བྲིས་པ་ཀརྨ་ཡེ་ཤེས་བཟང་པོས་ཡིག་གཟུགས་དུས་ཆེན་ལ་ཕུལ་བའི་བརྩམས་ཆོས་འགྲེམ་སྟོན།
པིར་མིང་ལ་ཡེ་ཤེས་སུ་འབོད་པའི་ཡིག་མཁན་ཀརྨ་ཡེ་ཤེས་བཟང་པོ་ནི་སྤྱི་ལོ་༡༩༦༢ ལོར་ཁྲི་འདུ་རྫོང་ལ་གོང་གྲོང་སྡེར་སྐྱེས། སྦྱོར་རྟག་གྲོང་སྡེའི་སློབ་ཆུང་ནས་འབྲི་ཀློག་སྦྱངས།༡༩༨༢ལོར་ཞེ་མཛངས་དགོན་པའི་གྲྭ་སར་ཞུགས་ནས་བསླབ་པ་སློབ་གཉེར་དང་ཐོས་བསམ་སྒོམ་གསུམ་གྱི་ལས་ལ་བརྩོན།དགེ་རྒན་ཀར་འཕེལ་གྱི་མདུན་ནས་ཀརྨ་སྒར་བྲིས་སྦྱངས།མཆོད་རྟེན་ཐིག་རྩ་དང་རི་མོ་སོགས་སྦྱངས་སྨྱོང་བ་དང་།དགེ་རྒན་བཞད་པ་བསྟན་པ་རྒྱ་མཚོའི་མདུན་ནས་དབུས་བྲིས་སྦྱངས།
སྤྱི་ཁྱབ་ལྟ་སྐུལ་བ།རྟ་མགྲིན་མགོན་པོ།
རྩོམ་སྒྲིག་པ།དཔལ་མགོན་ཚེ་རིང་།
ཞུ་དག་པ། བཀྲ་ཤིས་དོན་གྲུབ།
སྒྲིག་སྦྱོར་བ།མགོན་པོ་དོན་གྲུབ།