རྩྭ་ལ་ཤང་འབུ་བརྐོའི་ས་ཚུགས་ཀྱི་ཡིག་གཟུགས་འགྲན་སྡུར།

བསླབ་གསུམ།
2025-06-14

དབྱར་རྩ་དགུན་འབུ་རྟགས་མའི་རྩྭ་ལ་ཤང་དབྱར་རྩྭ་དགུན་འབུ་རྟགས་མའི་ཡིག་གཟུགས་འགྲན་སྡུར་སྐབས་ལྔ་བ།


    རྩྭ་་ལ་ཤང་འབུ་བརྐོའི་ས་ཚུགས་བཞི་པའི་བཅའ་སྡོད་ལས་དོན་ཚོགས་ཆུང་ནས་སྤེལ་བའི་༢༠༢༥ལོའི་མི་རིགས་མཐུན་སྒྲིལ་དང་ཁོར་ཡུག་སྲུང་སྐྱོབ་སྐོར་གྱི་༼ དབྱར་རྩ་དགུན་འབུ་རྟགས་མའི་༽རྒྱ་བོད་ཡིག་གཟུགས་འགྲན་བསྡུར་སྐབས་ལྔ་པ་འདི་ནི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས།   ཡིག་གཟུགས་ནི་ཀྲུང་ཧྭའི་རིག་གནས་ཀྱི་ཁྱད་ནོར་ཡིན་ཞིང་།   བློ་གྲོས་ཀྱི་དྭངས་མ་དང་། ཟུངས་སྟོབས་སོགས་མང་པོ་འདུས་ཡོད་པསངེས་པར་དུ་རྒྱུན་འཛིན་དང་དར་སྤེལ་གང་ལེགས་བྱེད་དགོས་གསུངས་པའི་དགོངས་དོན་བཞིན།   ད་ཐེངས་ངེད་རྩ་ལ་ཤང་དང་ཤག་ཆུ་གྲོང་རྡལ་མི་དམངས་སྲིད་གཞུང་མཉམ་གཉེར་བྱས་པའི་རྩ་ལ་ཤང་འབུ་བརྐོའི་ས་ཚུགས་བཞི་པར་དམངས་ཡོངས་ལ་མི་རིགས་མཐུན་སྒྲིལ་དང་། ཁོར་ཡུག་སྲུང་སྐྱོང་ཤེས་དཔལ་ཡར་ཐོན་སོགས་ཀྱི་ལྟ་བ་བརྟན་པོ་འཛུགས་སྐྱོང་དང་།   ཀྲུང་ཧྭ་མི་རིགས་ཀྱི་སྲོལ་རྒྱུན་རིག་གནས་མ་ཉམས་གོང་འཕེལ་ཡོང་ཆེད་དུ།   དྲུག་གཅིག་བྱིས་པའི་དུས་ཆེན་གྱི་དགའ་སྟོན་མཉམ་དུ་རོལ་ཆེད།   སྤྱི་ལོ་༢༠༢༥ལོའི་སྤྱི་ཟླ་༦ པའི་ཚེས་༡༡བོད་ཟླ་བཞི་པའི་ཚེས་བཅོ་ལྔའི་ངལ་གསོའི་ཉིན་མོར་རྒྱ་བོད་ཡིག་གཟུགས་འགྲན་བསྡུར་གྱི་བྱེད་སྒོ་འདི་སྤེལ།



