བྲིས་པ་གདུགས་དཀར་ཚེ་རིང་གི་ཡིག་གཟུགས་དང་མཛེས་རིས་བརྩམས་ཆོས་འགྲེམ་སྟོན།
གདུགས་དཀར་ཚེ་རིང་འམ་ཡང་ན་གདུགས་དཀར་ཞེས་འབོད་པ་ཁོང་གི་པིར་མིང་ལ་སྨྱུག་འཛིན་ཟེར། མཚོ་སྔོན་ཞིང་ཆེན་མཚོ་ལྷོ་ཁུལ་གསེར་ཆེན་རྫོང་ཐང་དཀར་མ་གྲོང་རྡལ་བྲག་དཀར་སྡེ་བ་རུ་སྐྱེས། ཕ་མའི་བཀའ་དྲིན་འོག་ཆུང་དུས་ནས་སློབ་གྲྭར་སློབ་སྦྱོང་བྱེད་པའི་གོ་སྐབས་བྱུང་བ་དང་། ཆུང་དུས་ནས་བཟུང་ཡིག་གཟུགས་དང་མཛེས་རྩལ་ལ་ཧ་ཅང་དགའ་བས། མཚོ་ལྷོ་ཁུལ་མཛེས་རྩལ་དང་ཡིག་གཟུགས་མཐུན་ཚོགས་ཀྱི་ཚོགས་མི།མཚོ་སྔོན་ཞིང་ཆེན་བོད་ཡིག་ཡིག་གཟུགས་རྒྱུན་འཛིན་དར་སྤེལ་ཞིབ་འཇུག་ཚོགས་པ་ཚོགས་མི།
2017ལོ་ནས་བཟུང་དགེ་རྒན་བླ་མ་ཚེ་རིང་དང་དེ་བཞིན་དགེ་རྒན་གཞན་ཁ་ཤས་ཀྱི་བཀའ་སློབ་འོག་སྙེ་བྲིས་དང་། སུག་རིང་། པཎ་ཆེན་སུག་རིང་། སྡེར་ནང་ས་བྲིས་སོགས་ཀྱི་ཡིག་གཟུགས་མི་འདྲ་བ་སྦྱངས་པ་དང་། དེའི་རྗེས་མཚོ་ལྷོ་ཁུལ་ལས་རིགས་ལག་རྩལ་སློབ་གྲྭའི་ཐང་གའི་ཆེད་ལས་འཛིན་གྲྭར་ཞུགས་ནས་ཐང་ག་ལ་སྦྱངས་པ་བྱས། 2016ལོར་གུང་གཞོན་ཚོགས་པ་གསེར་ཆེན་རྫོང་ཨུད་ཀྱི་མི་རིགས་མཐུན་སྒྲིལ་དཔེ་བཟང་ན་གཞོན་རྟགས་མའི་བྱ་དགའ་ཐོབ་པ་དང་། 2018ལོར་གསེར་ཆེན་རྫོང་མི་རིགས་སློབ་འབྲིང་གི་སྐབས་བཞི་པའི་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་རིག་གནས་སྒྱུ་རྩལ་དུས་ཆེན་གྱི་ཡིག་གཟུགས་འགྲན་བསྡུར་ཁྲོད་བྱ་དགའ་ཨང་གཉིས་པ་ཐོབ། 2019ལོར་གསེར་ཆེན་རྫོང་སློབ་གྲྭ་ཆུང་འབྲིང་གི་ཡིག་གཟུགས་འགྲན་བསྡུར་ཁྲོད་བྱ་དགའ་ཨང་དང་པོ་ཐོབ།
2020ལོར་མཚོ་ལྷོ་ཁུལ་གྱིས“བདུན་གཅིག” བསུ་བའི་དུས་ཆེན། སློབ་ཆུང་གི་ཡིག་གཟུགས་དང་རི་མོ་འགྲེམས་སྟོན་ཡིག་གཟུགས་རིགས་ཀྱི་བོད་ཡིག་ཡིག་གཟུགས་འགྲན་བསྡུར་ཁྲོད་བྱ་དགའ་ཨང་གཉིས་པ་ཐོབ། 