེ་རྒན་རྣམས་ཀྱིས་ཐེངས་འདིའི་འགྲན་སྡུར་བརྩམས་ཆོས་ཀྱི་དགེ་སྐྱོན་གླེང་བ་མ་ཟད། བརྩམས་ཆོས་ཀྱི་ཁོག་འབུབ་ལུགས་དང་འབྲེལ་ནས་བོད་ཀྱི་ཡིག་གཟུགས་རིག་གནས་སྐོར་ནས་བགྲོ་གླེང་ཟབ་མོ་བྱས་ཡོད།


3-9.jpg


ཆུ་ཚོད་གསུམ་ཡས་མས་ཀྱི་བགྲོ་གླེང་ཁྲོད་གཙོ་བོ་ཡིག་གཟུགས་རྒྱུད་འཛིན་གྱི་སྐབས་སུ་ཁྲིད་རྒྱུན་ལས་ཀ་དཔེ་ལྟ་ཀློག་མྱོང་གསུམ་གཙིགས་འཛིན་བྱེད་དགོས་པའི་གལ་ཆེན་རང་བཞིན་དང་། ཇི་ལྟར་གཙུགས་སུ་འཛིན་པའི་ཐབས་ཚུལ་སོགས་ཀྱི་ཐད་ནས་མཐོང་ཐོས་མྱོང་གསུམ་གཞི་གཅིག་ཏུ་བསྡུས་ཏེ་གསུང་གླེང་ལྷུག་བརྗོད་བྱས། དེར་མ་ཟད། ཡིག་གཟུགས་ཀྱི་བྲིས་རྒྱུན་རྒྱུད་འཛིན་དང་གསར་གཏོད་བར་གྱི་གནད་དོན། ཕྱི་རབས་གསོ་སྐྱོང་། གནའ་བཟང་དེང་སྤྱོད། སྙིགས་དོར་བཅུད་ལེན་བཅས་ཀྱི་ཆ་ནས་བསམ་བློ་བརྗེས་རེས་དང་ཕན་ཚུན་སློབ་སྦྱོང་གི་རྣམ་འགྱུར་ངང་གིས་བསྟན།


55.jpg





སྤྱི་ཁྱབ་ལྟ་སྐུལ་བ།རྟ་མགྲིན་མགོན་པོ།

རྩོམ་སྒྲིག་པ།དཔལ་མགོན་ཚེ་རིང་།

ཞུ་དག་པ། བཀྲ་ཤིས་དོན་གྲུབ།

སྒྲིག་སྦྱོར་བ།རྟ་མགྲིན་འཚོ།


阅读418
分享
写下您的评论吧