ཨ་མདོ་རྫོང་མཚོ་དམར་ཡུལ་ཤོག་རྒྱ་འབུར་གྲོང་ཚོའི་ཡིག་གཟུགས་བྱེད་སྒོ།

མཚོ་དམར་ཤང་རྒྱ་འབུར་གྲོང་ཚོས།
2025-05-05


ཨ་མདོ་རྫོང་མཚོ་དམར་ཡུལ་ཤོག་རྒྱ་འབུར་གྲོང་ཚོའི་ཡིག་གཟུགས་བྱེད་སྒོ།



微信图片_20190426145513.jpg


        འདི་ལོའི་ཟླ༥ཚེས༤ཉིན་བོད་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་ངོ་དྲུག་ཅུ་འཁོར་བར་རྟེན་འབྲེལ་ཞུ་ཆེད་དང་དུས་རབས་གསར་པའི་ཤེས་དཔལ་ལག་ལེན་གྱི་རིག་གཞུང་དར་སྤེལ་དང་གསར་གཏོད་ཀྱི་ནུས་པ་གོང་འཕེལ་གཏོང་རྒྱུར་སྐུལ་འདེད་བཏང་སྟེ། མང་ཚོགས་ཁྲོད་དུ་ཐུན་མོང་ཐོག་སློབ་སྦྱོང་སྐུལ་སློང་། རིག་གནས་ཡར་རྒྱས་ཀྱི་ཆེད་དུ་ཨ་མདོ་རྫོང་ཡིག་གཟུགས་མཁས་པའི་འཐུས་ཚོགས་ཀྱིས་ཚད་མཐོའི་མཐོང་ཆེན་གནང་བ་དང་། མཚོ་དམར་ཤང་སྲིད་གཞུང་གིས་ཤུགས་ཆེན་རྒྱབ་སྐྱོར་དང་རྒྱ་འབུར་གྲོང་ཚོའི་ཤེས་དཔལ་ལག་ལེན་གཙོ་སྒྲུབ་ཚོགས་ཆུང་གིས་འབད་བརྩོན་དང་སྣེ་ཁྲིད་བྱས་པ་རྒྱུད་བོད་ཡིག་ཡིག་གཟུགས་ཀྱི་བྱེད་སྒོ་ཞིག་སྤེལ་བ།


安多县1.jpg


       ཨ་མདོ་རྫོང་མཚོ་དམར་ཡུལ་ཤོག་རྒྱ་འབུར་གྲོང་ཚོ་ནི་རྒྱ་མཚོའི་ངོས་ནས་ཆ་མཉམ་མཐོ་ཚད་རྨི༤༨༠༠ ཡན་ཡོད་ཅིང་།   ཁོ་ཚོའི་དུས་རབས་གསར་པའི་ཤེས་དཔལ་ལག་ལེན་གྱི་བྱེད་སྒོའི་ཁྲོད་ཡིག་གཟུགས་རིག་གནས་ཀྱི་ཁ་དབུགས་གཙང་ལ། ཤེས་རིག་གི་འཚོ་བཅུད་སྣུམ་པའི་ཁྱད་ཆོས་ཐོན་པ་མ་ཟད། ཡིག་མཁན་དང་ཡུལ་མི་ཚོར་དུས་ཆེན་གྱི་སྤྲོ་བས་ཁེངས་ཤིང་དུས་རབས་ཀྱི་གསོན་ཤུགས་རྒྱས་ཡོད།