2020ལོར་གསེར་ཆེན་རྫོང་མི་རིགས་སློབ་འབྲིང་དུ་བོད་ཡིག་ཡིག་གཟུགས《དཀར་ནག་གི་ཕྲ་ཚོམ》ཞེས་པའི་ཡིག་གཟུགས་བརྩམས་ཆོས་ཐོག་མར་སྤེལ།2020ལོར་སློབ་གྲོགས་སངས་རྒྱས་འབུམ་དང་ཡིག་གཟུགས་བརྩམས་ཆོས་འབོར་ཆེན་ཞིག་རང་སློབ་གྲྭའི་དགེ་སློབ་ཀུན་གྱིས་དགའ་བསུ་ཆེན་པོ་བྱས་པར་མུ་མཐུད་དུ་རྒྱུན་འཁྱོངས་བྱེད་པའི་སྐུལ་ལྕག་ཏུ ་གཟེངས་རྟགས་གནང་མྱོང་། 2020-2021ལོའི་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དྲིལ་བསྒྲགས་ཟླ་བའི“མི་རིགས་མཐུན་སྒྲིལ་ཁྱིམ་ཚང་གཅིག་ལྟར་བརྩེ། སེམས་པ་གཅིག་མཐུན་གྱིས་ཀྲུང་གོའི་ཕུགས་འདུན་བརྩོན”ཞེས་པའི་བརྗོད་དོན་གཙོ་བོའི་ཡིག་གཟུགས་འགྲན་བསྡུར་གྱི་བྱེད་སྒོའི་ཁྲོད་བྱ་དགའ་ཨང་དང་པོ་ཐོབ་པ་མ་ཟད། 2021ལོར“ཏང་གི་ལོ་རྒྱུས་སློབ་སྦྱོང་དང་། དད་སེམས་ཇེ་བརྟན་དུ་བཏང་སྟེ་ཏང་གི་རྗེས་སུ་འབྲང་ནས་ལོ་ངོ་བརྒྱ་འཁོར་བའི་འཁྲུངས་སྐར་བསུ་བའི་སློབ་གྲྭ་དང་ཁྱིམ་ཚང་གི་མཐུན་འབྲེལ་སློབ་མའི་བརྩམས་ཆོས་འགྲེམས་སྟོན་ཁྲོད་ཐང་ག་དང་དར་གོས་རིགས་ཀྱི་བྱ་དགའ་ཨང་གསུམ་པ་ཐོབ། 2021ལོར་སློབ་གྲྭ་རིམ་པའི་རྩལ་ནུས་འགྲན་བསྡུར་ཁྲོད་གྲུབ་འབྲས་གཟེངས་སུ་ཐོན་ནས་བྱ་དགའ་ཨང་གསུམ་པ་ཐོབ།
2022ལོའི་བོད་ཡིག་ཡིག་གཟུགས་བརྩམས་ཆོས“ཀྲུང་གོའི་ཕུགས་འདུན་བསྐྱར་དར་རྟགས་མའི”རྒྱལ་ཡོངས་ཀྱི་ཡིག་གཟུགས་དང་རི་མོ། པར་ལེན་སྒྱུ་རྩལ་འགྲན་བསྡུར་ཁྲོད་ཕུལ་བྱུང་གི་བྱ་དགའ་ ཐོབ་པ་དང་འབྲེལ། ཀྲུང་གོའི་དེང་རབས་ཡིག་གཟུགས་དང་སྒྱུ་རྩལ་མཁས་ཅན་གྱི་གཟི་བརྗིད་མཚན་སྙན་ཡང་ཐོབ། 2022ལོར་སློབ་གྲྭར་སློབ་སྦྱོང་ལ་འབད་ནས་སྦྱངས་འབྲས་ལེགས་པ་དང་། དགེ་རྒན་ལ་བརྩི་བཀུར་ལྡན་པ། སློབ་མ་ལ་མཐུན་སྒྲིལ་ལྡན་པས་ཕུལ་བྱུང་མཐར་ཕྱིན་སློབ་མར་བདམས། 2022ལོའི་མཛེས་རྩལ་ཐང་གའི་བརྩམས་ཆོས་ལ “ངོ་མཚར་བའི་ཆུ་རིས་སྨྱུག་ཤིང་བུམ་པ་རྟགས་མ”རྒྱལ་ཡོངས་ཀྱི་ཡིག་གཟུགས་དང་རི་མོའི་ཕུལ་བྱུང་བྱ་དགའ་ཐོབ། 