པཎ་ཆེན་ཚུགས་རིང་གི་ཀ་དཔེ།
པཎ་ཆེན་ཚུགས་རིང་ནི་གཙང་བྲིས་ཚུགས་ཆེན་ལ་འགྱུར་བ་ཅུང་ཟད་བཏང་ནས་གསར་དུ་བཏོད་པའི་བྲིས་ལུགས་གསར་བ་ཞིག་ཡིན་ལ།ཡིག་གཟུགས་འདིར་ཚུགས་ཆེན་གྱི་ཚད་གཞི་དང་གཏན་འབེབས་སམ་ཆ་ཚད་མཐའ་དག་ཡོངས་སུ་ཚང་བར་མ་ཟད། དེ་ལ་ཐུན་མིན་གྱི་ཁྱད་ཆོས་བརྗིད་ལ་ནོན་ཆེ་བ་དང་། སྒམ་བརླིང་རང་ཚུགས་ཐུབ་པ།རྒྱན་དུ་ཤོམ་ལ་དབང་དྲག་གི་ཟིལ་ཤུགས་ཅུང་ཟད་དང་བཅས་པའི་ཉམས་དང་ལྡན་པ་ལ་སོགས་ཡོད་ཅིང་།དེ་དང་ཆབས་ཅིག་བྱིན་ཆགས་པ་མཛེས་དཔྱོད་ཀྱི་རིན་ཐང་གིས་ཕྱུག་པ། ལག་ལེན་དུ་འཁྱེར་བདེ་བས་གོ་ཆོད་པ།སྒྲོས་གཙང་ཞིང་གསལ་བས་ངོས་ཟིན་སླ་བ་སོགས་ཀྱང་རང་ཆས་སུ་ཡོད་པས། ཡིག་གཟུགས་ཀྱི་རིག་པའི་གནས་ལ་དགའ་མོས་དང་སློབ་གཉེར་ཡོད་མཁན་དག་ལྟ་ཅི་སྨོས།བོད་ཡིག་གི་ཀློག་པ་པོ་སྤྱིར་བཏང་བ་དང་ཡིག་རིགས་གཞན་པའི་ཡི་གེ་པའམ་ཡང་ན་སྒྱུ་རྩལ་མཁས་ཅན་སོགས་ཀྱིས་ཀྱང་འདི་ལ་མཐོང་བཟོ་དང་རྩིས་ཆེན་གནང་གིན་ཡོད་པ་ཀུན་གྱིས་མཁྱེན་གསལ་ལྟར་རོ།།
ཀ་དཔེ་ཕབ་ལེན་བྱེད་འདོད་མཁན་ཚོས་འོག་གི་པར་རིས་བཞིན་བྱའོ།།
དྲ་བའི་ཕབ་ལེན་ལེ་ཚན་གྱི་མ་ཕྱིའི་འདེམ་ཐོ་ཡི་གསུམ་པ་༼ ༣པཎ་ཆེན་ཚུགས་རིང་མ་ཕྱི་ ༽ཡི་ཡི་གེ་ལ་མནན་ན་ཕབ་ཐུབ།
སྤྱི་ཁྱབ་ལྟ་སྐུལ་བ།རྟ་མགྲིན་མགོན་པོ།
རྩོམ་སྒྲིག་པ།དཔལ་མགོན་ཚེ་རིང་།
ཞུ་དག་པ། བཀྲ་ཤིས་དོན་གྲུབ།
སྒྲིག་སྦྱོར་བ།མགོན་པོ་དོན་གྲུབ།