安多县2.jpg


安多县3.jpg


安多县4.jpg


      ཡིག་གཟུགས་འགྲན་བསྡུར་གྱི་དཔྱད་འདེམས་གདན་ཞུའི་དགེ་རྒན་ནི་བོད་རང་སྐྱོང་ལྗོངས་ཡིག་གཟུགས་མཁས་པའི་མཐུན་ཚོགས་ཀྱི་ཚོགས་མི་དང་།   ནག་ཆུ་གྲོང་ཁྱེར་ཡིག་གཟུགས་མཁས་པའི་མཐུན་ཚོགས་ཀྱི་ལས་འཛིན།   ཨ་མདོ་རྫོང་རྩོམ་རིག་སྒྱུ་རྩལ་ལས་རིགས་མཉམ་འབྲེལ་ལྷན་ཚོགས་ཀྱི་ཀྲུའུ་ཞི་གཞོན་པ་རྒན་རྒྱལ་དགའ་ལགས་དང་།   ཨ་མདོ་རྫོང་རྩོམ་རིག་སྒྱུ་རྩལ་ལས་རིགས་མཉམ་འབྲེལ་ལྷན་ཚོགས་ཀྱི་རྩོམ་རིག་མཁས་པའི་མཐུན་ཚོགས་ཀྱི་ཀྲུའུ་ཞི་དང་ཨ་མདོ་རྫོང་མི་དམངས་མཐུན་ཚོགས་ཀྱི་འཐུས་མི། བྱང་མ་གྲོང་རྡལ་འབུར་དཀར་གྲོང་ཚོའི་ཀྲུའུ་རེན་རྒན་པ་དངོས་ཚེ་ལགས་དང་།   ནག་ཆུ་གྲོང་ཁྱེར་ཡིག་གཟུགས་མཁས་པའི་མཐུན་ཚོགས་ཀྱི་ཚོགས་མི། ཨ་མདོ་རྫོང་རྩོམ་རིག་སྒྱུ་རྩལ་ལས་རིགས་མཉམ་འབྲེལ་ལྷན་ཚོགས་ཀྱི་ཀྲུའུ་ཞི་གཞོན་པ།   མཚོ་དམར་ཤང་དམངས་འཐུས་ཀྲུའུ་ཞི་ངག་དབང་དགེ་ལེགས།       ཨ་མདོ་རྫོང་རྩོམ་རིག་སྒྱུ་རྩལ་ལས་རིགས་མཉམ་འབྲེལ་ལྷན་ཚོགས་ཀྱི་ཡིག་གཟུགས་མཁས་པའི་མཐུན་ཚོགས་ཀྱི་ཀྲུའུ་ཞི་གཞོན་པའམ་ཨ་མདོ་རྫོང་ཆ་ཚང་སློབ་ཆུང་དང་པོའི་བོད་ཡིག་དགེ་རྒན་སྤེན་སྒྲོན་ལགས་བཅས་ཡིན།


安多县5.jpg


安多县6.jpg


安多县8.jpg

      དཔྱད་འདེམས་དགེ་རྒན་རྣམ་པས་གཟབ་ནན་ཏན་ཏིག་གིས་དཔྱད་འདེམས་གནང་བཞིན་པ།





安多县9.jpg


安多县10.jpg


安多县11.jpg


安多县12.jpg


安多县13.jpg


安多县14.jpg

ཐེངས་འདིའི་ཡིག་གཟུགས་བྱེད་སྒོའི་ཁྲོད་དུ་བྱ་དགའ་ཐོབ་མཁན་གྱི་སྨྱུག་འཛིན་པ་རྣམས་ལ་བྱ་དགའ་གནང་བཞིན་པ།




安多县15.jpg

安多县16.jpg


安多县17.jpg


安多县18.jpg


安多县19.jpg


安多县20.jpg

ཡུལ་དངོས་སུ་ཡིག་གཟུགས་འབྲི་སྦྱོང་བྱེད་ཞོར་དགེ་རྒན་རྣམས་ཀྱིས་ཡིག་གཟུགས་ལ་མཛུབ་སྟོན་གནང་བཞིན་པ།




སྤྱི་ཁྱབ་ལྟ་སྐུལ་བ།རྟ་མགྲིན་མགོན་པོ།

རྩོམ་སྒྲིག་པ།དཔལ་མགོན་ཚེ་རིང་།

ཞུ་དག་པ། བཀྲ་ཤིས་དོན་གྲུབ།

སྒྲིག་སྦྱོར་བ།མགོན་པོ་དོན་གྲུབ།


阅读1738
分享
写下您的评论吧