རྒྱལ་ཡོངས་བོད་ཀྱི་ཡིག་གཟུགས་ཉིན་མོའི་པདྨ་གསེར་བྲིས་གླིང་གི་སྐབས་གཉིས་པའི་པདྨ་གསེར་སྨྱུག་རྟགས་མའི་ཡིག་གཟུགས་འགྲན་བསྡུར་གྱི་གཟེངས་བསྟོད་མཛད་སྒོ་དང་བརྩམས་ཆོས་འགྲེམས་སྟོན་ཆེན་མོ།
ཟླ་༤བའི་ཚེས་༣༠ཉིན། རྒྱལ་ཡོངས་བོད་ཀྱི་ཡིག་གཟུགས་ཉིན་མོ་བསུ་བའི་པདྨ་གསེར་བྲིས་གླིང་གི་སྐབས་གཉིས་པའི་པདྨ་གསེར་སྨྱུག་རྟགས་མའི་ཡིག་གཟུགས་འགྲན་བསྡུར་གྱི་གཟེངས་བསྟོད་མཛད་སྒོ་དང་བརྩམས་ཆོས་འགྲེམས་སྟོན་ཆེན་མོ་གྲོང་ཁྱེར་ཁྲིན་ཏུའུ་ནས་གཟབ་རྒྱས་ངང་འཚོགས། རྒྱལ་ཡོངས་ཀྱི་ས་ཆ་སོ་སོ་ནས་ཐོན་པའི་མཁས་དབང་དང་རིག་གཞུང་ཞིབ་འཇུག་པ། འགོ་འདྲེན་དང་དགེ་འདུན་པ། ཡིག་མཁན། ཁེ་ལས་བ། སློབ་མ་སོགས་མི་ཆིག་སྟོང་ལྷག་ཐེངས་འདིའི་གཟེངས་བསྟོད་མཛད་སྒོར་ཞུགས།
པད་མ་གསེར་བྲིས་གླིང་གི་སྤྱི་ཁྱབ་འགན་འཛིན་པ་པདྨ་ཚུལ་ཁྲིམས་ཀྱིས་མཛད་སྒོར་ཤིས་ཚིག་ཕུལ།
སྔར་ཀྲུང་གོའི་རྩོམ་རིག་སྒྱུ་རྩལ་མཉམ་འབྲེལ་ལྷན་ཚོགས་ཀྱི་ཀྲུའུ་ཞི་གཞོན་པ་དང་ཀྲུང་གོ་རྩོམ་པ་པོ་མཐུན་ཚོགས་ཀྱི་ཀྲུའུ་ཞི་གཞོན་པ། བོད་རང་སྐྱོང་ལྗོངས་དང་ཡུན་ནན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། བསྟན་འཛིན་གྱིས་གཏམ་བཤད་གནང་བཞིན་པ།
སྐབས་བདུན་པ་དང་བརྒྱད་པའི་རྒྱལ་ཡོངས་སྲིད་གྲོས་ཨུ་ཡོན་དང་། སྐབས་བཅུ་གཅིག་པའི་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་མི་རིགས་ལས་དོན་ཨུ་ཡོན། ད་ལྟ་མཚོ་བོད་མཐོ་སྒང་ཞིབ་འཇུག་ཚོགས་པ་དང་། ཀྲུང་ཧྭ་རྒྱལ་ཡོངས་ཁོར་ཡུག་སྲུང་སྐྱོབ་མཉམ་འབྲེལ་ལྷན་ཚོགས་ཀྱི་རྒྱུན་ལས་ལས་འཛིན་པ་དང་དགེ་རྒན་ཆེན་མོ། བློ་བཟང་ལྷུན་གྲུབ་རྡོ་རྗེ་ཡིས་གཏམ་བཤད་གནང་བཞིན་པ།
སྙེ་བྲིས་དང་ནང་བྲིས་ནོར་བུ་མ། བཀའ་རྒྱུད་དྲབ་བྲིས། སྡེ་ནང་ས་བྲིས་སོགས་ཀྱི་རྩིས་འཕྲུལ་ཡིག་མཛོད་འགྲེམས་སྤེལ་བྱས་ཤིང་། ཀྲུང་གོའི་བོད་ཀྱི་ཡིག་གཟུགས་དྲ་བའི་གཙོ་གཉེར་བ། བོད་ཀྱི་ཡིག་མཁན་ཆེན་མོ། བོད་ཡིག་རྩིས་འཕྲུལ་ཡིག་མཛོད་གསར་སྤེལ་མཁན་རྟ་མགྲིན་མགོན་པོ། བོད་ཡིག་རྩིས་འཕྲུལ་ཡིག་མཛོད་གསར་སྤེལ་མཁན་བྷོད་རྡོར་འཆང་། བསྟན་འཛིན་བཀའ་བྲིས་རྒྱུན་འཛིན་པ་ཡེ་ཤེས་འཇིགས་མེད་བཅས་ཀྱིས་རྩིས་འཕྲུལ་ཡིག་མཛོད་ངོ་སྤྲོད་བྱས།
ཉག་རོང་བྲོ་ཚིག་རྣ་བའི་བདུད་རྩིའི་ཡིག་གཟུགས་ཞལ་ཐང་རིང་མོར་འཛམ་གླིང་ཟིན་ཐོ་བརྒལ་བའི་དཔང་ཡིག་གནང་བཞིན་པ།