那曲比如县1.jpg


     ཐེངས་འདིའི་བྱེད་སྒོའི་ཐོག་རྩ་ལ་ཤང་སེར་བཀྲ་དགོན་པའི་ཧྲུའུ་ཅི་དང་ཀྲུའུ་རིན་གཅིག་ཅོག་བསོད་ནམས་ཡེ་ཤེས་ལགས་དང་། ཤག་ཆུ་གྲོང་རྡལ་མི་དམངས་སྲིད་གཞུང་གི་འབུ་རྐོའི་ས་ཚུགས་བཞི་པའི་འགན་ཁུར་ལས་བྱེད་པ་ཀུན་ཁྱབ་ལགས།   འབྲི་རུ་རྫོང་སྤྱི་བདེ་ཉེན་རྟོག་པ་ཕུར་ཚེ་ལགས།   རྩྭ་ལ་ཤང་གི་ལས་བྱེད་ཚེ་འཛིན་སྒྲོལ་དཀར་ལགས།   རྩྭ་ལ་ཤང་གི་སྨན་པ་ཨ་བུ་ཆེ། རང་སྐྱོང་ལྗོངས་ཡིག་གཟུགས་མཁས་པའི་མཐུན་ཚོགས་ཀྱི་ཚོགས་མི་དང་འབྲི་རུ་རྫོང་སློབ་ཆུང་དང་པོའི་རྒན་རིག་པའི་རལ་གྲིའམ་གཅུང་བསླབ་གསུམ་བཅས་བྱེད་སྒོར་ཞུགས་ཡོད།


那曲比如县2.jpg

ཉེན་རྟོག་པ་ཕུར་ཚེ་མཆོག་ནས་བྱེད་སྒོའི་མདོ་འཛིན་དང་སྨོན་ཚིག་གནང་བཞིན་པ།



那曲比如县3.jpg

ཤག་ཆུ་གྲོང་རྡལ་གྱི་ལས་བྱེད་པ་ཀུན་ཁྱབ་མཆོག་ནས་བྱེད་སྒོ་ངོ་སྤྲོད་གནང་བཞིན་པ།



那曲比如县2.jpg


ལྗོངས་ཡིག་གཟུགས་མཁས་པའི་མཐུན་ཚོགས་ཀྱི་ཚོགས་མི་དང་འབྲི་རུ་རྫོང་སློབ་ཆུང་དང་པོའི་རྒན་རིག་པའི་རལ་གྲིའམ་གཅུང་བསླབ་གསུམ་གྱིས་དེ་རིང་གི་ཡིག་གཟུགས་འགྲན་བསྡུར་འདིའི་དཔྱད་འདེམས་བྱེད་ཕྱོགས་སྐོར་དང་དམིགས་ཡཧལ་ཕན་ནུས་སོགས་ཀྱི་སྐོར་ནས་གཏམ་བཤད་བྱེད་བཞིན་པ།




那曲比如县5.jpg



那曲比如县6.jpg




那曲比如县7.jpg




那曲比如县8.jpg




那曲比如县9.jpg





那曲比如县10.jpg

གཟིགས་མོ་བ་སྟོང་ཕྲག་ལས་བརྒལ་བ་དང་། འགྲན་ཞུགས་དགེ་སློབ་དང་ཉེན་རྟོག་པལས་བཟོ་བ། ཁྱིམ་བདག་བཅས་སྐྱེ་ཕོ་མོ་མི་གྲངས་སུམ་བརྒྱ་ལས་བརྒལ་བའི་བྱེད་སྒོའི་སྟེང་ཕུལ་བྱུང་བརྩམས་ཆོས་༧༢ལ་བྱ་དགའ་སྤྲོད་བཞིན་པ།


