བྲིས་པ་ཆུང་ཆུང་བསྟན་འཛིན་དབང་རྒྱལ་གྱི་ཡིག་གཟུགས་བརྩམས་ཆོས་འགྲེམ་སྟོན།

བསྟན་འཛིན་དབང་རྒྱལ།
2025-01-27


ཡིག་མཁན་ཆུང་ཆུང་བསྟན་འཛིན་དབང་རྒྱལ་གྱི་མཚམས་སྦྱོར་མདོར་བསྡུས།


旦增旺杰作品展0.jpg

ཡིག་གཟུགས་བརྩམས་ཆོས་ཀྱི་རྩོམ་པ་པོ་བསྟན་འཛིན་དབང་རྒྱལ།


   བསྟན་འཛིན་དབང་རྒྱལ་ནི་སྤྱི་ལོ་༢༠༡༢ལོའི་ཟླ་༡པོའི་ཚེས་༥ཉིན་སྐྱེས།ཕའི་མིང་ལ་འོ་སྤྲིན་དང་མ་ཡི་མིང་ལ་སྐྱིད་སྒྲོལ་མ་ཟེར།བོད་ལྗོངས་ནག་ཆུ་གྲོང་ཁྱེར་འབྲི་རུ་རྫོང་བརླན་ཆུ་ཤང་བཀྲ་སྲུང་གྲོང་ཚོའི་གྲོང་མི་ཞིག་ཡིན།