ལོ་ཆུང་གཞོན་ནུའི་ཀ་རིམ་པའི་བྱ་དགའ་ཐོབ་མཁན་ལ་གཟེངས་རྟགས་གནང་བཞིན་པ།
ཕུལ་བྱུང་བྱ་དགའ་ཐོབ་མཁན་གྱི་ཡིག་མཁན་གྱི་མིང་ཐོ།
བྱ་དགའ་ཨང་གསུམ་པ་ཐོབ་པའི་ཡིག་མཁན་རྣམས་ལ་བྱ་དགའ་གནང་བཞིན་པ།
བྱ་དགའ་ཨང་གཉིས་པ་ཐོབ་པའི་ཡིག་མཁན་རྣམས་ལ་བྱ་དགའ་གནང་བཞིན་པ།
བྱ་དགའ་ཨང་དང་པོ་ཐོབ་པའི་ཡིག་མཁན་ལྷ་སའི་ཡིག་མཁན་བཀྲ་ཤིས་དོན་གྲུབ་དང་བསྟན་འཛིན་རྒྱ་མཚོ་གཉིས་ལ་བྱ་དགའ་གནང་བཞིན་པ།
རྫོགས་རིམ་དང་པོའི་ཡིག་མཁན་རྣམས་ལ་གཟེང་བསྟོད་བྱ་དགའ་གནང་བཞིན་པ།
རྫོགས་རིམ་གསུམ་པའི་ཡིག་མཁན་མཁས་དབང་གླིང་དབོན་པདྨ་སྐལ་བཟང་དང་བཞད་པ་བསྟན་པ་རྒྱ་མཚོ། དཔའ་རིས་སངས་རྒྱས་རྣམས་ལ་གཟེང་བསྟོད་བྱ་དགའ་གནང་བཞིན་པ།
བོད་ཀྱི་ཡིག་མཁན་ཆེ་མོ་རྒན་བསྟན་འཛིན་ལགས་ཀྱིས་ཐེངས་འདིའི་འགྲན་བསྡུར་ཁྲོད་ཀྱི་བརྩམས་ཆོས་ཀྱི་ཁྱད་ཆོས་དང་དོ་སྣང་བྱ་ཡུལ་ཐད་ནས་གཏམ་བཤད་གནང་བཞིན་པ།
གསེར་བཏུལ་ཇོ་ལགས་ཀྱིས་དབུས་ལྷ་སའི་ཇོ་ལགས་ཀྱི་རིན་ཆེན་སྣ་བརྒྱད་འདུལ་ཐབས་མན་ངག་བརྒྱུད་སྤྲོད་སྐོར་གྱི་གསུང་བཤད་གནང་བཞིན་པ།
པདྨ་ཡིག་གཟུགས་སྒྱུ་རྩལ་འགྲེམ་སྟོན་ཁང་གི་སྒོ་འབྱེད་མཛད་སྒོ།
ཐེངས་འདིའི་འགྲན་བསྡུར་ཁྲོད་བྱ་དགའ་ཨང་དང་པོ་ཐོབ་མཁན་གྱི་ཡིག་མཁན་གཉིས་ཀྱིས་རང་གི་བརྩམས་ཆོས་ངོ་སྤྲོད་བྱེད་བཞིན་པ།
རྒྱུས་ལོན་བྱུང་བ་ལྟར་ན། ཐེངས་གཉིས་པའི་པདྨ་གསེར་སྨྱུག་རྟགས་མའི་ཡིག་གཟུགས་འགྲན་བསྡུར་སྟེང་། རྒྱལ་ཡོངས་ཀྱི་ས་ཆ་སོ་སོ་ནས་ཡིག་གཟུགས་བརྩམས་ཆོས་ཉིས་སྟོང་ལྷག་འབྱོར་ཡོད་ལ། དེའི་ཁྲོད་ནས་ཕུལ་བྱུང་བརྩམས་ཆོས་བཞི་བརྒྱ་ལྷག་འགྲེམ་སྟོན་བྱས་ཡོད་པ་མ་ཟད། ཡིག་མཁན་ཨང་དང་པོ་གཉིས་དང་གཉིས་པ་གཉིས། གསུམ་པ་ལྔ། དེ་མིན་རྫོགས་རིམ་དང་པོ་ཐོབ་པའི་ཡིག་མཁན་འཇིགས་མེད་ཆོས་དར་དང་བསོད་ནམས་ཆོས་འབྱོར། བློ་བཟང་སྤེན་པ། དཔག་བསམ་དོན་གྲུབ། བཟང་ལྡན། ཟུར་ཚང་གཡང་འབུམ། ཨ་འཇམ། ཨ་སྨྱོན་སྐལ་བཟང་ཚེ་བརྟན། བསོད་ནམས་དབང་རྒྱལ། ཨ་ཁུ་ཆོས་འཛིན། བཀྲ་ཤིས་ནོར་བུ། གཙང་པ་ཨ་བརྟན། ལྕགས་རྡོ་བཅས་བཅུ་གསུམ་དང་། རྫོགས་རིམ་གསུམ་པ་ཐོབ་པའི་ཡིག་མཁན་མཁས་དབང་ཆེན་པོ་དབུས་ཀྱི་གླིང་དབོན་པདྨ་སྐལ་བཟང་། ཨ་མདོའི་དཔའ་རིས་སངས་རྒྱས། ཁམས་ཀྱི་བཞད་པ་བསྟན་པ་རྒྱ་མཚོ་བཅས་ལ་གཟེངས་བསྟོད་བྱ་དགའ་གནང་།
གསར་འགོད་པ། དཔལ་མགོན་ཚེ་རིང་། སྐལ་བཟང་རྒྱ་མཚོ།