ཀན་ལྷོ་ཁུལ་དུ་ཡིག་གཟུགས་སྤྱི་ཕན་བྱེད་སྒོ་སྤེལ་བ།
ཟླ་1ཚེས་15ཉིན་ནས་བཟུང་ཀན་ལྷོའི་རྫོང་མཁར་སོ་སོ་ནས་གཙོ་འཛིན་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་རྒྱུན་འཁྱོངས་དང་། ཏང་གི་ཚོགས་ཆེན་ཉི་ཤུ་བའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་སོ་སོའི་དགོངས་དོན་ཕྱོགས་ཡོངས་ནས་ལག་ལེན་མཐར་ཕྱིན་བྱེད་པ་མ་ཟད། ཀྲུང་ཧྭ་མི་རིགས་ཐུན་མོང་གཞི་གཅིག་གི་ལྟ་བ་གཙིགས་འཛིན་བྱས་ནས་ཁོང་གི་རིག་གནས་ཀྱི་བསམ་བློའི་མཛུབ་སྟོན་འོག་མི་རིགས་མཐུན་སྒྲིལ་དང་ཁོར་ཡུག་སྲུང་སྐྱོབ་སོགས་བརྗོད་དོན་དུ་བཟུང་ནས་དཔྱིད་གསར་དུས་ཆེན་ལ་བཀྲ་ཤིས་སྨོན་འདུན་མཚོན་པའི་"ལོ་གསར་བསུ་མའི་བོད་ཡིག་ཡིག་གཟུགས་ཀྱི་ཤིས་ཚིག་སྦྱིན་པའི་སྤྱི་ཕན་བྱེད་སྒོ་རྒྱ་ཆེར་སྤེལ།
གནས་ཚུལ་འབྱོར་བ་ལྟར་ན་། རྫོང་སོ་སོས་བོད་རྒྱ་ཡིག་གཟུགས་ཀྱི་ལམ་ནས་ལོ་སར་བསུ་མའི་ཤིས་ཚིག་དང་དཔྱིད་གསར་དུས་ཆེན་ལ་ཕུལ་བའི་སྒོ་དར། ཆ་ཡིག་སོགས་ཡུལ་དངོས་ནས་གསར་རྩོམ་གནང་སྟེ་རྒྱ་ཆེའི་རོང་འབྲོག་མང་ཚོགས་དང་ལས་བྱེད་པ་རྣམས་ལ་རིན་མེད་དུ་ཕུལ།
ད་ལོའི་བྱེད་སྒོའི་ཁྲོད་ཁྱོན་སྡོམ་བརྩམས་ཆོས་ཆིག་སྟོང་ལྷག་ཙམ་མང་ཚོགས་ལ་གནང་སྦྱིན་བྱས་ནས་ཡུལ་དེའི་རིག་གནས་འཚོ་བའི་ནང་དོན་ཕུན་སུམ་ཇེ་ཚོགས་སུ་བཏང་། ལྷག་པར་དུ་རྫོང་སོ་སོས་གཅིག་རྗེས་གཉིས་མཐུད་དུ་སྤེལ་བའི་བྱེད་སྒོ་འདིས་ཀྲུང་ཧྭ་སྲོལ་རྒྱུན་རིག་གནས་དར་སྤེལ་དང་། མ་འོངས་འཚོ་བའི་ལམ་ཆེན་ཁྲོད་མི་རྣམས་དཀའ་སྤྱད་འབད་བརྩོན། མཐུན་སྒྲིལ་ཡར་ཐོན་གྱི་ཕྱོགས་སུ་རང་ནུས་ཅི་ལྕོགས་ཀྱིས་འཚོལ་སྙེགས་བྱས་ནས་མེས་རྒྱལ་དར་རྒྱས་དང་། རྒྱལ་ཁབ་སྟོབས་ལྡན་ཅན་གྱི་འཛུགས་སྐྲུན་ལ་ལེགས་སྐྱེས་དང་བྱས་རྗེས་འཇོག་པའི་སྙིང་སྟོབས་སོགས་བརྒྱུད་བསྒྲགས་བྱས།
གཅིག ཀན་ལྷོ་ཁུལ་ཡིག་མཁན་མཐུན་ཚོགས་དང་གཙོས་གྲོང་ཡིག་མཁན་མཐུན་ཚོགས་ཀྱིས་བྱེད་སྒོ་མཉམ་སྒྲུབ་བྱས་པའི་གནས་ཚུལ།
གཙོས་གྲོང་ཁྱེར་མི་དམངས་སྲིད་གཞུང་གི་ཧྲི་ཀྲང་མཚོ་བྷེ་ལགས་ཡུལ་དངོས་སུ་ཕེབས་ཏེ་ཡིག་གཟུགས་བྱེད་སྒོ་ལ་རྒྱུས་ལོན་དང་མཉམ་པར་བརྒྱབས།
གཉིས། ཐེ་བོ་རྫོང་ནས་སྤེལ་བའི་གནས་ཚུལ།
གསུམ། རྨ་ཆུ་རྫོང་ནས་སྤེལ་བའི་གནས་ཚུལ།
བཞི། ཀླུ་ཆུ་རྫོང་ནས་སྤེལ་བའི་གནས་ཚུལ།
ཚེས20ཉིན་ཀན་སུའུ་ཞིང་ཆེན་ཀན་ལྷོ་ཁུལ་ཀླུ་ཆུ་རྫོང་མཛེས་རྩལ་དང་ཡིག་མཁན་མཐུན་ཚོགས་ཀྱིས་ལོ་སར་ཤིས་ཚིག་སྦྱིན་པའི་བྱེད་སྒོ་སྤེལ།
རྫོང་དེའི་རིམ་ཁག་བཞིའི་མགོ་ཁྲིད་དང་རྫོང་ཨུའི་ཨུ་ཡོན་ཡོངས་ཡུལ་དངོས་སུ་ཕེབས་ནས་བྱ་འགུལ་ལ་རྒྱུས་ལོན་དང་ཡིག་མཁན་ཚོར་འཚམ་འདྲི་གནང་བ།
དྲུག ཅོ་ནེ་རྫོང་ནས་སྤེལ་བའི་གནས་ཚུལ།
༢༢ཉིན་ཅོ་ནེ་རྫོང་བོད་ཀྱི་ཡིག་མཁན་མཐུན་ཚོགས་ཀྱིས་ཅོ་ནེ་གསོལ་མགྲོན་ཁང་ཆེན་མོའི་ཐང་ཆེན་དུ་ལོ་སར་ལ་ཤིས་ཚིག་སྦྱིན་པའི་བྱེད་སྒོ་སྤེལ་བ།
སྤྱི་ཁྱབ་ལྟ་སྐུལ་བ།རྟ་མགྲིན་མགོན་པོ།
རྩོམ་སྒྲིག་པ།སྐལ་བཟང་དོན་གྲུབ།
ཐེ་བོ་རིན་ཆེན།རུ་བ་ཆོས་སྐྱོང་སྐྱབས།
དཔལ་མགོན་ཚེ་རིང་།ཁྱ་དགེ་ལྷ་གོ
ཞུ་དག་པ། བཀྲ་ཤིས་དོན་གྲུབ།