2022ལོའི་ཟླ10ཚེས27ཉིན་ནས་ཟླ10ཚེས29ཉིན་བར་མཚོ་སྔོན་ཞིང་ཆེན་མཚོ་ལྷོ་ཁུལ་གསེར་ཆེན་རྫོང་དུ“གསེར་ཆེན་རྫོང་རིག་གནས་ཁང་གི2022ལོའི་ཐང་གའི་ལག་རྩལ་གསོ་སྦྱོང་འཛིན་གྲྭར”ཞུགས་ནས། སློབ་སྦྱོང་ཁག་ཡོངས་འགྲུབ་བྱས་པ་དང་།2023ལོའི་ཟླ2ཚེས6ཉིན་ནས་ཚེས16ཉིན་བར་དྲ་ལམ་དུས་ཐུང་ཡིག་གཟུགས་གསོ་སྦྱོང་འཛིན་གྲྭར་ཞུགས་ནས་སྲོལ་རྒྱུན་ཡིག་གཟུགས་རིག་པའི་གཞུང་ལུགས་ཀྱི་རྨང་གཞིའི་ཤེས་བྱ་དང་སྨོན་ལམ་ཡིག་གཟུགས་ལ་སྦྱངས་པ་བྱས། 2023ལོར“ཤེས་རིག་ང་ལ་ཡོད། དང་བླངས་སྲུང་སྐྱེལ”ཞེས་པའི་ཡ་རབས་ཡུལ་སྐོར་གྱི་གཞོན་ནུ་དང་བླངས་ཞབས་ཞུའི་བྱ་སྤྱོད་ཁྲོད་གཟེངས་སུ་ཐོན་པའི་གྲུབ་འབྲས་ཐོབ་ནས་ཕུལ་བྱུང་གི་དང་བླངས་པར་བདམས།ཅང་སུའུ་ཞིང་ཆེན་ཁྲང་ཀྲོའུ་འཁེལ་འཐག་གྱོན་ཆས་ལས་རིགས་ལག་རྩལ་སློབ་གླིང་སློབ་ཆེན་དུ་2023 ལོའི་རྒྱལ་ཡོངས་འགྲིམ་འགྲུལ་བདེ་འཇགས་ཉིན་མོའི་སྤྱི་ཕན་བརྡ་ཁྱབ་ཇུས་འགོད་འགྲན་བསྡུར་ཆེན་མོའི་ཁྲོད་དུ། བྱ་དགའ་ཨང་དང་པོ་ཐོབ་།ཅང་སུའུ་ཞིང་ཆེན་ཁྲང་ཀྲོའུ་ཡི་འཁལ་འཐག་ལས་རིགས་ལག་རྩལ་སློབ་གླིང་གིས་བསམ་པའི་སྒྱུ་རྩལ་ལོ 2023 ལོར་ཀྲུང་གོའི་རིག་གནས་སྒྱུ་རྩལ་བྱ་དགའ་ཨང་གཉིས་པ་ཐོབ།
2023 ལོར་ཨེ་ཙི་ནད་འགོག་བཅོས་བདེ་ཐང་སློབ་གསོའི་བརྩམས་ཆོས་བསྡུ་བའི་བྱེད་སྒོའི་ཁྲོད་དུ་མི་སྒེར་གྱི་བརྩམས་ཆོས་ཨང་དང་པོ། སྔ་རྗེས་སུ་བོད་ཀྱི་ཡིག་གཟུགས་དྲ་བ་།མཚོ་སྔོན་པོ་དྲ་བ་དང་དུས་དེབ་འདྲ་མིན་ལ་བརྩམས་ཆོས་མང་པོ་བཀོད་པ་དང་ཆབས་ཅིག་མཚན་སྙན་མང་པོ་ཐོབ་པ་དང་། 2024 ལོའི་སེ་འབྲུའི་སྙིང་ལ་གཅིག་འབྲེལ་དང་། མི་རིགས་མཐུན་སྒྲིལ་ཁྱིམ་ཚང་གཅིག་གི་གཉེན་ཉེ་ཞེས་པའི་མི་སྒེར་གྱི་བརྩམས་ཆོས་འགྲེམ་སྟོན་དང་ཐང་ག་རིག་གནས་འཆད་ཁྲིད་བྱོས་མྱོང་།སློབ་གྲྭའི་མི་རིགས་གཞན་པ་དང་སློབ་གྲོགས་རྣམས་ཀྱིས་བོད་ཀྱི་རིག་གནས་ལ་རྒྱབ་སྐྱོར་དང་སློབ་སྦྱོང་བྱས་མྱོང་།2023 . 