བོད་ཀྱི་ཡིག་མཁན་ཁག་གིས་སྐལ་བཟང་ལུང་རྟོགས་རྒྱ་མཚོར་སྡེར་ནང་ས་བྲིས་རྒྱུན་འཛིན་པའི་དབང་ཡིག་ཐོབ་པར་རྟེན་འབྲེལ་ཞུས་པ།
༢༠༢༥ལོའི་མགོ་ལོག་ཁུལ་མི་རིགས་མཐོ་རིམ་སློབ་འབྲིང་སློབ་རའི་སྡེར་ནང་ས་བྲིས་བྲིས་རྒྱུན་སྒྱུ་རྩལ་ཞིབ་འཇུག་ལྟེ་གནས་དང་། མགོ་ལོག་སྡེར་ནང་ས་བྲིས་བོད་ཡིག་ཡིག་གཟུགས་ཁྲིད་སྦྱོང་ས་ཚུགས་གཉིས་ཀྱིས་མཉམ་བསྒྲུབ་བྱས་པའི་སྐབས་ལྔ་པའི་སྡེར་ནང་ས་བྲིས་ཆེད་སྦྱོང་འཛིན་གྲྭའི་མཐར་ཕྱིན་མཛད་སྒོར་གངས་ལྗོངས་༼ཡིག་མཁན་ཁྱིམ་ཚང༽གི་བུ་སྐལ་བཟང་ལུང་རྟོགས་རྒྱ་མཚོའམ་ལྡན་མ་རྩེ་སྨྱུག་ལ་སྡེར་ནང་ས་བྲིས་རྒྱུན་འཛིན་པའི་དཔང་ཡིག་ཐོབ་པའི་སྐོར།།
གངས་ལྗོངས་༼ཡིག་མཁན་ཁྱིམ་ཚང༽གི་བུ་སྐལ་བཟང་ལུང་རྟོགས་རྒྱ་མཚོའམ་ལྡན་མ་རྩེ་སྨྱུག་ལ་སྡེར་ནང་ས་བྲིས་རྒྱུན་འཛིན་པའི་དཔང་ཡིག་ཐོབ་པ་ལ་མདོ་དབུས་ཁམས་གསུམ་གྱི་སྨྱུག་འཛིན་པ་རྣམས་ཀྱིས་བཀྲ་ཤིས་རྟེན་འབྲེལ་ཞུ་བའི་ཤིས་ཚིག་ཕྱོགས་བསྒྲིགས།
མཁས་པའི་ཕྱག་རྒྱུན་ཡིག་མཁན་ཁྱིམ་ཚང་གི་གཅེས་ཕྲུག།
ཕྱག་སོར་རྩེ་མོར་བྱིན་རླབས་ཡིག་འབྲུ་དག་འཐུལ་བས།།
ལྡན་མ་རྩེ་མང་སྡེར་ནང་ས་བྲིས་ཀྱི་རྒྱུད་འཛིན།།
མཁས་པའི་དཔང་ཡིག་ཐོབ་པར་རྟེན་འབྲེལ་ཞིག་ཞུའོ།།
དེ་རིང་བཀྲ་ཤིས་ཉིན་མོ་འདིར།།
སྐལ་བཟང་ལུང་རྟོགས་རྒྱ་མཚོ་ལ།།
སྡེར་ནང་ས་བྲིས་རྒྱུན་འཛིན་པའི།།
དཔང་ཡིག་ཐོབ་པར་རྟེན་འབྲེལ་ཞུ།།
རྗེས་རབས་ང་ཚོའི་ལས་དབང་དེ།།
གཞོན་ནུ་རྣམས་ལ་རག་ལས་པས།།
བརྩོན་ལྡན་བུ་ཆུང་ཁྱེད་ཉིད་ཀྱིས།།
མ་འོངས་རེ་བས་ཁེངས་སུ་བཅུག།
གཟེངས་བསྟོད་དཔང་ཡིག་ཐོབ་པ་དེ།།
གཟི་བརྗིད་ཡིན་ལ་འགན་འཁྲི་ཡིན།།
མདུན་སྐྱོད་གོམ་སྒྲ་མི་ལྷོད་པར།།
རེ་བའི་གསོས་སུ་འགྱུར་བར་སྨོན།།
སྐལ་པ་ཇི་སྲིད་གནས་པ་དེ་སྲིད་ཀྱི་མཐའ་ལ།།
བཟང་གསུམ་བློ་གཤོག་མངའ་བ་ཡབ་མེས་ཀྱི་རིག་གཞུང་།།
ལུང་རིག་ཁུ་བྱུག་འགྱུར་བའི་གསུང་དབྱངས་དང་བཅས་ཏེ།།
རྟོགས་ནས་ཡིག་གཟུགས་འགྲོ་དོན་ཕྱོགས་མཐའ་རུ་ཁྱབ་ཤོག།
སྤྱི་ཁྱབ་ལྟ་སྐུལ་བ།རྟ་མགྲིན་མགོན་པོ།
རྩོམ་སྒྲིག་པ།དཔལ་མགོན་ཚེ་རིང་།
ཞུ་དག་པ། བཀྲ་ཤིས་དོན་གྲུབ།
སྒྲིག་སྦྱོར་བ།མགོན་པོ་དོན་གྲུབ།