བོད་ཀྱི་ཡིག་གཟུགས་དུས་ཆེན་བསུ་མའི་ཡིག་གཟུགས་གསོལ་སྟོན་ཡལ་འདབ་བདུན་ལྡན།

རྩོམ་སྒྲིག་ཁང་།
2025-04-27

བོད་ཀྱི་ཡིག་གཟུགས་དུས་ཆེན་བསུ་མའི་ཡིག་གཟུགས་གསོལ་སྟོན་ཡལ་འདབ་བདུན་ལྡན།


微信图片_20190426145513.jpg



2025师专.jpg


      ཟླ4པའི་ཚེས26ཉིན།   ཀན་སུའུ་མི་རིགས་དགེ་འོས་སློབ་ཆེན་གྱི་བོད་ཡིག་ཡིག་གཟུགས་མཐུན་ཚོགས་ཀྱིས་གཙོ་སྒྲུབ་བྱས་པའི2025ལོའི་བོད་ཡིག་ཡིག་གཟུགས་དུས་ཆེན་བསུ་བ་དང་སྦྲགས་པའི་མཐར་ཕྱིན་སློབ་མའི་ཡིག་གཟུགས་འགྲེམས་སྟོན་སློབ་རའི་མཛེས་རྩལ་ཐོག་ཁང་གི་འགྲེམས་སྟོན་ཁང་དུ་སྤེལ།


2025师专8.jpg


      འགྲེམས་སྟོན་དུ་མཐར་ཕྱིན་སློབ་མ7གྱི་བརྩམས་ཆོས་འདུས་ཤིང་།   དྲུང་ཡིག་སྨོན་ལམ་མཆོག་གི་བྲིས་རྒྱུན་ལས་ཁྱུང་བྲིས་དབུ་ཅན་དང་། སུག་རིང་། སུག་ཐུང་། འབྲུ་ཚ། ཚུགས་ཆུང་། ཧོར་ཡིག རྒྱུག་བྲིས། ཨ་ཁུ་དཀོན་མཆོག་ཚང་གི་སུག་རིང་། འབྲུ་ཚ། ཚུགས་ཆུང་།   གཟི་ཡིག་སོགས་ཡིག་གཟུགས་མི་འདྲ་བ་རིགས13གྱི་སྒོ་ནས་བྲིས་པའི་བརྩམས་ཆོས69བཀྲམ་ཡོད།


2025师专19.jpg

ཁུལ་སྲིད་གྲོས་ལོ་རྒྱུས་ཡིག་ཚགས་ཁང་གི་ཀྲུའུ་རེན་གཞོན་པ་སྐལ་བཟང་དོན་གྲུབ་ཀྱིས་ཀན་ལྷོའི་ཡིག་མཁན་གྱི་ཚབ་བྱས་ནས་གཏམ་བཤད་གནང་བཞིན་པ།


      རྒྱུས་ལོན་བྱས་པ་ལྟར་ན།   སློབ་གྲྭའི་བོད་ཀྱི་ཡིག་གཟུགས་མཐུན་ཚོགས་ཀྱིས་ལོ་རེ་བཞིན་འགྲེམས་སྟོན་འདི་ལྟ་བུ་སྤེལ་བཞིན་མཆིས་ལ།   ད་ལོ་ནི་སྐབས་བརྒྱད་པ་ཡིན།

      མཐར་ཕྱིན་སློབ་མ་བདུན་གྱི་པིར་རྩེ་ལས་འཁྲུངས་པའི་བརྩམས་ཆོས་རེ་རེ་ནི།   ཁོང་ཚོའི་ལོ་ངོ་མང་པོའི་རིང་གི་དཀའ་སྤྱད་ཀྱི་རྔུལ་ཆུ་ཡིས་གསོས་པའི་རིག་པའི་མེ་ཏོག་ཡིན་ལ།   དགེ་བའི་བཤེས་གཉེན་རྣམས་ཀྱི་བཀའ་དྲིན་དང་རེ་བ་ཆུད་དུ་མ་ཟོས་པའི་དན་རྟགས་ཡིན།   འགྲེམས་སྟོན་དུ་ཞུགས་པའི་དགེ་རྒན་དང་སློབ་གྲོགས་སོགས་ཀྱིས་ཁོང་ཚོའི་བརྩོན་འགྲུས་ཀྱི་འབྲས་བུ་ལ་བསྟོད་པའི་མེ་ཏོག་གཏོར་བ་དང་ཆབས་གཅིག   ཁོང་ཚོའི་བྲིས་ལམ་སྔར་ལས་ཡངས་པའི་སྨོན་འདུན་བཟང་པོ་དང་བཅས་ཏེ་བཀྲ་ཤིས་པའི་ཁ་བཏགས་ཕུལ།


