ཤངས་ཐུབ་བསྟན་དགེ་འཕེལ་གླིང་གི་ཡིག་མཁན་གསུམ་གྱི་བརྩམས་ཆོས་འགྲེམ་སྟོན།

ཤངས་ཐུབ་བསྟན་དགེ་འཕེལ་གླིང་གི་གྲྭ་བ་གསུམ།
2025-05-20

ཤངས་ཐུབ་བསྟན་དགེ་འཕེལ་གླིང་གི་ཡིག་མཁན་གསུམ་གྱི་བརྩམས་ཆོས་འགྲེམ་སྟོན།



དང་པོ།

བྲིས་པ་འཇམ་དབྱངས་དཔལ་ལྡན་ནམ་གངས་སྨྱུག་དམར་པོའི་བརྩམས་ཆོས།


1加洋华旦.jpg

ལང་ཚོ་ཡི་མེ་ཏོག་གངས་ཀྱི་རི་འདབས་ནས་བཞེད་ཅིང་། དུང་ཞེན་གྱི་ལྷག་བསམ་དྭངས་མ་གཙང་ཆུའི་བཞུད་སྒྲ་དང་འགྲོགས་པའི་མཐོ་བརྗིད་ཧི་མ་ལའི་ཕོ་ཉ་གསར་པ།ཤངས་གྲྭ་འཇམ་དབྱངས་དཔལ་ལྡན་ནམ་གངས་སྨྱུག་དམར་པོར་གྲགས་པའི་དཔྱོད་ཤེས་རིག་སྨྲ་བ་ཁོང་གིས་ཡང་ཁ་བ་གངས་ཅན་པའི་བླ་ཚེ་སྲོག་གསུམ་གྱི་ཚབ་མཚོན་བགྱིས་པའི་སམ་བྷོ་ཊའི་ཟུངས་ཁྲག་རིག་རྩལ་སོར་འཕྲུལ་དུ་བཞད་པའི་སྣ་མང་ཡིག་རིགས་དག   ད་ལན་གཤམ་གསལ་གྱི་མེ་ལོང་ནང་ནས་གཞལ་ཏེ། མ་འོངས་པའི་གཞོན་སྐྱེས་མིང་སྲིང་ཡོངས་ལ་དབྱངས་གསལ་ཉི་ཟླའི་འོད་ལམ་རེ་འཆར་ཐུབ་པའི་དགོངས་གསོལ་ལྟར་ལེགས་གྲུབ་ཤིས་རྒྱལ་ཅིག   གུས་བཙན་མིང་གིས།