那曲比如县11.jpg



那曲比如县12.jpg




那曲比如县13.jpg   那曲比如县14.jpg   那曲比如县15.jpg


  那曲比如县16.jpg    那曲比如县17.jpg

བྱ་དགའ་ཐོབ་མཁན་གྱི་ཁྱིམ་བདག་ཕོ་མོ་དང་སློབ་མ་རྣམས་ཀྱི་དྲན་རྟེན་འདྲ་པར།





བརྩམས་ཆོས་འགྲེམ་སྟོན།



那曲比如县18.jpg



那曲比如县19.jpg



那曲比如县20.jpg



那曲比如县21.jpg



那曲比如县22.jpg



那曲比如县23.jpg




那曲比如县24.jpg



那曲比如县25.jpg



那曲比如县26.jpg




那曲比如县27.jpg




那曲比如县28.jpg



那曲比如县29.jpg




那曲比如县30.jpg



那曲比如县31.jpg




那曲比如县32.jpg




那曲比如县33.jpg




那曲比如县34.jpg



那曲比如县35.jpg




那曲比如县36.jpg



那曲比如县37.jpg




那曲比如县38.jpg



那曲比如县39.jpg



那曲比如县40.jpg



那曲比如县41.jpg



那曲比如县43.jpg



那曲比如县42.jpg





那曲比如县15_副本.jpg



那曲比如县47.jpg

བྱིས་པ་རྣམས་ལ་སྦྲང་གོར་དང་མངར་ཆ་བཟའ་བཏུང་རིགས་ཡིད་ཚིམས་པ་སྤྲད་ནས་དྲུག་གཅིག་དུས་ཆེན་མཉམ་དུ་བསུས།


     རྩྭ་ལ་ལྷས་གྲོང་འབུ་རྐོའི་ས་ཚུགས་འདི་ནས་ཤག་ཆུ་གྲོང་རྡལ་མི་དམངས་སྲིད་གཞུང་དང་རྩྭ་ལ་ཤང་མི་དམངས་སྲིད་གཞུང་གཉིས་ཀྱིས་ཤུགས་ཆེའི་རྒྱབ་སྐྱོར་ལ་བརྟེན་ནས་༢༠༢༡ལོ་ནས་བཟུང་མི་རིགས་མཐུན་སྒྲིལ་དང་ཁོར་ཡུག་སྲུང་སྐྱོང་སྐོར་གྱི་དབྱར་རྩྭ་དགུན་འབུ་རྟགས་མའི་རྒྱ་བོད་ཡིག་གཟུགས་འགྲན་བསྡུར་འདི་རྒྱུན་མ་ཆད་པར་སྤེལ་ལ། ད་ལོའི་སྐབས་ལྔ་པའང་སྔར་ལས་རྒྱ་ཆེས་པའི་བྱེད་སྒོ་ཞིག་ཏུ་ཆགས་ཡོད།   བྱེད་སྒོའདིའི་ཤུགས་རྐྱེན་ལ་རྟེན་ནས་མང་ཚོགས་ཁྱོན་ཡོན་ལ་ཀྲུང་ཧྭ་མི་རིགས་སྤྱི་མཐུན་ཚོགས་པའི་འདུ་ཤེས་བརྟན་དུ་སོང་བ་དང་། མི་རིགས་མཐུན་སྒྲིལ་དང་ཁོར་ཡུག་སྲུང་སྐྱོངས་ཀྱི་འདུ་ཤེན་ཟབ་མོ་ཆགས་ཐུབ་པའི་ནུས་པ་གང་ལེགས་ཐོན་ཞིང་མང་ཚོགས་ཡོངས་ནས་དགའ་བསུ་ཆེན་པོ་ཐོབ་ཡོད། སླད་མ་འོངས་པར་མུ་འཐུད་བྱེད་སྒོ་འདི་རྒྱུན་འཁྱོངས་ཀྱིས་ཏང་དང་རྒྱལ་ཁབ་དང་། མི་དམངས་མང་ཚོགས་བཅས་རིག་གནས་ཀྱི་ཞབས་འདེགས་ལེགས་ཙམ་ཞུ་ཐུབ་པ་བྱ་རྒྱུའི་ཆོད་སེམས་བཅངས་བཞིན་ཡོད་དོ།།




སྤྱི་ཁྱབ་ལྟ་སྐུལ་བ། རྟ་མགྲིན་མགོན་པོ།

རྩོམ་སྒྲིག་པ། མགོན་པོ་དོན་གྲུབ།

ཞུ་དག་པ་བཀྲ་ཤིས་དོན་གྲུབ།



阅读373
分享
写下您的评论吧