2025师专20.jpg

ཐེངས་འདིའི་འགྲེམ་སྟོན་གྱི་ཡིག་གཟུགས་དགེ་རྒན་སངས་རྒྱས་བཀྲ་ཤིས་ཀྱིས་ཤིས་ཚིག་འབུལ་བཞིན་པ།


2025师专22.jpg

འགྲེམ་སྟོན་མཛད་སྒོའི་མདོ་འཛིན་པས་མདོ་འཛིན་གནང་བཞིན་པ།


2025师专21.jpg

འགྲེམ་སྟོན་སློབ་མའི་སྐུ་ཚབ་ཀྱིས་གཏམ་བཤད་གནང་བཞིན་པ།


2025师专23.jpg

འགྲེམ་སྟོན་སློབ་མ་རྣམས་ལ་ལེགས་སྐྱེས་འབུལ་བཞིན་པ།


2025师专24.jpg

ཨ་ནུ་ཡིག་ཆས་སྤྱི་གཉེར་ཁང་གི་འགན་འཛིན་པ་ཨ་ནུ་སྐལ་བཟང་བཀྲ་ཤིས་ཀྱིས་འགྲེམ་སྟོན་སློབ་མ་རྣམས་ལ་ལེགས་སྐྱེས་འབུལ་བཞིན་པ།



     འགྲེམས་སྟོན་བརྒྱུད་དེ།   ཡུལ་དངོས་སུ་བསླེབས་པའི་སློབ་གྲྭའི་དགེ་སློབ་གཙོར་བྱས་ཀྱི་ལྟད་མོ་བ་རྣམ་པས་བོད་ཀྱི་ཡིག་གཟུགས་སྒྱུ་རྩལ་གྱི་མཚར་སྡུག་ཉམས་སུ་མྱོང་ཞིང་།   ཡིག་མཁན་རྣམས་ཀྱིས་རང་རང་གི་བྲིས་རྩལ་ངོམས་ཏེ་ཕན་ཚུན་སློབ་སྦྱོང་དང་ཉམས་མྱོང་བརྗེ་རེས་བྱས།


2025师专13.jpg

ཀན་ལྷོའི་རྫོགས་རིམ་ཡིག་མཁན་རྒན་བསོད་ནམས་ཚེ་རིང་གིས་ཡུལ་དངོས་ནས་ཡིག་གཟུགས་ཀྱི་འཁྱུག་རྩལ་ངོམ་བཞིན་པ།


2025师专25.jpg

སློབ་གྲོགས་དང་སྐུ་མགྲོན་རྣམས་ཀྱིས་ཐེངས་འདིའི་འགྲེམ་སྟོན་ཡིག་མཁན་རྣམས་ལ་ཁ་བཏགས་འབུལ་བཞིན་པ།



    བོད་ཡིག་ནི་མི་རིགས་ཤིག་གི་ལོ་རྒྱུས་དང་རིག་གནས་ཕུན་སུམ་ཚོགས་པ་ཐེག་ཅིང་བརྗོད་པའི་གནའ་བོའི་ཡི་གེ་ཞིག་ཡིན་ལ།   ལོ་ངོ་སྟོང་ཕྲག་བརྒྱུད་ཀྱང་སྔར་བཞིན་འཕེལ་རྒྱས་ཀྱི་འཕར་རྩ་མ་ཉམས་པའི་རིག་གནས་ཀྱི་བརྡ་རྟགས་གསོན་པོ་ཞིག་ཡིན་པར་མ་ཟད།   བོད་ཡིག་ཡིག་གཟུགས་ནི་རྒྱལ་ཁབ་རིམ་པའི་དངོས་མིན་ཤུལ་བཞག་རིག་གནས་ཀྱང་ཡིན་ཏེ།   ཀྲུང་ཧྭ་མི་རིགས་ཀྱི་ཤེས་རིག་གི་བང་མཛོད་ཆེན་མོའི་ཁྲོད་གཟི་མདངས་འཕྲོ་བཞིན་པའི་འོད་ལམ་ལམ་གྱི་ནོར་བུ་ཞིག་ཡིན།


