ལོ་སར་ཤིས་ཚིག་སྦྱིན་པའི་བྱེད་སྒོ་ལོ་རེ་བཞིན་རྒྱ་ཆེར་སྤེལ་བ།
2025ལོའི་ཟླ1ཚེས20ཉིན་ཀན་སུའུ་ཞིང་ཆེན་ཀན་ལྷོ་ཁུལ་ཀླུ་ཆུ་རྫོང་མཛེས་རྩལ་དང་ཡིག་མཁན་མཐུན་ཚོགས་ཀྱིས་ལོ་སར་ཤིས་ཚིག་སྦྱིན་པའི་བྱེད་སྒོ་སྤེལ།
བྱེད་སྒོའི་སྐབས། རྫོང་ཨུའི་ཧྲུའུ་ཅི་ཝོའུ་ཡེའུ་དང་རྫོང་ཨུའི་ཧྲུའུ་ཅི་གཞོན་པའམ་རྫོང་དཔོན་རྟ་མགྲིན་དབང་རྒྱལ། རྫོང་དམངས་ཆེན་རྒྱུན་ཨུ་ཁང་གི་ཀྲུའུ་རེན་པད་མ་སྐྱབས། རྫོང་སྲིད་གྲོས་རྒྱུན་ཨུ་ཁང་གི་ཀྲུའུ་ཞི་ཧང་བན་རྨེན་བཅས་ཀྱི་སྣེ་ཁྲིད་འོག རྫོང་ཨུའི་རྒྱུན་ཨུ་ཚང་མ་ལོ་སར་ཉོ་ཚོང་གི་ཁྲོམ་ཆེན་ལ་གཟིགས་ཞིབ་ཏུ་ཕེབས་པ་མ་ཟད། ཡིག་མཁན་རྣམས་ལ་འཚམ་འདྲི་བྱས།
རྫོང་ཨུའི་ཧྲུའུ་ཅི་ཝོའུ་ཡེའུ་ནས་བསྟན་དོན། ཡིག་གཟུགས་ནི་ཀྲུང་ཧྭ་མི་རིགས་ཀྱི་སྲོལ་རྒྱུན་རིག་གནས་ཀྱི་གལ་ཆེན་ཞིག་ཡིན་པས། ཡིག་མཁན་ཚོས་རང་རྫོང་གི་སྲིད་འབྱོར་རིག་གསུམ་དར་རྒྱས་ཀྱི་བྱ་གཞག་སོ་སོའི་ཁྲོད་གོང་འོག་མཐུན་སྦྱོར་དང་། བསམ་བློ་བརྒྱུད་སྒྲོག སྔོན་ཐོན་རྒྱུན་འཛིན་དང་དར་སྤེལ་བཅས་ཀྱི་སྒོ་ནས་མང་ཚོགས་ཀྱི་ཁྲོད་དུ་ཟབ་ཞུགས་བྱ་དགོས་པའི་བླང་བྱ་བསྟན།
ཡིག་གཟུགས་པ་བཀྲ་ཤིས་དོན་གྲུབ་ལ་ཡུལ་དངོས་བཅར་འདྲི་བྱས་པའི་བརྙན་ཐུང་།
ཆོས་འཁོར་བསྟན་འཛིན་རྒྱ་མཚོ་ལགས་ཀྱིས་མང་ཚོགས་ལ་ཤིས་ཚིག་འབྲི་བཞིན་པ།
སྔ་དྲོའི་དུས་ཀྱི་ཆར་ཡིག་མཁན་ཚོས་སྔ་མོ་ནས་གྲ་སྒྲིག་བྱས་པའི་ཤིས་ཚིག་དང་ཡུལ་དངོས་ནས་བྲིས་པའི་ཤིས་ཚིག་གི་བརྩམས་ཆོས་200ལྷག་གནང་སྦྱིན་བྱས་ནས་མང་ཚོགས་ཀྱི་རིག་གནས་འཚོ་བའི་དགོས་མཁོ་བསྐངས།
སྤྱི་ཁྱབ་ལྟ་སྐུལ་བ།རྟ་མགྲིན་མགོན་པོ།
རྩོམ་སྒྲིག་པ།དཔལ་མགོན་ཚེ་རིང་།
བརྙན་ལེན་པ།ཀུན་འདུས་སྨྱན་སྦྱོར།
ཞུ་དག་པ། བཀྲ་ཤིས་དོན་གྲུབ།
སྒྲིག་སྦྱོར་བ།མགོན་པོ་དོན་གྲུབ།