2024 ལོའི་སློབ་མའི་ཚོགས་པའི་བྱེད་སྒོའི་ཁྲོད་དུ་སྤྱི་ཚོགས་ཚོགས་པར་དགའ་ཞེན་དང་ཚད་མཐོའི་འགན་འཁྲིའི་འདུ་ཤེས་མངོན་པར་བྱས་ཏེ། ཚོགས་པ་འཕེལ་རྒྱས་དང་ཡར་ཐོན་ཡོང་བར་ལེགས་སྐྱེས་མངོན་གསལ་དོད་པོ་ཕུལ་ཡོད། ཚོགས་སྡེའི་ཧུར་བརྩོན་ཅན་མི་སྣར་མཚན་སྙན་གནང་བ་རེད།2024 ལོར་སློབ་གྲྭ་ཡོངས་ཀྱིས་བྱ་འགུལ་ཞིག་སྤེལ་ནས་ཀྲུང་གོ་གསར་པ་དབུ་བརྙེས་ནས་ལོ 75 འཁོར་བར་རྟེན་འབྲེལ་ཞུ་བའི་བྱེད་སྒོ་རབ་དང་རིམ་པའི“ཀྲུང་ཧྭའི་ཕུགས་འདུན་མངོན་འགྱུར་བྱེད་པར་ཐུན་མོང་ཐོག་འོད་སྟོང་འབར་བ"ཡིག་གཟུགས་དང་རི་མོའི་འགྲན་བསྡུར་ནང་བྱ་དགའ་ཨང་དང་པོ་ཐོབ།2024 ལོར་ཅང་སུའུ་ཞིང་ཆེན་སློབ་ཆེན་སློབ་མའི་ཨེ་ཙི་ནད་སྔོན་འགོག་གི་ཤེས་བྱའི་འགྲན་བསྡུར་ལ་གྲུབ་འབྲས་གཟེངས་སུ་ཐོན་པ་ཐོབ་ཡོད། དཔང་ཡིག་དེ་སློབ་ཆེན་སློབ་མའི་སྤྱི་ཚོགས་ལག་ལེན་བྱེད་སྒོའི་ནང་ཞུགས་པའི་བདེན་དཔང་བྱས་ཆོག།ཐེངས་དང་པོར་ལང་ཚོ་གསར་གཏོད་དང་། རྨི་ལམ་མི་གསལ་བའི་ཡུལ་སྐོར། གསར་གཏོད་ཇུས་འགོད་སློབ་གླིང་གི
2024 ལོའི་སློབ་མ་གསར་བའི་སྒྱུ་རྩལ་འགྲེམ་སྟོན་བྱས་ཤིང་། མི་རིགས་ཀྱི་གླུ་དབྱངས་ལེན་པ་་དང་། དགེ་རྒན་ཡོངས་དང་སློབ་གྲོགས་རྣམས་ཀྱི་དགའ་བསུ་དང་།རྒྱོབ་སྐྱོར་དང་སྐུལ་ལྕག་བྱས་མྱོང་།༢༠༢༥ལོའི་སློབ་ཆེན་གྱི་རང་རེའི་སློབ་གྲྭའི་ཉལ་ཁང་གི་ཡིག་རིས་འཚོལ་སྡུད་བྱ་འགུལ་ཁྲོད་དུ། ཉིད་ཀྱི་བརྩམས་ཆོས་ལ་ཕུལ་དུ་བྱུང་བའི་ལག་རྩལ་དང་ཐུན་མོང་མ་ཡིན་པའི་བསམ་བཀོད་ཀྱིས་དཔྱད་བསྡུར་གཏན་འབེབས་བྱས་ཤིང་།་བརྩམས་ཆོས་འདི་ལ་"་ཕུལ་བྱུང་བརྩམས་ཆོས་ཀྱི་བྱ་དགའ་"ཐོབ། ༢༠༢༥ལོར་ཅང་སུའུ་ཞིང་ཆེན་ཕྱི་རུ་ཆེད་ལས་བརྟག་དཔྱད་ཞིབ་འཇུག་དང་།ཁྲང་ཀྲོའུ།དབྱི་ཞིན།ཝུའུ་ཞི།ཅིན་ཐའེ།ཀྲེན་ཅང་།་སུའུ་ཀྲོའུ།་ནན་ཅིན།་ཧྲང་ཧའེ།རི་མོ་དང་ཡིག་རིས་ལ་ལྟ་སྐོར་དང་སློབ་སྦྱོང་།ཕན་ཚུན་ཉམས་མྱོང་སྤེལ་རེས་བཅས་བྱས་མྱོང་།ཁྲུང་ཀྲོའུ།་ནན་ཅིན།་ཧྲང་ཧའེ།རི་མོ་དང་ཡིག་རིས་ལ་ལྟ་སྐོར་དང་སློབ་སྦྱོང་ཕན་ཚུན་ཉམས་མྱོང་སྤེལ་རེས་བཅས་བྱས་མྱོང་།
