ཡིག་གཟུགས་གླུ་དབྱངས་གངས་རིའི་ས་བོན་གྱི་འགྲེམ་སྤེལ་སྔོན་བརྡ།
ཡི་གེའི་སྟོང་ཐུན་སྒྲོན་མེ་ལས།
བྲི་བའི་དུས་སུ་ཟ་འོག་གི་འབོལ་བཏིང་བའི་སྟེང་དུ་བླ་རེ་བཀོད། རྒྱབ་རྟེན་ལ་ཁྲབ་བཞག །བུས་གདན་ལ་བྲིས་ཆ་ནས་ཀྱིས་བཀང་། ཡི་གེའི་གདན་ལ་སྟག་མགོའི་རྣ་གཞུང་གསུམ་འཛོམས་པ་བཞག །དུས་བཟང་ལ་གསེར་བཟང་སེར་པོ་དང་གཡུ་སྔོན་གྱིས་མཆོད། ཡིད་འཛིན་པའི་གླུ་གར་དང་། རོལ་མོ་ལ་སོགས་པའི་རྩིས་གནང་། ཞེས་གནའ་དུས་སུ་ཡིག་མཁན་གྱི་གདན་ཐོབ་ལ་རོལ་མོ་ཡོད་པར་གསུངས་པ་བཞིན་འདིར་བོད་ཀྱི་ཡིག་གཟུགས་ཀྱི་འདས་པའི་ལོ་རྒྱུས་དང་མ་འོངས་པའི་འཕེལ་རྒྱས་ཐབས་ལམ་བརྗོད་སྙིང་དུ་བཟུང་ནས་ཡིག་མཁན་གཙོས་ཤེས་རབ་རྒྱ་མཚོ་དང་དགེ་རྒན་ཆེན་མོ་ཟམ་ཚ་ཚེ་རིང་དོན་གྲུབ་གཉིས་ཀྱིས་ཚིག་བརྩམས། གངས་ཅན་པ་སྒྲོལ་མ་སྐྱབས་ཀྱིས་དབྱངས་བརྩམས། གངས་ཅན་པ་སྒྲོལ་མ་སྐྱབས་ཀྱིས་གཞས་བཏང་བའི་ཡིག་གཟུགས་བརྗོད་དོན་གླུ་དབྱངས་༼གངས་རིའི་ས་བོན་༽ཞེས་པ་ད་ལོའི་སྤྱི་ཟླ་༤ཚེས་༣༠ཉིན་ཀྲུང་གོ་བོད་ཀྱི་ཡིག་གཟུགས་དྲ་བ། བོད་ཀྱི་ཡིག་གཟུགས་དུས་ཆེན་འཕྲིན་སྟེགས། གངས་ཅན་པའི་གླུ་གཞས་འཕྲིན་སྟེགས། 网易音乐 དང་QQ音乐བཅས་སུ་དངོས་སུ་གཏང་རྒྱུ་ཡིན་པས་རྒྱ་ཆེའི་ཉན་མཁན་རྣམ་པས་དུས་ལྟར་གསན་བཞེས་ཐུགས་སྤྲོ་གནང་བར་ཞུ།
སྤྱི་ཁྱབ་ལྟ་སྐུལ་བ།རྟ་མགྲིན་མགོན་པོ།
རྩོམ་སྒྲིག་པ།དཔལ་མགོན་ཚེ་རིང་།
ཞུ་དག་པ། བཀྲ་ཤིས་དོན་གྲུབ།
སྒྲིག་སྦྱོར་བ།མགོན་པོ་དོན་གྲུབ།