2025师专11.jpg

ཡུལ་དངོས་དཔེ་མཚོན་པར་རིས།


      སློབ་གྲྭའི་འབྲེལ་ཡོད་མགོ་ཁྲིད་དང་ཁུལ་ཡིག་གཟུགས་མཐུན་ཚོགས་ཀྱི་འབྲེལ་ཡོད་འགན་འཁུར་བ། སློབ་གྲྭའི་བོད་ཀྱི་ཡིག་གཟུགས་མཐུན་ཚོགས་ཀྱི་ཚོགས་མི་དག་དང་ཡིག་གཟུགས་སྒྱུ་རྩལ་ལ་མོས་པའི་སྡེ་ཁག་སོ་སོའི་སློབ་མ་སོགས་ཐེངས་འདིའི་འགྲེམས་སྟོན་དུ་ཞུགས།



ཐེངས་འདིའི་ཡིག་གཟུགས་བརྩམས་ཆོས་འགྲེམ་སྟོན་མཁན་གྱི་སློབ་མ།

མིང་གི་གསལ་བྱེད་ཡི་གེའི་གོ་རིམ་བཞིན།


扎西草.jpg


        ངའི་མིང་ལ་བཀྲ་ཤིས་འཚོ་ཟེར། ཕ་ཡུལ་རྨ་ཆུ་རྫོང་མཚེ་རུ་མ་ཡུལ་ཚོ་ཡིན་ལ།ད་ལྟ་ཀན་སུའུ་མི་རིགས་དགེ་འོས་སློབ་གླིང་དུ་ཆབ་སྲིད(བོད་རྒྱ་སྐད་གཉིས་ཤན་སྦྱར) ཆེད་ལས་སྦྱོང་གིན་ཡོད།ཞོར་ཏུ་རང་གི་དགའ་ཕྱོགས་ལྟར་བོད་ཀྱི་ཡིག་གཟུགས་སྦྱངས་བ་བྱས་པ་ཡིན། ཡིག་གཟུགས་ཀྱི་བགྲོད་ལམ་རིང་མོ་འདིར་རྒན་སངས་རྒྱས་བཀྲ་ཤིས་ལགས་ཀྱིས་མཛུབ་སྟོན་གྱི་སྒྲོན་མེ་སྤར་མྱོང་ལ།སློབ་སྟོན་གྱི་མན་ངག་ཡང་གང་མང་ཞིག་གནང་བར་སེམས་ཁོང་རུས་པའི་སྟེང་ནས་བཀའ་དྲིན་ཆེ་ཞུ་བཞིན་ཡོད།ད་ཐེངས་ཀྱི་མཐར་ཕྱིན་སློབ་མའི་ཡིག་གཟུགས་འགྲེམས་སྟོན་དུ་ཞུགས་པའི་གོ་སྐབས་ལྡན་པར་སློབ་བུ་རང་དགའ་སྤྲོ་ཆེན་པོ་སྐྱེས་ཡོད།བོད་ཀྱི་ཡིག་གཟུགས་ནི་རང་མི་རིགས་ཀྱི་སྔོན་བྱོན་མཁས་དབང་གནམ་གྱིས་ས་བཀབ་པ་ལྟ་བུ་ཚོའི་རིག་པའི་རྩལ་དང་ལག་པའི་སོར་ནས་བྱུང་བའི་རིག་གནས་ཀྱི་དན་རྟགས་ཡིན་ལ།ལོ་རྒྱུས་ཀྱི་སྙིང་བཅུད་ཡང་ཡིན།   དེ་བས་ཤ་གསེང་ལ་བཙན་པོའི་ཟུངས་ཁྲག་རྒྱུ་བའི་དུས་རབས་གསར་བའི་ན་གཞོན་ང་ཚོས་མེས་པོ་གོང་མ་ཚོས་བཞག་པའི་ཤུལ་བཞག་གི་རིག་གནས་འདི་ཉམས་པ་སླར་གསོ་དང་མ་ཉམས་གོང་འཕེལ་གཏོང་བར་རང་ནུས་ཅི་ལྕོགས་འདོན་དགོས།