2024-2025ལོ་བར་གྱི་སློབ་དུས་2པའི་རྒྱལ་སྤྱིའི་སློབ་གླིང་·རྒྱལ་སྤྱིའི་རྒྱ་སྐད་སློབ་དཔྱོད་ཁང་གི་《རྒྱ་སྐད་ཉན་བཤད》སློབ་ཚན་གྱི་དགེ་རྒན་རམ་འདེགས་པས་ཕྱི་རྒྱལ་གྱི་སློབ་སྦྱོང་བྱེད་མཁན་སློབ་མར་རྒྱ་སྐད་ཀྱི་ཁ་སྐད་སྦྱོང་རོགས་བྱས་པ་དང་བྱེད་སྒོའི་ཁྲོད་ཕྱི་རྒྱལ་གྱི་སློབ་སྦྱོང་བྱེད་མཁན་སློབ་མར་ཀྲུང་གོའི་བོད་རིགས་ཀྱི་རིག་གནས་ངོ་སྤྲོད་བྱསབྱེད་སྒོའི་ཁྲོད་ཕྱི་རྒྱལ་གྱི་སློབ་སྦྱོང་བྱེད་མཁན་སློབ་མར་ཀྲུང་གོའི་བོད་རིགས་ཀྱི་རིག་གནས་ངོ་སྤྲོད་བྱས་མྱོང་།ཁྲོད་ཕྱི་རྒྱལ་གྱི་སློབ་སྦྱོང་བྱེད་མཁན་སློབ་མར་ཀྲུང་གོའི་བོད་རིགས་ཀྱི་རིག་གནས་རྒྱོབ་བསྐྱོར་དང་སྐུལ་ལྕག་བྱས་མྱོང་།དགེ་རྒན་དང་སློབ་གྲོགས་རྣམས་ཀྱི་དགའ་བསུ་བྱས་མྱོང་།2025ལོར་སློབ་གྲྭ་རིམ་པའི་བྱེད་སྒོའི་《སྐབས་གཉིས་པའི་ངལ་རྩོལ་ཟླ་བའི་ཤུལ་བཞག་མ་ཡིན་པའི་སྲིང་བལ་སྒྱུ་རྩལ་ཇུས་འགོད་འགྲན་བསྡུར་ཆེན་མོ་》འགྲན་བསྡུར་ནང་བྱ་དགའ་ཨང་གསུམ་པ་ཐོབ་པ་དང་།2023ལོར་མཚོ་ལྷོ་ཁུལ་ལས་རིགས་ལག་རྩལ་སློབ་གྲྭར་མཐར་ཕྱིན་རྗེས་།ད་ལྟ་ཅང་སུའུ་ཞིང་ཆེན་ཁྲང་ཀྲོའུ་འཁེལ་འཐག་གྱོན་ཆསལས་རིགས་ལག་རྩལ་སློབ་གླིང་དུ་སློབ་ཆེན་དུ་སློབ་གཉེར་བྱེད་པ་དང་།སློབ་སྦྱོང་ཨུ་ཡོན།སློབ་ཆེན་སློབ་མའི་མཛེས་རྩལ་འཛིན་གྲྭ་ཚོགས་མི།སློབ་སྦྱོང་བོད་ཡིག་ཡིག་གཟུགས་སྣ་ཚོགས་དང་བོད་རིགས་ཐང་གའི་རིག་གནས་ལ་མུ་མཐུད་དུ་འབད་བརྩོན་བྱེད་བཞིན་ཡོད།
སྤྱི་ཁྱབ་ལྟ་སྐུལ་བ།རྟ་མགྲིན་མགོན་པོ།
རྩོམ་སྒྲིག་པ།དཔལ་མགོན་ཚེ་རིང་།
ཞུ་དག་པ། བཀྲ་ཤིས་དོན་གྲུབ།
སྒྲིག་སྦྱོར་བ།མགོན་པོ་དོན་གྲུབ།