པདྨ་གསེར་བྲིས་ཚང་མཁས་དབང་༧དོར་ཞི་ལགས་ལ་མཇལ་དུ་ཕེབས་པ།

མདོ་སྔགས།
2025-07-18

པདྨ་གསེར་བྲིས་ཚང་མཁས་དབང་༧དོར་ཞི་ལགས་ལ་མཇལ་དུ་ཕེབས་པ།


         ཉེ་པའི་ཉིན་འགའི་སྔོན་ལ་པདྨ་གསེར་བྲིས་གླིང་གི་སྤྱི་གཉེར་བ་རྒན་པད་མ་ཚུལ་ཁྲིམས་ལགས་ཀྱིས་ད་ལོའི་ཡིག་གཟུགས་དུས་ཆེན་གྱི་མཛད་འཕྲིན་རླབས་པོ་ཆེའི་མཇུག་བསྐྱངས་ནས་ཆེད་དུ་དགུང་ལོ་དགུ་བཅུ་བཞེས་པའི་བོད་ཀྱི་མཁས་པའི་དབང་པོ་༧་ཨ་ལགས་དོར་ཞི་རིན་པོ་ཆེ་གདོང་དྲུག་སྙེམས་པའི་བློ་ལྡན་མཆོག་དང་མཇལ་ཁ་ཞུ་ཐུབ་པའི་སྐལ་བཟང་བསོད་ནམས་ལེགས་པར་སྨིན་པ།

     ཁོང་རིན་པོ་ཆེས་ད་ལོའི་སྐབས་གཉིས་པའི་པདྨ་གསེར་སྨྱུག་རྟགས་མའི་ཡིག་གཟུགས་འགྲན་སྡུར་གྱི་བརྩམས་ཆོས་འགྲེམ་སྟོན་ཆེན་མོའི་སྐབས་སུ་རྫོགས་རིམ་སློབ་སྟོན་ཆེན་མོའི་མཚན་རྟགས་བཞེས་ཤིང་། ལེགས་ལྡན་སྐལ་བ་བཟང་པོའི་དུས་ཀྱི་ཆ་ལ་ཀྲུང་ཧྭ་རིག་གནས་རྒྱུན་དར་སྤེལ་དང་ཀྲུང་ཧྭ་མི་རིགས་ཐུན་མོང་གཞི་གཅིག་གི་འཕེལ་རིམ་ཁྲོད་ཁོང་རིན་པོ་ཆེས་རྨད་བྱུང་ཐུགས་བསྐྱེད་དང་སྨོན་ལམ་ལེགས་པའི་ཤིས་བརྗོད་གསེར་གྱི་མེ་ཏོག་ལེགས་པར་གཏོར་བའི་ཐུགས་རྗེ་ལས། ༢༠༢༥ལོའི་ཟླ༧ཚེས་༡༥ཉིན་སུ་ཁྲོན་ཞིང་ཆེན་ཁྲིན་ཏུའུ་གྲོང་ཁྱེར་ནས་དམ་པ་ཁོང་དང་མཇལ་འཛོམས་བྱུང་མ་ཟད། ཁོང་གིས་སྐུ་ཚེ་གང་པོར།   ནང་བསྟན་གཙོ་བྱས་པའི་བོད་ཀྱི་རིག་གནས་སྤྱི་ལ་མཛད་རྗེས་བླ་མེད་གནང་བ་སོགས་ལ་བཀའ་དྲིན་མཚོན་བྱེད་དམ། ཁོང་ཉིད་བསྟན་དང་འགྲོ་བའི་དོན་དུ་སྐུ་ཚེ་རྒྱལ་མཚན་ཡུན་ནས་ཡུན་དུ་བརྟན་པའི་སྨོན་ལམ་དང་བཅས་གསེར་བུམ་གཟེངས་རྟགས་དང་།   གསེར་གྱི་སྨྱུ་གུ།   སྐུ་གསུང་ཐུགས་གསུམ་མཚོན་པའི་རྟེན་བཟང་ཤེས་རབ་སྙིང་པོའི་མདོ་གསེར་བྲིས་མ་བཅས་མཇལ་ཁ་ཞུས།






      མཇལ་ཁའི་སྐབས་སུ་རྒན་པདྨ་ཚུལ་ཁྲིམས་ལགས་ཀྱིས་ལོ་འདི་འགའི་རིང་ལ་པད་མ་གསེར་བྲིས་གླིང་དང་།པད་མ་ཚུལ་ཁྲིམས་བཟོ་རིག་ལག་རྩལ་སློབ་གྲྭ་སོགས་ཀྱི་ལས་དོན་གནས་ཚུལ་གསལ་དག་སྙན་གསུམ་ལྡན་པའི་སྒོ་ནས་སྙན་ཞུ་ཕུལ་ལ་ཁོང་རིན་པོ་ཆེའི་ཞལ་ནས།

    ཁོ་བོ་ཡིག་གཟུགས་ཕྱོགས་ཀྱི་ལག་རྗེས་ཅང་མ་མཆིས།།

    བོང་བ་གསེར་གཟིགས་ཚུལ་གྱིས་བྱ་དགའ་གནང་།།

    བསྟན་དང་འགྲོ་དོན་ཕྱོགས་ལ་ཕན་པས་ན།།

    རྨད་བྱུང་བྱ་དགའ་ལེན་ནོ་ཚོགས་པ་ཀྱཻ།།

    པད༵་མ༵་དཀར་བོ་ལྟ་བུར་བསྔགས་པས་ན།།

    གཞན་གནོད་གཞིར་བཅས་སྤངས་པ་ཚུལ༵་ཁྲིམ༵ས་གཙང་།།

    ཚེ་དང་བསོད་ནམས་འགྲོ་དོན་རྣམ་པ་གསུམ།།

    ཡར་ངོའི་ཟླ་དང་དབྱར་དུས་མཚོ་ལྟར་རྒྱས།།

       ཞེས་དམ་པ་ཁོང་གིས་ཡིད་ཆེས་དང་རེ་བ་མནོས་པའི་ཕྱག་ཟུང་དང་གསུང་གི་བདུད་རྩི་ལེགས་པར་གནང་པ་བཅས་མདོར་ཙམ་བཀོད་པ་དང་བཅས་ཐེངས་འདིའི་མཇལ་ཁའི་གོ་སྐབས་འདི་གནང་མཁན་རྒན་དབང་ཕྱུག་ཚེ་བརྟན་ལགས་ལ་ཡང་བཀའ་དྲིན་ཆེ་ཞུ།

          近日,有幸拜见藏族著名学者多识仁波切。在今年举办的第二届白玛金笔藏文书法大赛中,我们特聘仁波切担任白玛金书苑特邀顾问,今日当面颁发的聘书与奖状,已蒙仁波切欣然接纳。仁波切为藏族传统文化的传承与发展倾注心血、功绩卓著,我们对此致以最崇高的敬意和最由衷的感谢。衷心祝愿仁波切法体安康、吉祥顺遂。也感谢给予这个机会的旺修才旦老师。




སྤྱི་ཁྱབ་ལྟ་སྐུལ་བ།རྟ་མགྲིན་མགོན་པོ།

རྩོམ་སྒྲིག་པ།དཔལ་མགོན་ཚེ་རིང་།

ཞུ་དག་པ། བཀྲ་ཤིས་དོན་གྲུབ།

སྒྲིག་སྦྱོར་བ།མགོན་པོ་དོན་གྲུབ།

阅读132
分享
写下您的评论吧