སྐལ་བཟང་འཇིགས་མེད་ཀྱི་བརྩམས་ཆོས་འགྲེམ་སྟོན།
པིར་མིང་ལ་གངས་ཚ་འཇོམས་དང་མིང་དངོས་ལ་སྐལ་བཟང་འཇིགས་མེད་དུ་འབོད་པའི་ཡིག་མཁན་ཁོ།1997ལོར་མགོ་ལོག་གཉན་སྐོར་སྡེ་བའི་འབྲོག་ཁྱིམ་ཞིག་ཏུ་སྐྱེས། སློབ་ཆུང་བཏོན་རྗེས་ཆོས་སྒོར་ཞུགས་ཏེ2015ལོར་རང་དགོན་གྱི་ནང་བསྟན་སློབ་གླིང་དུ་སློབ་གཉེར་གྱི་ཞོར་ལ་ཁུ་བོ་ཆོས་ཀྱི་རྒྱལ་མཚན་གྱི་དྲུང་ནས་ཡིག་གཟུགས་ལ་སྦྱངས་བ་ཅུང་ཙམ་བྱས།2018ལོའི་དབྱར་ཁར་སློབ་གསེང་དང་བསྟུན་ཏེ་རང་གི་དགའ་ཕྱོགས་ལྟར་ཆེད་དུ་རེབ་གོང་རོང་བོ་དགོན་ཆེན་དུ་སོང་ནས་དགེ་བཤེས་སྒོ་དམར་བ་དགེ་འདུན་གྲུབ་ཀྱི་མདུན་ནས་ལཉྫ་དང་།ཨ་ཁུ་སྒང་གྲགས་པ་བཤད་སྒྲུབ་ཀྱི་དྲུང་ནས་ཨ་ལགས་ཚེ་ཏན་ཞབས་དྲུང་གི་ཕྱག་རྒྱུན་ལྟར་གྱི་དབུ་ཅན་སོགས་ལ་སྦྱངས་བ་བྱས།སློབ་གྲྭའི་དགུན་གནང་དང་གུང་གསེང་གི་སྐབས་དུ་མར་རྔ་ཡུལ་སྒོ་མང་དགོན་ཆེན་གྱི་བོད་ཀྱི་ཡིག་མཁན་ཨ་ཁུ་པད་དཀར་འབངས་སམ་ཕུན་ཚོགས་ཐུབ་ཆེན་གྱི་དྲུང་ནས་ལཉྫ་དང་།ལྷ་སའི་གཞུང་བྲིས་ཚུགས་རིང་དང་ཚུགས་ཐུང་། འཁྱུག་བྲིས།འབྲུ་ཚ། དབུ་ཅན་བཅས་ལ་རང་ཚོད་ཀྱིས་སྦྱངས་བ་མི་དམན་པ་བྱས།
གསར་རྩོམ་གྱི་ལམ་ཁར་ཞུགས་ནས་ད་རག་བར་སྙན་ངག་གཙོའི་བརྩམས་ཆོས་མང་ཤོས་«གངས་རྒྱན་མེ་ཏོག»དང་«གངས་དཀར་རི་བོ»«ནང་ཆེན»«ཤྭ་སྐྱ»«རི་བོ་ཉི་ཟླ»«ཁྲི་ཤོར་རྒྱལ་མོ» «ལྗོན་དབང» «མཚོ་སྔོན་ཁྲིམས་ལུགས་ཚགས་པར»«ཁམས་པའི་ཚགས་པར»«ཀན་ལྷོའི་གསར་འགྱུར་ཚགས་པར»«མཚོ་སྔོན་བོད་ཡིག་གསར་འགྱུར་ཚགས་པར»«མཚོ་ལྷོ་བོད་ཡིག་ཚགས་པར» «གཞིས་ཀ་རྩེ་ཉིན་རེའི་ཚགས་པར» «མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ» «ཀྲུང་གོ་བོད་ཀྱི་དྲ་བ»«མཚོ་སྔོན་པོ་དྲ་བ»གཙོས་ཞིང་ཆེན་ཕྱི་ནང་གི་དུས་དེབ་དང་ཚགས་པར།དྲ་བ་བཅས་སུ་སྤེལ་མྱོང་། གཞན་སྙན་ངག་དང་ལྷུག་རྩོམ་ཡིག་གཟུགས་བརྩམས་ཆོས་རེ་འགར༢༠༡༧ལོའི་སྲང་ལམ་སྙན་རྩོམ་འགྲན་སྡུར་གྱི“སྲང་ལམ་མཚན་སྙན”བྱ་དགའ་དང་། དཀར་མཛེས་བོད་ཡིག་ཚགས་པར་ཁང་གིས་སྤེལ་བའི་ལྷུག་རྩོམ་འགྲན་སྡུར་ཁྲོད་ཕུལ་བྱུང་བྱ་དགའ། 2022ལོར་མགོ་ལོག་ཁུལ་ནང་བསྟན་ཚང་གིས་གཙོ་སྒྲུབ་བྱས་པའི་ཡིག་གཟུགས་འགྲན་བསྡུར་ཁྲོད་ཨང་གསུམ་པའི་བྱ་དགའ་ཐོབ། ཀྲུང་གོ་བའི་ཡིག་གཟུགས་དང་མཛེས་རིས་སྒྱུ་རྩལ་པའི་མཐུན་ཚོགས་ཀྱིས་གཙོ་སྒྲུབ་མཛད་པའི་འདེམས་ཤོག་འཕེན་དགོས་པའི་རྒྱལ་ཡོངས་ཡིག་གཟུགས་འགྲན་བསྡུར་ཁྲོད་ཕུལ་བྱུང་བྱ་དགའ་ཐོབ།མཚོ་སྔོན་ཞིང་ཆེན་བོད་ཡིག་ཡིག་གཟུགས་རྒྱུན་འཛིན་དར་སྤེལ་ཞིབ་འཇུག་མཐུན་ཚོགས་ཀྱི་ཚོགས་མི།མགོ་ལོག་ཁུལ་རྩོམ་རིག་མཐུན་ཚོགས་ཀྱི་ཚོགས་མི། དགའ་བདེ་རྫོང་ཡིག་གཟུགས་མཐུན་ཚོགས་ཀྱི་ཚོགས་མི་བཅས་ཡིན།
སྤྱི་ཁྱབ་ལྟ་སྐུལ་བ།རྟ་མགྲིན་མགོན་པོ།
རྩོམ་སྒྲིག་པ།དཔལ་མགོན་ཚེ་རིང་།
ཞུ་དག་པ། བཀྲ་ཤིས་དོན་གྲུབ།
སྒྲིག་སྦྱོར་བ།མགོན་པོ་དོན་གྲུབ།