ཀན་ལྷོའི་ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་སྲ་བརྟན་དང་།ཀྲུང་ཧྭ་ཐུན་མིན་ཤུལ་བཞག་རིག་གནས་འཛིན་སྐྱོང་དར་སྤེལ་གཏོང་བ་བརྗོད་དོན་བྱས་པའི་ཡིག་གཟུགས་འགྲེམ་སྟོན་ཁུལ་རིག་གནས་ཁང་ནས་གཟབ་རྒྱས་ངང་སྤེལ།
༢༠༢༥ལོའི་སྤྱི་ཟླ་༨པའི་ཚེས་༡༨ཉིན་གྱི་སྔ་དྲོར། ཀན་སུའུ་ཞིང་ཆེན་པར་ལེན་མཁས་པའི་མཐུན་ཚོགས་དང་ཀན་ལྷོ་ཁུལ་རིག་རྩལ་ལྷན་ཚོགས། ཀན་ལྷོ་ཁུལ་རིག་གནས་ཁང་། ཀན་ལྷོ་ཁུལ་བོད་ཀྱི་ཡིག་མཁན་མཐུན་ཚོགས། ཀན་ལྷོ་ཁུལ་པར་ལེན་མཁས་པའི་མཐུན་ཚོགས་བཅས་མཉམ་འབྲེལ་སྒོས་སྤེལ་བའི་༼ ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་སྲ་བརྟན་དང་། རང་རེའི་ཐུན་མིན་གྱི་ཡིག་གཟུགས་ཤུལ་བཞག་རིག་གནས་འཛིན་སྐྱོང་དར་སྤེལ་གཏོང་བ་ ༽བརྗོད་དོན་དུ་བཟུང་བའི་འགྲེམ་སྟོན་ཁུལ་རིག་གནས་ཁང་ནས་གཟབ་རྒྱས་ངང་སྤེལ།
ཀན་ལྷོ་ཁུལ་ཨུའི་རྒྱུན་ཨུ་དང་།ཁུལ་དྲིལ་བསྒྲགས་པུའུ་ཡི་པུའུ་ཀྲང་དབྱང་ཏུང་ཕིན།ཁུལ་སྲིད་གཞུང་གི་ཁུལ་དཔོན་གཞོན་པ་ཝང་ཧྥང་།ཁུལ་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ལུའུ་དབྱིས། ཁུལ་རིག་རྩལ་ལྷན་ཚོགས་ཀྱི་ཀྲུའུ་ཞི་ཀྲའོ་ལིན་ཧུང་སོགས་འགྲེམ་སྟོན་གྱི་དབུ་འབྱེད་མཛད་སྒོར་ཞུགས་ཤིང་།ཡུལ་དངོས་སུ་གཟིགས་མོར་ཕེབས་བཞིན་པ།
དབྱང་ཏུང་ཕིན་གྱིས་འགྲེན་སྟོན་སྒོ་འབྱེད་ཁྱབ་བསྒྲགས་བྱེད་བཞིན་པ།
ཝང་ཧྥང་གིས་ཤིས་ཚིག་འབུལ་བཞིན་པ།
ཝང་ཧྥང་གིས་གསུངས་རྒྱུར། རིག་གནས་ནི་མི་རིགས་ཀྱི་བླ་སྲོག་ལྟ་བུ་ཡིན་ལ། མི་རིགས་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་ལ་སྐུལ་འདེད་དམ། ཐུན་མོང་བསམ་པའི་ཁྱིམ་གཞིས་འཛུགས་པར་ནུས་པ་ཁྱད་པར་ཅན་ལྡན་ཡོད་པས། འགྲེམ་སྟོན་གཉིས་བརྒྱུད་དེ་གཙོ་འཛིན་ཞི་ཅིན་ཕིང་གི་རིག་གནས་དང་མི་རིགས་བྱ་བའི་བསམ་བློ་གལ་ཆེན་གཏིང་ཟབ་ལག་ལེན་བསྟར་བའི་མཚོན་ཚུལ་གཙོ་བོ་ཡིན་པས། "རིག་གནས་ཀྱིས་མི་གསོ་བ། རིག་གནས་ཀྱིས་མི་སྐྱོང་། རིག་གནས་ཀྱིས་མི་སྡུད་པ"བཅས་ཀྱི་འདུན་པ་ལྟར་སྤྱི་ཚོགས་ཀྱི་ལས་རིགས་ཁག་གིས་ཀན་ལྷོར་རྒྱུས་ལོན་བྱེད་ཤུགས་ཆེ་རུ་བཏང་སྟེ། རིག་གནས་མཉམ་འདྲེས་གཏིང་ཟབ་གཏོང་བ་དང་ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་སྲ་བརྟན་དུ་གཏོང་ཐུབ་པར་བྱ་དགོས་ཞེས་སོ།།
ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་པོ་བཙུགས་ཏེ་ཀན་ལྷོ་ཁུལ་མངོན་མིན་རིག་གནས་བོད་ཡིག་གི་ཡིག་གཟུགས་སྤེལ་རེས་ཀྱི་འགྲེམས་སྟོན་ལ་བོད་ལྗོངས་དང་། སི་ཁྲོན། མཚོ་སྔོན། ཡུན་ནན། ཀན་སུའུ་སོགས་ས་གནས་ཁག་གི་ཧུར་ཞུགས་དང་རྒྱབ་སྐྱོར་འོག་སྡོམ་པས་བརྩམས་ཆོས་༢༡༩འབྱོར་བ་མ་ཟད། ནང་དོན་ཕུན་སུམ་ཚོགས་ལ། མཉམ་སྣང་ཁྱད་མཚར་ཐོན་པའི་བརྩམས་ཆོས་༡༢༠དངོས་སུ་འགྲེམ་སྟོན་དུ་འདེམས་ནས་ད་ལོའི་ཟླ་༨ཚེས་༣༡གཅིག་བར་རྒྱ་ཁྱབ་ཀྱིས་འགྲེམ་སྟོན་མགྲོན་བསུ་བྱས་ནས་རྒྱལ་ཁབ་གྱི་མངོན་མིན་ཤུལ་བཞག་རིག་གནས་རྩ་ཆེན་འདི་ཉིད་ཀྱི་ལོ་རྒྱུས་དང་སྒྱུ་རྩལ་ཉིང་བཅུད་མངོན་ཐུབ་པར་བྱ་ངེས།
བརྩམས་ཆོས་འགྲེམ་སྟོན།
སྤྱི་ཁྱབ་ལྟ་སྐུལ་བ།རྟ་མགྲིན་མགོན་པོ།
ཡིག་བསྒྱུར་བ།འཇམ་དཔལ་ཚེ་ལོ།
རྟ་མགྲིན་མགོན་པོ།
རྩོམ་སྒྲིག་པ།དཔལ་མགོན་ཚེ་རིང་།
ཞུ་དག་པ། བཀྲ་ཤིས་དོན་གྲུབ།
སྒྲིག་སྦྱོར་བ།མགོན་པོ་དོན་གྲུབ།