བོད་ཀྱི་ཡིག་གཟུགས་དང་འབྲེལ་བའི་བརྡ་འཕྲིན་གལ་ཆེན།

རྩོམ་སྒྲིག་ཁང་ནས།
2025-04-25

བོད་ཀྱི་ཡིག་གཟུགས་དང་འབྲེལ་བའི་བརྡ་འཕྲིན་གལ་ཆེན།



微信图片_20190426145513.jpg




       རྒྱ་ཆེ་བའི་བོད་ཀྱི་ཡིག་མཁན་རྣམ་པ་དང་ཡིག་མཁན་མཐུན་ཚོགས་སོ་སོའི་སྙན་ལམ་དུ་ཞུ་རྒྱུར། བོད་ཀྱི་ཡིག་གཟུགས་ནི་ལོ་རེ་ནས་ལོ་རེར་འཕེལ་རྒྱས་འགྲོ་དང་འགྲོ་བཞིན་པ་ནི་ཤིན་ཏུ་དགའ་འོས་པ་ཞིག་ཡིན་ལ། སྔར་ཡང་ཡི་གེ་འབྲི་བ་ལ་ཡིད་འཛིན་པའི་གླུ་དང་རོལ་མོ་ལ་སོགས་པའི་རྩིས་གནང་གསུངས་པ་ལྟར། དེང་དུས་སུ་ལྷག་པར་ཡིག་གཟུགས་འབྲི་སྐབས་གླུ་དབྱངས་སྙན་མོ་ཞིག་མེད་མི་རུང་བར་མཐོང་ནས། བོད་ཡུལ་ན་མཚན་སྙན་རབ་ཏུ་འབར་བའི་གངས་ཅན་པ་སྒྲོལ་མ་སྐྱབས་ལགས་ཀྱིས་གནའ་བོའི་བོད་ཀྱི་གཞས་གདངས་ལས་དྲངས་ཏེ་བླངས་པའི་བོད་ཀྱི་ཡིག་གཟུགས་ཀྱི་བརྗོད་དོན་གླུ་དབྱངས་གངས་རིའི་ས་བོན་ཞེས་པ་ད་ལོའི་བོད་ཀྱི་ཡིག་གཟུགས་དུས་ཆེན་ཉིན་དྲ་ལམ་ཁག་སོ་སོ་ནས་གཏང་རྒྱུ་ཡིན་པས། དེ་ལ་ཆེད་དུ་མི་སྒེར་དང་མཐུན་ཚོགས་སོ་སོ་ནས་རྟེན་འབྲེལ་ཞུ་ཚིག་དང་ཡིག་གཟུགས་བརྩམས་ཆོས་མཚན་ཐམ་དང་བཅས་པ་གང་ལེགས་རེ་བྲིས་ཏེ་གཤམ་གྱི་བཤེར་རིས་གང་རུང་དུ་བསྐུར་རོགས། ང་ཚོས་རྟེན་འབྲེལ་ཞུ་བའི་བརྩམས་ཆོས་རྣམས་ཆེད་འགོད་བྱེད་རྒྱུ་ཡིན་པས་དེ་ལྟར་ཐུགས་འཇགས་འཚལ།   

 



O1CN013ChRRl1Ojsoq3g6Xx_!!1703251742.avif.jpg


གངས་རིའི་ས་བོན།

笔舞雪韵

བོད་ཀྱི་ཡིག་གཟུགས་ཀྱི་བརྗོད་དོན་གླུ་དབྱངས།

གཞས་ཚིག གཙོས་ཤེས་རབ་རྒྱ་མཚོ།   

ཟམ་ཚ་ཚེ་རིང་དོན་གྲུབ།   

དབྱངས།གངས་ཅན་པ་སྒྲོལ་མ་སྐྱབས།

ལེན་མཁན།གངས་ཅན་པ་སྒྲོལ་མ་སྐྱབས།




ཤིས་ཚིག་སྐུར་ཡུལ། སྐད་འཕྲིན་DDV5237ལ་སྐུར་རོགས།

གཞན་འོག་གི་འཕྲིན་སྟེགས་ལ་སྐུར་ནའང་ཆོག

中国藏文书法协会.jpg


阅读1137
分享
写下您的评论吧