1加洋华旦1.jpg


1加洋华旦2.jpg


1加洋华旦3.jpg


1加洋华旦4.jpg


1加洋华旦6.jpg


1加洋华旦7.jpg


1加洋华旦5.jpg


1加洋华旦8.jpg


1加洋华旦9.jpg



གཉིས་པ།

ཚེ་དབང་རྣམ་རྒྱལ་ལམ་བདེ་ཆེན་ངག་གྲོས་ཀྱི་བརྩམས་ཆོས།

2曲培南杰.jpg

       ངོས་མིང་ལ་ཚེ་དབང་རྣམ་རྒྱལ་ལམ་སྨྱུག་མིང་ལ་བདེ་ཆེན་ངག་གྲོལ་ཞུ་བའི་དུས་ཀྱི་ཡིག་གཟུགས་པ་ཁོང་ནི།མདོ་སྨད་འཇོ་མདའ་རྫོང་།   ཕྱི་འདའ་ཤམ་ཉག་སྟོད་སྡེ་བ་རུ་ལང་ཚོའི་མེ་ཏོག་བཞད་ཅིང་ཆུང་དུས་ནས་འབྲི་ཀློག་གཉིས་ལ་འབད།   དུས་ཡུན་མ་འགོར་བར་ཤངས་ཐུབ་བསྟན་དགེ་འཕེལ་གླིང་དུ་ཆོས་གྲྭར་ཞུགས་ནས་སློབ་སྦྱོང་ལ་འབད་འབུངས་ཆེན་པོར་བྱས།   ཁོང་ནི་གཞུང་ཆེན་ཁག་ལ་བརྩོན་འགྲུས་ཀྱི་རྟ་མཆོག་ལྷོད་པ་མེད་པས་བར་སྟོང་གི་དུས་ཚོད་ཤིན་ཏུ་སྐྱེན་ན་ཡང་།   སྔ་ཕྱི་བརྒྱུད་དེ་ཡིག་གཟུགས་ལ་བྱང་ཆུབ་པའི་དགེན་(གཤོག་ཟུང་)དང་ཡིག་གཟུགས་ཀྱི་སྒྱུ་རྩལ་བོད་རྒྱ་གཉིས་ལ་སྐད་གྲགས་ཆོད་པའི་དགེན་(འདན་མ་བཀྲ་དགའ་)སོགས་མིང་དོན་འབྱོར་བའི་དུས་ཀྱི་ཡིག་གཟུགས་པ་གང་མང་ལ་བསྟེན་ཏེ།དུས་ཚོད་གྲོན་དུ་མ་བཏང་པས་ཡིག་གཟུགས་རྒྱུག་སྤྲོད་ཀྱི་ཁྲོད་ནས་བྱ་དགའ་གང་མང་རགས་མྱོང་ལ།   དེ་མིན་རྒྱལ་ཡོངས་ཡིག་གཟུགས་འགྲན་བསྡུར་ཁྲོད་དུའང་བྱ་དགའ་དུ་མ་ཐོབ།   ད་ལྟ་སྔར་བཞིན་ཡིག་གཟུགས་སྒྱུ་རྩལ་ཐད་རང་ནུས་ཅི་ལྕོགས་ཀྱིས་བརྩོན་པ་བར་མ་ཆད་པར་བདའོ།།

2曲培南杰1.jpg


2曲培南杰2.jpg


2曲培南杰3.jpg


2曲培南杰4.jpg


2曲培南杰5.jpg



2曲培南杰6_副本.jpg





གསུམ་པ།

མཁྱེན་རབ་བློ་ལྡན་ནམ་བྲ་བོའི་ཞོགས་སྨྱུག་གི་བརྩམས་ཆོས།


3欠热罗旦.jpg


      ཁོ་ནི་དཔལ་ལྡན་ཤངས་ཐོ་དགོན་གྱི་གྲྭ་རིགས་མཁྱེན་རབ་བློ་ལྡན་ནམ་སྨྱུག་མིང་ལ་བྲ་བོའི་ཞོགས་སྨྱུག་ཅེས་འབོད།   ཁོས་ནང་དོན་རིག་གཞུང་ལ་སློབ་སྦྱོང་བྱེད་པའི་ཞོར་ནས་རི་མོའི་སྒྱུ་རྩལ་དང་ཡིག་གཟུགས་ལ་སློབ་སྦྱོང་བྱེད་མུས་སུ་གནས།   ད་ལྟ་ཁོང་ནི་ཕུལ་བྱུང་ཡིག་གཟུགས་དགེ་རྒན་དང་རི་མོ་སྒྱུ་རྩལ་བ་«འདྲ་གཟུགས་གྲིས་རིས་»གསར་གཏོད་པ་བཅས་ཡིན།   ད་ཐེངས་ནི་བསམ་པའི་མདུན་མ་གཅིག་ཅིང་།   འགྲོ་སའི་ལམ་ཁ་མཉམ་པའི་རྒྱ་ཆེ་བའི་གཟིགས་མོ་བ་ཡོངས་ཀྱི་སྤྱན་ལམ་དུ།   མཉེན་ལྕུག་སོར་མོའི་འདུ་བྱེད་ཀྱི་གཡོ་བ་ལས་བྱུང་བའི།   ཡིག་རིགས་འདྲ་མིན་གྱི་རི་མོ་གཤམ་འདིར་འགོད་པ་མིག་དབང་གསོ་བའི་བདུད་རྩི་རུ་འགྱུར་བར་སྨོན་བཅས་གུས་ཕུལ།


3欠热罗旦3.jpg



3欠热罗旦1.jpg


3欠热罗旦2.jpg



3欠热罗旦4.jpg


3欠热罗旦5.jpg


3欠热罗旦7.jpg



3欠热罗旦6.jpg




3欠热罗旦8.jpg


3欠热罗旦9.jpg

སྤྱི་ཁྱབ་ལྟ་སྐུལ་བ།རྟ་མགྲིན་མགོན་པོ།

རྩོམ་སྒྲིག་པ། དཔལ་མགོན་ཚེ་རིང་།

ཞུ་ཆེན། ཀླུ་རྡེའུ་བཀྲ་ཤིས་དོན་གྲུབ།


阅读433
分享
写下您的评论吧