སྨྱུག་མིང་ལ་ཨ་དོན་དུ་འབོད་པ་དང་དངོས་མིང་ལ་རིག་འཛིན་དོན་གྲུབ་དུ་འབོད་པའི་ཡིག་མཁན་ཁོང་། སྤྱི་ལོ་༡༩༩༩ལོར་བོད་ལྗོངས་ལྷོ་ཁ་སྣེ་གདོང་རྫོང་ཡར་སྟོད་ཤང་ཁོངས་སུ་སྐྱེས། བོད་ལྗོངས་ཡིག་གཟུགས་མཁས་པའི་མཐུན་ཚོགས་ཀྱི་ཚོགས་མི་དང་ལྷོ་ཁའི་ཡིག་གཟུགས་མཁས་པའི་མཐུན་ཚོགས་ཀྱི་ཚོགས་མི་བཅས་ཡིན། ཁོ་རང་ཆུང་དུས་ནས་བོད་ཀྱི་ཡིག་གཟུགས་འདི་ཉིད་ལ་དགའ་མོས་དང་དད་ཞེན་ཇེ་ཆེ་ནས་ཇེ་ཆེར་འཕེལ་ཞིང་། ལྷོ་ཁའི་ཡིག་མཁན་ཆེན་མོ་རྒན་བཀའ་དྲིན་ཅན་འཇུ་ཡེ་ཤེས་ཚུལ་ཁྲིམས་ལགས་དང་རྒན་ཤམ་པོའི་ཁ་རླངས། རྒན་ཡར་ཆབ་ཕོ་ཉ་སོགས་བཤེས་གཉེན་མང་པོ་བརྟེན་ནས་ཡིག་གཟུགས་ལ་སྦྱངས་པ་བྱས།༢༠༢༠ལོར་མཐོ་སྒང་རིག་གནས་ཁྱབ་སྤེལ་སྤྱི་གཉེར་ཁང་དུ་ཡིག་གཟུགས་ཀྱི་ལས་ལ་འབད།
སླད་ལས་དང་སྐལ་བ་བཟང་པོའི་འོག་དྲིན་ཅན་རྒན་བེའུ་དཀར་དྲུང་ནས་ཡིག་གཟུགས་སློབ་སྦྱོང་བྱ་རྒྱུའི་གོ་སྐབས་བཟང་པོ་ཐོབ། ༢༠༢༣ལོར་ལྷོ་ཁ་ཨེ་པ་ཚང་ཡིག་གཟུགས་དགའ་མོས་འཛིན་གྲྭར་ཡིག་གཟུགས་ཀྱི་ལས་ལ་འབད། ད་ལྟ་ལྷོ་ཁར་ཡིག་གཟུགས་དགའ་མོས་སྦྱོང་བརྡར་འཛིན་གྲྭར་ལས་ཀ་སྒྲུབ་བཞིན་མཆིས།
སྤྱི་ཁྱབ་ལྟ་སྐུལ་བ།རྟ་མགྲིན་མགོན་པོ།
རྩོམ་སྒྲིག་པ།དཔལ་མགོན་ཚེ་རིང་།
ཞུ་དག་པ། བཀྲ་ཤིས་དོན་གྲུབ།
སྒྲིག་སྦྱོར་བ།མགོན་པོ་དོན་གྲུབ།