རྒྱལ་ཡོངས་བོད་ཀྱི་ཡིག་གཟུགས་དུས་ཆེན་བསུ་མའི་ཡིག་གཟུགས་བཤམས་སྟོན་བརྡ་ཡིག
རྒྱལ་ཡོངས་བོད་ཀྱི་ཡིག་གཟུགས་ཉིན་མོ་སླེབས་པའི་སྐབས་འདིར་ངེད་ཀྲུང་གོ་བོད་ཀྱི་ཡིག་གཟུགས་དྲ་བས་དཔྱད་འདེམས་བརྒྱུད་དེ་མི་སྒེར་གྱི་ཡིག་གཟུགས་བརྩམས་ཆོས་པུས་ལེགས་དྲ་ལམ་ནས་ཆེད་སྒྲིག་འགྲེམ་སྟོན་བྱ་རྒྱུ་ཡིན་པས།བྲིས་པ་རྒན་དར་གཞོན་གསུམ་རྣམས་ནས་རང་གི་བརྩམས་ཆོས་དཔེ་ལེགས་ཀྱི་པར་(འབྱེད་ཚད་མཐོ་བའི་JPGརྣམ་བཞག་གི་པར་རིས་ཡིག་ཆ)༣༠ལས་མི་ཉུང་བ།ཡིག་གཟུགས་ཀྱི་རྣམ་གྲངས་གཉིས་ལས་མི་ཉུང་བ་གྲ་སྒྲིས་བྱོས་ནས། བྲིས་རྒྱུན་སོ་སོའི་ངོ་སྤྲོད་དང་བྲིས་རབས་ལོ་རྒྱུས།ཡིག་འབྲི་པའི་ངོ་སྤྲོད་དང་འཚོ་བའི་པར་བཅས་ངེད་དྲ་བའི་རྩོམ་སྒྲིག་ཁང་གི་ཡིག་སྒམ་dzgb@163.comནང་དུ་བསྐུར་ན།ངེད་དྲ་ཚིགས་རྩོམ་སྒྲིག་ཁང་གིས་ཚོད་བཀོད་སྒྲིག་བྱས་ནས་དཔྱད་འདེམ་བྱས་ཏེ་དྲ་ལམ་འགྲེམ་སྟོན་ཆོག་མཆན་ཐོབ་པ་རྣམས་ལ་ཀྲུང་གོ་བོད་ཀྱི་ཡིག་གཟུགས་དྲ་བའི་ཡིག་མཁན་རིམ་པའི་འགྲེམ་སྟོན་ཁང་ནས་མི་སྒེར་བརྩམས་ཆོས་འགྲེམ་སྟོན་ཁང་ཕྱེ་རྒྱུ་ཡིན། ཆོག་མཆན་ཐོབ་པའི་ཡིག་མཁན་ལ་དྲ་ལམ་ཡིག་གཟུགས་འགྲེམ་སྟོན་གྱི་དཔང་ཡིག་སྤྲོད་རྒྱུ་ཡིན་པས་ཀུན་གྱིས་གོ་སྐབས་བརྩོན་ལེན་བྱེད་པར་དགའ་བསུ་ཞུ།
གསལ་བཤད།བརྩམས་ཆོས་ཉུང་བ་དང་སྤུས་ཀ་ལེགས་པོ་ཡོད་པའི་བརྩམས་ཆོས་ཐུན་མོང་འགྲེམ་སྟོན་ལ་འགོད་རྒྱུ་ཡིན།བརྩམས་ཆོས་མང་པོ་ཡོད་མཁན་རྣམས་ཀྱིས་ཡིག་ཆ་ཚང་མ་མཉམ་དུ་བཙིར་གནོན་བྱས་ནས་སྐུར་རོགས།བཙིར་གནོན་མ་བྱས་བར་སྐུར་ན་དང་ལེན་བྱ་རྒྱུ་མིན།
作品数量不足30幅的在集体展厅展出,有30幅以上作品者必须进行压缩打包成一个文件发送,未经压缩打包不予评审。
ཀྲུང་གོ་བོད་ཀྱི་ཡིག་གཟུགས་དྲ་བ།
ཀྲུང་གོ་བོད་ཀྱི་ཡིག་གཟུགས་དྲ་བའི་
ཡིག་གཟུགས་བརྩམས་ཆོས་དཔྱད་
འདེམས་ཨུ་ཡོན་ལྷན་ཚོགས་ནས།
༢༠༢༥ལོའི་ཟླ༤ཚེས༢༥ཉིན།