མཚོ་བོད་མཐོ་སྒང་ནས་བཞད་པའི་ཡིག་གཟུགས་ལྡུམ་རའི་མེ་ཏོག
༢༠༢༥ལོའི་ཟླ༨ཚེས་༡༠ཉིན་བོད་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་ངོ་དྲུག་ཅུ་འཁོར་བར་སྤྲོ་སེམས་འཁོལ་བའི་ངང་ནས་བསུ་བ་ཞུ་ཆེད། ཨ་མདོ་རྫོང་རྩྭ་རིང་གྲོང་རྡལ་བླ་མཚོ་གྲོང་ཚོའི་དབྱར་སྐྱིད་རྟ་རྒྱུག་སྐབས། ཨ་མདོ་ཤོག་ཆུང་དགོན་གསང་འདུས་བྲག་དཀར་བཀྲ་ཤིས་དགེ་འཕེལ་གླིང་གི་གྲྭ་པ་བློ་བཟང་རྣམ་དག་གིས་སྦྱིན་བདག་གནང་ཏེ་ཀྲུང་ཧྭའི་སྲོལ་རྒྱུན་རིག་གནས་ཀྱི་གཅེས་ནོར་དུ་གྱུར་བའི་བོད་ཡིག་ཡིག་གཟུགས་འདི་ཉིད་མི་ཉམས་གོང་སྤེལ་དང་ཉམས་པ་སོར་ཆུད་ཡོང་ཕྱིར། མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་སྐབས་གསུམ་པའི་ཡིག་གཟུགས་འགྲན་བསྡུར་སྤེལ་བ་དང་། རྫོང་ཨུད་ཐབས་ཕྱོགས་གཅིག་གྱུར་པུའུ་དང་། དགོན་པའི་དོ་དམ་ཨུ་ལྷན། དེ་བཞིན་བླ་མཚོ་གྲོང་ཚོ་ཨུ་ཡོན་ལྷན་ཁང་བཅས་ཀྱིས་ཚད་མཐོའི་གདེང་འཇོག་དང་རྒྱབ་སྐྱོར་གནང་སྟེ་མཚོ་བོད་མཐོ་སྒང་ནས་བཞད་པའི་ཡིག་གཟུགས་ལྡུམ་རའི་མེ་ཏོག་ཅེས་པའི་བྱེད་སྒོ་སྤེལ། འགྲན་བསྡུར་ནང་དགོན་སྡེའི་གྲྭ་བཙུན་དང་། སློབ་གྲྭ་འབྲིང་ཆུང་གི་སློབ་མ། སློབ་ཆེན་སློབ་མ། འབྲོག་པ་ཕོ་མོ་མི་གྲངས་བདུན་ཅུ་དོན་བརྒྱད་ཙམ་ཞུགས་ཡོད།
འགྲན་རའི་ནང་དུ་གྲྭ་བཙུན་རྣམ་པ་དང་སློམ་མ་རྣམས་ཀྱིས་ཡིག་གཟུགས་འབྲི་བཞིན་པའི་རྣམ་པ་ཟུར་ཙམ།
འགྲན་རའི་ནང་འབྲོག་པ་ཕོ་མོ་ཚོས་ཡིག་གཟུགས་འབྲི་བཞིན་པའི་རྣམ་པ།
རྫོང་ཨུད་ཐབས་ཕྱོགས་གཅིག་གྱུར་པུའུ་ཡི་དབུ་ཁྲིད་ཀྱིས་བྱ་དགའ་ཐོབ་པའི་སློབ་མ་ཚོར་བྱ་དགའ་སྤྲད་པའི་རྣམ་པ།
གོང་རིམ་དབུ་ཁྲིད་དང་བྱ་དགའ་ཐོབ་པའི་སློབ་མ། གྲྭ་བཙུན། འབྲོག་པ་རྣམས་དང་མཉམ་དུ་བླངས་པའི་པར།
སྤྱི་ཁྱབ་ལྟ་སྐུལ་བ།རྟ་མགྲིན་མགོན་པོ།
རྩོམ་སྒྲིག་པ།དཔལ་མགོན་ཚེ་རིང་།
ཞུ་དག་པ། བཀྲ་ཤིས་དོན་གྲུབ།
སྒྲིག་སྦྱོར་བ།མགོན་པོ་དོན་གྲུབ།