ད་ལྗོངས་ནག་ཆུ་གྲོང་ཁྱེར་གསེར་རྙེད་ཆུས།
ཤག་རོང་པོ་དགོན་དགའ་ལྡན་དར་རྒྱས་གླིང་མདོ་སྔགས་སློབ་གླིང་གིས་ཡིག་གཟུགས་དུས་ཆེན་བསུ་བའི་འགྲན་བསྡུར་དང་བརྩམས་ཆོས་འགྲེམ་སྟོན་གྱི་བྱེད་སྒོ།
སྤྱི་ལོ༢༠༢༥ལོའི་ཟླ༤པའི་ཚེས༣༠ཉིན། ཤག་རོང་པོ་དགོན་དགའ་ལྡན་དར་རྒྱས་གླིང་མདོ་སྔགས་སློབ་གླིང་གིས་ཡིག་གཟུགས་དུས་ཆེན་བསུ་བའི་འགྲན་བསྡུར་དང་བརྩམས་ཆོས་འགྲེམ་སྟོན་གྱི་བྱེད་སྒོ་སྤེལ་བ།
ཤག་རོང་པོ་དགོན་གྱི་སྐབས་དྲུག་པའི་ཡིག་གཟུགས་དུས་ཆེན་ལ་རྒན་ངག་དབང་ཆོས་དབང་མཆོག་གི་གཙོ་འཛིན་སྣེ་ཁྲིད་གནང་ནས་ཤག་རོང་པོ་དགོན་པ་དང་། ནག་ཆུ་གྲོང་ཁྱེར་གསེར་རྙེད་ཆུས་སྟར་ཆེན་ཤང་། འཁོར་མང་ཤང་། འབྲི་རུ་རྫོང་ཟླ་ཐང་ཤང་དང་ཤག་ཆུ་ཤང་སོགས་ཀྱི་འབྲོག་པ་དམངས་ཚོགས། སློབ་ཆུང་དང་བུ་བཅོལ་ཁང་སོགས་ཀྱི་གྲྭ་བཙུན་དང་སློབ་མ། མང་ཚོགས་སོགས་འགྲན་སྡུར་ལ་ཞུགས།
ཐེངས་འདིའི་འགྲན་ཞུགས་མི་སྣའི་ཁྱད་ཆོས་ནི་ལོ་ན་རྒན་གཞོན་དང་བྱིས་པ་སོགས་འདུས་ཡོད་ཅིང་། སྡོམ་པས་བརྩམས་ཆོས་༢༠༠ལྷག་འབྱོར་ཡོད། དཔྱད་འདེམས་དགེ་རྒན་ཚོས་གཟབ་ནན་དཔྱད་བསྡུར་བྱས་པ་བརྒྱུད་འགྲན་ཞུགས་པ་མི་༣༠ལྷག་ལ་གཟེངས་བསྟོད་བྱ་དགའ་སྤྲད་པ་དང་། སྔ་རྗེས་སུ་གཟིགས་མོ་སྐུ་མགྲོན་ཚང་མ་མཉམ་ཞུགས་བྱས་ཏེ་སྒྱུ་རྩལ་གྱི་གསོལ་སྟོན་རྒྱ་ཆེ་བ་ཞིག་དུས་ཆེན་གྱི་བསུ་མར་ཕུལ།
གདན་ཞུའི་དཔྱད་འདེམ་དགེ་རྒན།
བོད་རང་སྐྱོང་ལྗོངས་ཡིག་གཟུགས་མཁས་པའི་མཐུན་ཚོགས་ཀྱི་མཐུན་མི་དང་།ལྷ་ས་གྲོང་ཁྱེར་ཡིག་གཟུགས་མཐུན་ཚོགས་ཀྱི་མཐུན་མི་དང་ནག་ཆུ་གྲོང་ཁྱེར་ཡིག་གཟུགས་མཐུན་ཚོགས་ཀྱི་མཐུན་མི།འབྲི་རུ་རྫོང་ཡིག་གཟུགས་མཐུན་ཚོགས་ཀྱི་མཐུན་མི། འབྲི་རུ་རྫོང་སློབ་ཆུང་དང་པོ་དང་གཉིས་པའི་དགེ་སློབ་འཛུབ་སྟོན་སྣེ་ཁྲིད་པ་དང་གཞུང་བྲིས་རྒྱུ་འཛིན་པ་རྒན་གཅུང་བསླབ་གསུམ་ལགས་དང་།
བོད་རང་སྐྱོང་ལྗོངས་ཡིག་གཟུགས་མཁས་པའི་མཐུན་ཚོགས་ཀྱི་མཐུན་མི་དང་།ལྷ་ས་གྲོང་ཁྱེར་ཡིག་གཟུགས་མཐུན་ཚོགས་ཀྱི་མཐུན་མི་དང་ནག་ཆུ་གྲོང་ཁྱེར་ཡིག་གཟུགས་མཐུན་ཚོགས་ཀྱི་མཐུན་མི།འབྲི་རུ་རྫོང་ཡིག་གཟུགས་མཐུན་ཚོགས་ཀྱི་མཐུན་མི།ཆག་སུམ་ཆོས་དགའ་དང་། རང་སྐྱོང་ལྗོངས་ཡིག་གཟུགས་མཁས་པའི་མཐུན་ཚོགས་ཀྱི་མཐུན་མི་དང་།ལྷ་ས་གྲོང་ཁྱེར་ཡིག་གཟུགས་མཐུན་ཚོགས་ཀྱི་མཐུན་མི་དང་ནག་ཆུ་གྲོང་ཁྱེར་ཡིག་གཟུགས་མཐུན་ཚོགས་ཀྱི་མཐུན་མི།འབྲི་རུ་རྫོང་ཡིག་གཟུགས་མཐུན་ཚོགས་ཀྱི་མཐུན་མི་རྒན་ཀརྨ་ལྷུན་གྲུབ་མཆོག རྒན་སྲས་བདེན་ཆོས་གྲགས་དང་།ཤག་རོང་དགོན་གྱི་ཡིག་གཟུགས་དགེ་རྒན་བློ་བཟང་བཤད་གྲུབ། ཤག་རོང་པོ་དགོན་གྱི་ཡིག་གཟུགས་དགེ་རྒན་ངག་བསྟན་འཛིན་བཅས་ཡོད།
དབྱངས་གསལ་སོ་བཞིའི་ལང་ཚོའི་དཔལ་ཡོན་ཏེ།།
གཟབ་གཤར་རིགས་གཉིས་དབྱེ་བའི་གཙོ་བ་དང་།།
ཆེ་ནས་ཆུང་ཐོན་ཞེས་པའི་ཡིག་གཟུགས་ཀུན།།
མ་ཉམས་གོང་དུ་སྤེལ་དགོས་བློ་གསལ་ཚོགས།།
སྤྱི་ཁྱབ་ལྟ་སྐུལ་བ།རྟ་མགྲིན་མགོན་པོ།
གསར་འགྱུར་ལྟ་སྐུལ་བ།ངག་དབང་ཆོས་དབང་།
ཞུ་ཆེན། བཀྲ་ཤིས་དོན་གྲུབ་།
སྒྲིག་བཟོ་བ། བསོད་ནམས་རྒྱལ་མཚན། སྤེན་པ།