尕藏拉毛.jpg

     

           ངའི་མིང་ལ་སྐལ་བཟང་ལྷ་མོ་ཟེར།ཕ་ཡུལ་རྨ་ཆུ་ནས་ཡིན།ད་ལྟ་དགེ་འོས་མི་རིགས་སློབ་གྲྭ་ཆེན་མོ་རུ་ཉེར་སྤྱོད་སྐད་བརྡ་རིག་པའི་ཆེད་ལས་གཉེར་བཞིན་འདུགལོ་རིམ་བཞི་བའི་སློབ་མ་ཞིག་ཀྱང་ཡིན།མི་འགྱངས་བར་མཐར་ཕྱིན་ལ་ཉེ། རང་ཉིད་ནི་བོད་ཀྱི་ཡིག་གཟུགས་ལ་དགའ་བ་དང་དུང་བ་ཆེན་པོ་འདུགདེའི་རྐྱེན་གྱིས་ལོ་རིམ་དང་པོའི་སྐབས་ནས་དགེ་རྒན་སངས་རྒྱས་བཀྲ་ཤིས་ཀྱི་གམ་དུ་སོང་ནས་ཡིག་གཟུགས་སྦྱང་བ་བྱས།ཐོག་མར་ཨ་ཁུ་སྨོན་ལམ་རྒྱ་མཚོ་ཁོང་སང་གི་སུག་རིང་དང་སུག་ཐུང་།འབྲུ་ཚ་ལ་སོགས་སྦྱང་བ་དང་།དེའི་རྗེས་སུ་ཨ་ཁུ་དཀོན་མཆོག་རྒྱ་མཚོ་ཚང་གི་སུག་རིང་དང་འབྲུ་ཚ་སྦྱང་བ་ཡིན།འདི་དག་ནི་ངའི་མིག་སྔར་སྦྱང་མྱོང་བའམ་ཡང་ན་སྦྱང་ཟིན་པའི་ཡིག་རིགས་དག་ཡིན།ཡིག་གཟུགས་སྦྱོང་བའི་གོ་རིམ་ཁྲོད་དགེ་རྒན་སངས་རྒྱས་བཀྲ་ཤིས་ཀྱིས་འཛུབ་སྟོན་དང་རྒྱབ་སྐྱོར་མང་དུ་བྱས་པས་རང་ཉིད་ལ་ཡར་སྐྱེད་མང་པོ་བྱུང་།རྒན་ལགས་ལ་བཀའ་དྲིན་སྙིང་ནས་ཞུ།ད་ཐེངས་ཀྱི་མཐར་ཕྱིན་སློབ་མའི་ཡིག་གཟུགས་འགྲེམས་སྟོན་ལ་ཞུགས་ཐུབ་པ་ཡང་ཧ་ཅང་སྤྲོ་བཞིན་འདུགམཇུག་མཐར་ང་ཚོའི་ཡིག་གཟུགས་འགྲེམས་སྟོན་ལ་སླེབས་པའི་དགེ་བའི་བཤེས་གཉེན་རྣམས་དང་སློབ་གྲོགས་ཡོངས་ལ་བཀའ་དྲིན་ཆེ་ཞུ།།