    ཁོ་པ་ཆུང་དུས་ནས་སྐྱེ་སྟོབས་ཀྱི་ཤེས་རབ་བཟང་ལ་དེ་བས་ཡིག་གཟུགས་སོགས་ལ་དད་པ་དང་ཡིད་འཇོག་ཆེན་པོ་བྱེད་མཁན་ཞིག་ཡིན།སློབ་ལོ་ལོན་རྗེས་ཐོག་མར་འབྲི་རུ་རྫོང་བུ་བཅོལ་ཁང་དང་པོར་སློབ་བཞུགས་བྱས་པ་དང་༢༠༡༩ལོར་འབྲི་རུ་རྫོང་སློབ་ཆུང་གཉིས་པའི་ལོ་རིམ་དང་པོའི་འཛིན་གྲྭ་བཞི་པར་སློབ་བཞུགས་བྱས་ནས་ད་ལྟ་ལོ་རིམ་དྲུག་པར་སླེབས་ཡོད།སློབ་བཞུགས་རིང་ཁོ་པ་ཡིག་གཟུགས་ལ་དགའ་ཞེན་ཆེ་བ་མ་ཟད་ཁོ་པའི་བོད་ཡིག་རྒན་བསྟན་འཛིན་གྱི་མདུན་ནས་ཐོག་མར་ཚུགས་རིང་དང་ཚུགས་ཐུང་སོགས་ལ་སྦྱངས་པ་བྱས་པ་དང་དེ་བས་སློབ་གྲྭའི་ཡིག་གཟུགས་འཛིན་གྲྭར་བཞུགས་ཡོད་ལ་སློབ་ཞོར་དུ་ལྗོངས་ཡིག་གཟུགས་མཐུན་ཚོགས་ཀྱི་མཁས་དབང་གཅུང་བསླབ་གསུམ་དང་རྫོང་སློབ་ཆུང་གཉིས་པའི་རྒན་བསོད་ནམས་དོན་ལྡན་སོགས་ཀྱི་སྐུ་མདུན་ནས་ཡིག་གཟུགས་ལ་སྦྱངས་མི་དམན་པ་བྱས་པའི་གྲུབ་འབྲས་ཀྱང་ཕྲན་བུ་རེ་ཐོབ་མྱོང་བ་སྟེ།   ༢༠༢༠ལོའི་ཟླ་༡༡པའི་ནང་རྫོང་ཡོངས་ཀྱི་བོད་རྒྱ་ཡིག་གཟུགས་འགྲན་བསྡུར་ཁྲོད་དགེ་སློབ་ཡོངས་ཀྱི་ཁྲོད་ནས་ཚུགས་རིང་གི་བྱ་དགའ་རིམ་པ་དང་པོ་ཐོབ་མྱོང་བ་དང་།༢༠༢༡ལོའི་ཟླ་༥པའི་ནང་རང་སློབ་གྲྭའི་གཡག་གུ་སྒྱུ་རྩལ་གླིང་མཛེས་རིག་སློབ་གསོའི་བོད་ཡིག་ཡིག་གཟུགས་ཀྱི་སྦྱོང་བརྡར་ཁྲོད་གྲུབ་འབྲས་ཚད་ལྡན་གྱི་གཟེངས་རྟགས་དཔང་ཡིག་ཐོབ།
    ལོ་དེ་གའི་ནང་རྫོང་ཡོངས་ཀྱི་བོད་ཡིག་ཡིག་གཟུགས་དུས་ཆེན་ལ་བསུ་བ་ཞུ་བའི་དགེ་སློབ་ཡོངས་ཀྱི་ཁྲོད་ནས་བྱ་དགའ་རིམ་པ་དང་པོ་ཐོབ།   ༢༠༢༤ལོའི་ཟླ་༢པའི་ནང་ཤག་ཆུ་གྲོང་རྡར་གྲོང་ཚོ་དྲུག་པའི་མི་རིགས་མཐུན་སྒྲིལ་སྐོར་གྱི་རྫོང་ཡོངས་ཀྱི་བོད་རྒྱ་ཡིག་གཟུགས་དང་རི་མོའི་འགྲན་བསྡུར་སྐབས་བཞི་པའི་ཁྲོད་བོད་ཡིག་ཡིག་གཟུགས་ཨང་དང་པོ་ཐོབ།༢༠༢༤ལོའི་ཟླ་༤པའི་ ནང་ནག་ཆུ་གྲོང་ཁྱེར་སློབ་གསོ་ལུས་རྩལ་ཅུད་སློབ་ཆུང་བོད་སྐད་ཡིག་རྐང་འཛིན་ལས་ཤག་ཁང་གིས་གཉེར་གནང་བའི་གྲོང་ཁྱེར་རིམ་པའི་༼བྱང་ཐང་སློབ་གསོ་བུམ་པའི་༽སློབ་ཆུང་དགེ་སློབ་བོད་ཡིག་ཡིག་གཟུགས་༼ཚུགས་རིང་༽འགྲན་བསྡུར་སྐབས་སློབ་མའི་ཙུའུ་ནང་བྱ་དགའ་ཨང་དང་པོ་ཐོབ། བསྟུད་མར་རང་སློབ་གྲྭའི་ཡིག་གཟུགས་འགྲན་བསྡུར་ཆེ་འབྲིང་ཆུང་གསུམ་གྱི་ཁྲོད་དུ་བྱ་དགའ་མི་ཉུང་བ་ཞིག་ཐོབ་མྱོང་བ་མ་ཟད།ཁོ་པར་རང་འཛིན་གྲྭའི་སློབ་མ་ཡོངས་ཀྱི་ཁྲོད་ནས་བོད་ཡིག་ཡིག་གཟུགས་མཁས་པ་ཆུང་ཆུང་ཞེས་པའི་མཚན་སྙན་ཐོབ་པ་མ་ཟད་རང་སློབ་གྲྭའི་སློབ་མ་ཡོངས་ཀྱི་ཁྲོད་དུ་མིང་གྲགས་ཅུང་ཟད་ཡོད་པའི་ཡིག་མཁན་ཆུང་ཆུང་ཞིག་ཏུ་གྱུར་ཡོད་པ་བཅས་ཁོ་པར་སློབ་སྦྱོང་བརྒྱུད་རིམ་ཁྲོད་དུ་རིག་ཚན་སོ་སོར་ཡང་བྱ་དགའ་ཤིན་ཏུ་མང་པོ་ཐོབ་མྱོང་།མདོར་ན། ཁོ་པ་རང་གི་སྐྱེ་སྟོབས་ཀྱི་ཤེས་རབ་བཟང་བ་མ་ཟད་ཕ་མ་དང་དགེ་རྒན་སོགས་ཀྱི་རེ་བར་ཡང་ཕྱིན་ཆད་ཡིག་གཟུགས་དང་རང་མི་རིགས་ཀྱི་རིག་གཞུང་ཐད་ལ་ཕན་ཐོགས་ཡོད་པའི་མི་སྣ་ཞིག་དང་དེ་བས་མུ་མཐུད་ཡིག་གཟུགས་ཐད་ལ་སྦྱངས་པ་བྱས་ནས་རང་གི་ཕུགས་འདུན་མངོན་འགྱུར་ཡོང་བར་འབད་པ་བྱེད་དང་བྱེད་བཞིན་ཡོད།


旦增旺杰作品展1.jpg



旦增旺杰作品展3.jpg



旦增旺杰作品展4.jpg



旦增旺杰作品展5.jpg



旦增旺杰作品展6.jpg



旦增旺杰作品展7.jpg



旦增旺杰作品展8.jpg



旦增旺杰作品展11.jpg



旦增旺杰作品展10.jpg




旦增旺杰作品展9.jpg



旦增旺杰作品展2.jpg




སྤྱི་ཁྱབ་ལྟ་སྐུལ་བ།རྟ་མགྲིན་མགོན་པོ།

རྩོམ་སྒྲིག་པ།དཔལ་མགོན་ཚེ་རིང་།

ཞུ་དག་པ། བཀྲ་ཤིས་དོན་གྲུབ།

སྒྲིག་སྦྱོར་བ།མགོན་པོ་དོན་གྲུབ།






阅读965
分享
写下您的评论吧