བཀྲ་ཤིས་དོན་འགྲུབ་ཀྱི་བརྩམས་ཆོས་འགྲེམ་སྟོན་ཁང་།
མིང་ལ་བཀྲ་ཤིས་དོན་འགྲུབ་དུ་འབོད་པ་ཁོང་ནི་ཕ་ཡུལ་གསེར་རྟ་ནས་སྤྱི་ལོ2001ལོར་འབྲོག་ཁྱིམ་ཕལ་བ་ཞིག་ནས་སྐྱེས། ལོ་དྲུག་ནས་གྲྭ་བ་བྱས་ཏེ། ཧོར་ཤུལ་འཇམ་དབྱངས་བློ་འཕེལ་ནང་བསྟན་སློབ་གླིང་དང་། གསེར་ལྗོངས་ལྔ་རིག་ནང་བསྟན་སློབ་གླིང་། ལི་མདོ་མདོ་སྔགས་ཆོས་འཁོར་གླིང་སོགས་ནས་སློབ་སྦྱངས་བྱས། ཆུང་དུས་ནས་ཡིག་གཟུགས་སྒྱུ་རྩལ་ལ་དགའ་མོས་ཡོད་པས་ཡིག་གཟུགས་འབྲི་སྦྱོང་གི་ལོ་ཟླའི་ཁྲོད་ནས་སྦྱངས་འབྲས་མངོན་གསལ་ཐོབ་པ་དང་བསྟུན་རིམ་བཞིན་ཡིག་གཟུགས་ཆེད་སྦྱོང་གི་ལམ་ཁར་ཞུགས་ནས་པདྨ་ཚུལ་ཁྲིམས་བཟོ་རིག་སློབ་གྲྭའི་ཡིག་གཟུགས་ཆེད་སྦྱོང་འཛིན་གྲྭ་ནས་སློབ་མཐར་ལེགས་པར་ཕྱིན་པ་དང་། གནས་མཆོག་ལྷ་སར་སོང་ནས་གཞུང་བྲིས་འབྲི་སྦྱོང་ལ་འབད་བརྩོན་བྱས་དང་བྱེད་བཞིན་པའོ།།
སྤྱི་ཁྱབ་ལྟ་སྐུལ་བ།རྟ་མགྲིན་མགོན་པོ།
རྩོམ་སྒྲིག་པ།དཔལ་མགོན་ཚེ་རིང་།
ཞུ་དག་པ། བཀྲ་ཤིས་དོན་གྲུབ།
སྒྲིག་སྦྱོར་བ།རྟ་མགྲིན་འཚོ།