勒毛吉.jpg

      ངའི་མིང་ལ་ཀླུ་མོ་སྐྱིད་ཟེར་ཞིང་།ཕ་ཡུལ་ཀླུ་ཆུ་ནས་ཡིན། ཆུང་དུས་ནས་ཡིག་གཟུགས་ལ་དགའ་བའི་སློབ་མ་ཞིག་ཡིན་ལ།ཉེ་བའི་ལོ་བཞི་ཡི་རིང་ལ་རྒན་དམ་པའི་བྱམས་བརྩེ་མཛུབ་སྟོན་འོག་བོད་ཀྱི་ཡིག་གཟུགས་སྣ་ཚོགས་ལ་སྦྱངས་བའི་ཚུལ་བྱས་ནས།ཐེངས་འདིའི་༢༠༢༥ལོའི་མཐར་ཕྱིན་སློབ་མའི་ཡིག་གཟུགས་འགྲེམས་སྟོན་ལ་ཞུགས།



看召草.jpg


         ངའི་མིང་ལ་མཁའ་འགྲོ་འཚོ་ཟེར། ཕ་ཡུལ་བསང་ཆུ་རྫོང་བསང་ཁོག་ཡིན། ད་ལོ་ཀན་སུའུ་མི་རིགས་དགེ་འོས་སློབ་ཆེན་ན་ལོ་རིམ་བཞི་བ་འདོན་བཞིན་ཡོད་ལ། བོད་ཡིག་སྡེ་ཁག་གི་དབྱིན་བོད་ལོ་ཙཱའི་ཆེད་ལས་ཀྱི་སློབ་མ་ཞིག་ཡིན།


南秀吉.jpg


          ངའི་མིང་ལ་རྣམ་ཕྱུག་སྐྱིད་ཟེར་ཞིང་ཕ་ཡུལ་བསང་ཆུ་རྫོང་འབོ་ར་ནས་ཡིན། ད་ལྟ་ཀན་སུའུ་མི་རིགས་དགེ་འོས་སློབ་གླིང་ན་དབྱིན་བོད་ལོ་ཙཱའི་ཆེད་ལས་སྦྱང་བཞིན་ཡོད།


万代克.jpg


           ངའི་མིང་ལ་བན་དེ་མཁར་ཟེར་ཞིང་།   ཀན་ལྷོ་ཀླུ་ཆུའི་རོང་མ་འབྲོག་གི་ཁྱིམ་ཚང་ཕལ་བ་ཞིག་དུ་སྐྱེས།   ཆུང་དུས་ནས་དྲིན་ཆེན་ཕ་མའི་བཀའ་དྲིན་འོག་སློབ་སྦྱོང་བྱེད་པའི་སྐལ་བ་ལྡན་ལ། ༢༠༢༡ལོར་ཀླུ་ཆུ་རྫོང་བོད་རིགས་སློབ་འབྲིང་ནས་ཀན་སུའུ་མི་རིགས་དགེ་འོས་སློབ་གྲྭ་ཆེན་མོའི་སྒྱུ་རྩལ་ཇུས་འགོད་འཛིན་གྲྭར་རྒྱུགས་འཕྲོད།   སློབ་ཆེན་ལོ་རིམ་དང་པོ་ནས་བཟུང་སློབ་མ་བུ་ལྟར་གཅེས་པའི་དགེ་རྒན་དམ་པ་སངས་རྒྱས་བཀྲ་ཤིས་ཀྱི་དྲུང་ནས་དབུ་ཅན་དང་དབུ་མེད།   ལཉྫ། ལྦརྟུ་སོགས་ཡིག་གཟུགས་སྣ་ཚོགས་ལ་སློབ་སྦྱོང་བྱེད་པའི་སྐལ་བ་ལྡན་ལ། དུས་ད་ལྟ་ཡང་ཡིག་གཟུགས་ལ་སྦྱོང་བ་བྱེད་བཞིན་པའི་སྒང་ཡིན་ནོ།


拉毛加.jpg

         ངའི་མིང་ལ་ལྷ་མོ་སྐྱབས་ཟེར།ངའི་ཕ་ཡུལ་ནི་ཀླུ་ཆུའི་ཟམ་ཚ་རྡོ་གཟིགས་མདོ་ནས་ཡིན།ད་ལྟ་ཀན་སུའུ་མི་རིགས་དགེ་འོས་སློབ་གླིང་དུ་སློབ་གཉེར་བྱེད་བཞིན་ཡོད།མི་ལོ་བཞི་ཡི་རིང་དུ་རྒན་སངས་རྒྱས་བཀྲ་ཤིས་ལགས་ཀྱི་འཆད་ཁྲིད་འོག་བོད་ཀྱི་ཡིག་གཟུགས་སྦྱང་ཐུབ་པའི་སྔོན་བྱུང་སྐལ་བ་བཟང་པོ་ཞིག་ཐོབ་བྱུང་བས།རྗེས་ཕྱོགས་མི་མཐུད་དུ་བོད་ཀྱི་ཡིག་གཟུགས་ལ་འབད་པ་ཧུར་བརྩོན་བྱེད་རྒྱུད་ཡིན།



བརྩམས་ཆོས་འགྲེམ་སྟོན།


师专学生1.jpg师专学生2.jpg师专学生9.jpg师专学生15.jpg师专学生10.jpg师专学生5.jpg师专学生6.jpg师专学生3.jpg师专学生8.jpg师专学生4.jpg师专学生12.jpg师专学生7.jpg师专学生11.jpg师专学生14.jpg师专学生13.jpg师专学生17.jpg师专学生24.jpg师专学生25.jpg师专学生21.jpg师专学生16.jpg师专学生26.jpg师专学生20.jpg师专学生18.jpg师专学生22.jpg师专学生19.jpg师专学生23.jpg师专学生27.jpg师专学生32.jpg师专学生31.jpg师专学生35.jpg师专学生41.jpg师专学生36.jpg师专学生39.jpg师专学生28.jpg师专学生29.jpg师专学生30.jpg师专学生34.jpg师专学生37.jpg师专学生40.jpg师专学生38.jpg师专学生33.jpg师专学生50.jpg师专学生48.jpg师专学生44.jpg师专学生43.jpg师专学生45.jpg师专学生42.jpg师专学生49.jpg师专学生47.jpg师专学生46.jpg

师专学生52.jpg师专学生51.jpg师专学生53.jpg师专学生56.jpg师专学生63.jpg师专学生57.jpg师专学生58.jpg师专学生59.jpg师专学生64.jpg师专学生60.jpg师专学生61.jpg师专学生62.jpg师专学生54.jpg师专学生55.jpg





སློབ་གྲོགས་རྣམས་ལ་ཕུལ་བའི་འགྲེམ་སྟོན་དཔང་ཡིག


尕藏拉毛.jpg看召草.jpg拉毛加.jpg


勒毛吉.jpg万代克.jpg南秀吉.jpg扎西草.jpg





ཞིབ་ཕྲའི་གསལ་འགྱུར་གནས་ཚུལ་གསན་འདོད་ན་གཤམ་གྱི་འཕྲིན་སྟེགས་ལ་དོ་ཁུལ་མཛད་རོགས།


2025师专12.jpg



གསར་འགྱུར་ནང་དོན་ཡོངས་ཁུངས། ཀན་ལྷོའི་ཀུན་འདུས་སྨྱན་སྦྱོར་བོད་ཡིག་འཕྲིན་སྟེགས།

སྤྱི་ཁྱབ་ལྟ་སྐུལ་བ། རྟ་མགྲིན་མགོན་པོ།

པར་རིས་མཁོ་འདོན་པ། འཇམ་དཔལ་ཚེ་ལོ། ཡུམ་རྒྱ་བན་དེ་ཚེ་རིང་། བན་དེ་མཁར།

གསར་འགོད་པ།   ཚེ་རིང་རྣམ་རྒྱལ།   སངས་རྒྱས་འཚོ།(དངོས་སྦྱོང་།)

སྒྲིག་བཟོ་དང་རྩོམ་སྒྲིག་པ། དཔལ་མགོན་ཚེ་རིང་།

ཞུ་དག་པ། ཞུ་དག་པ།   རྡོ་རྗེ་ཚེ་རིང་། ཀླུ་རྡེའུ་བཀྲ་ཤིས་དོན་གྲུབ།

阅读1612
分享
写下您的评论吧